གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝང་ཅུན་ཀྲེང་གིས་ཕུའུ་ཅན་གྱི་ཧྲེང་ཀྲང་གཞོན་པ་དང་བཞུགས་མོལ་གནང་བ།

སྤེལ་དུས་: 2021ལོ་10ཟླ་31ཚེས་ 12:28 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཚེས ༢༨ ཉིན་གྱི་དགོང་མོ། ལྷ་སར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཧྥུའུ་ཅན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཀྲེང་ཅན་མིན་བཅས་པ་དང་བཞུགས་མོལ་གནང་བ་རེད།

ཝང་ཅུན་ཀྲེང་གིས་ལྷ་སར་ཕུའུ་ཅན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཀྲེང་ཅན་མིན་དང་བཞུགས་མོལ་གནང་བཞིན་པ།

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲེང་ཅན་མིན་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཕུའུ་ཅན་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་བཞིན་ཡོད་པས། འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་།  གདེང་ཚོད་བཞི་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

ཝང་ཅུན་ཀྲེང་གིས་ལྷ་སར་ཕུའུ་ཅན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཀྲེང་ཅན་མིན་དང་བཞུགས་མོལ་གནང་བཞིན་པ།

ཝང་ཅུན་ཀྲེང་གིས། དུས་ཡུན་རིང་པོའི་ནང་ཧྥུའུ་ཅན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་སྤྱི་འདོམས་བཀོད་སྒྲིག་དང་སྐུལ་འདེད་ཏན་ཏིག་བཏང་བ་མ་ཟད། ཉིང་ཁྲི་དང་ཆབ་མདོ་གང་ལའང་རོགས་སྐྱོར་བྱས་རུང་། དཀའ་ཚེགས་ཆེ་ལ་ཞིབ་ཚགས་པའི་ལས་དོན་འབོར་ཆེན་བསྒྲུབས་པས། དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ཧྥུའུ་ཅན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་སྔར་རྒྱུན་བཞིན་བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། ཉམས་མྱོང་བཟང་པོ་སྔར་བས་ཕྱོགས་སྡོམ་བྱེད་པ། བོད་སྐྱོར་འདུ་ཤེས་འཛིན་སྟངས་དང་སྒྲིག་སྲོལ་ལམ་སྲོལ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ། ཕྱོགས་གཉིས་དབར་ཕན་ཚུན་མཉམ་འགུལ་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཧྥུའུ་ཅན་དང་བོད་ཀྱི་རོགས་ལས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཀྲེང་ཅན་མིན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཧྥུའུ་ཅན་དུ་ཞུགས་རིང་བོད་དུ་ཕེབས་ནས་བོད་སྐྱོར་ལས་དོན་ཁག་ལ་སྐུལ་འདེད་གཏོང་རྒྱུར་སྐུ་ངོ་མས་ཇུས་འགོད་གནང་ཡོད། ཧྥུའུ་ཅན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་གལ་ཆེན་བློ་ལ་བརྟན་པོར་ངེས་ནས། བོད་སྐྱོར་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དང་དམངས་འཚོའི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད། སླད་ཕྱིན། སྔར་རྒྱུན་བཞིན་བོད་ཀྱི་མི་དམངས་གཉེན་ཉེར་བརྩིས་ནས་བོད་ཀྱི་འཕེལ་རྒྱས་དེ་རང་ཉིད་ཀྱི་འགན་འཁྲིར་བརྩི་བ་དང་། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ལྷག་བསམ་རྣམ་དག་སྒོ་ནས་ཞབས་འདེགས་ཞུ་བ། བོད་སྐྱོར་དམངས་འཚོའི་རྣམ་གྲངས་ཁག་གཅིག་འཆར་འགོད་ལག་བསྟར་ནན་ཏན་བཅས་བྱས་ཏེ། ཐོན་ལས་མཉམ་ལས་དང་གྲོང་གསེབ་དར་རྒྱས་སོགས་ཁྱབ་ཁོངས་སུ་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན། ཧྥུའུ་ཅན་གྱིས་རང་ངོས་ལེགས་ཆར་གཞི་ཚུགས་པ་དང་དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བཅས་ཐད་འབད་བརྩོན་བྱས་ནས་ལས་དོན་ཁག་ཚང་མ་ལེགས་སྒྲུབ་ཡག་པོ་ཡོང་བའི་བརྩོན་ལེན་བྱ་རྒྱུ་ཡིན། ཀྲེང་ཅན་མིན་གྱིས་བོད་ཀྱི་རིམ་ཁག་ལས་བྱེད་པ་ཧྥུའུ་ཅན་དུ་རྟོག་ཞིབ་ལ་ཡོང་ནས་ཧྥུའུ་ཅན་དང་བོད་དབར་གྱི་རོགས་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཧྥུའུ་ཅན་དང་བོད་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་གྲོས་ཚོཊ་འདིའི་ཐོག་མཛུབ་སྟོན་གལ་ཆེན་གནང་འདུག ​ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོཊ་འཚོགས་པ། ཝང་ཅུན་ཀྲེང་ལྷོ་ཁ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བར་ཕེབས་པ། ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ། ཝང་ཅུན་ཀྲེང་གིས་བྱ་དགའ་ཐོབ་མཁན་ལུས་རྩལ་པ་སོགས་དང་མཇལ་འཕྲད་གནང་བ།