ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་གོ་མཚོན་སྒྲིག་ཆས་ལས་དོན་གྲོས་ཚོགས་ཐོག དྲག་ཆས་གོ་མཚོན་སྒྲིག་ཆས་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཁྱོན་ཡོངས་ནས་གཏོད་དེ་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་སྟོན་གནང་བ།
སྤྱི་ཟླ ༡༠ ཚེས ༢༥ ཉིན་ནས ༢༦ ཉིན་བར། དམག་ཡོངས་ཀྱི་གོ་མཚོན་སྒྲིག་ཆས་ལས་དོན་གྲོས་ཚོགས་དེ་པེ་ཅིང་དུ་སྐོང་འཚོགས་བྱས་པ་རེད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ་དང་། ཚོགས་ཞུགས་འཐུས་མི་དང་དྲག་ཆས་གོ་མཚོན་སྒྲིག་ཆས་འཐབ་ཕྱོགས་ཀྱི་བློ་མཐུན་ཡོངས་ལ་ལྷག་བསམ་དག་པའི་འཚམས་འདྲི་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་སྟོབས་ཆེའི་འགོ་ཁྲིད་འོག་དང་། དམག་དཔུང་དང་ས་གནས་ཀྱི་འབྲེལ་ཡོད་ཕྱོགས་ནས་མཉམ་དུ་འབད་བརྩོན་བྱས་པའི་འོག རང་དམག་གི་དྲག་ཆས་གོ་མཚོན་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་མཆོངས་བརྒལ་ལྟ་བུའི་གོང་འཕེལ་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ནུས་པ་དང་ལྷག་དོན་དུ་དམག་དོན་སྟོབས་ཤུགས་ཆེ་རུ་གཏོང་རྒྱུར་སྲ་ཞིང་བརྟན་པའི་དངོས་པོའི་ལག་རྩལ་འདེགས་སྐྱོར་བྱས་ཡོད། བློ་མཐུན་ཚོས་དུས་རབས་གསར་པའི་ཏང་གི་སྟོབས་ཆེའི་དམག་དཔུང་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་ལས་འགན་དོན་འཁྱོལ་བྱེད་རྒྱུར་དུས་ཚོད་དམ་འཛིན་གྱི་སྐུལ་འདེད་གཏོང་བ། དྲག་ཆས་གོ་མཚོན་སྒྲིག་ཆས་དེང་རབས་ཅན་ལ་འགྱུར་བའི་དོ་དམ་མ་ལག་དུས་ཚོད་དམ་འཛིན་ངང་བཙུགས་ནས་དྲག་ཆས་གོ་མཚོན་སྒྲིག་ཆས་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཁྱོན་ཡོངས་ནས་བཏོད་པ་བཅས་བྱས་ཐོག དམག་དཔུང་བཙུགས་ནས་ལོ་ངོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། ཁོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཛུབ་སྟོན་གལ་ཆེན་དང་བཀོད་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དྲག་ཆས་གོ་མཚོན་སྒྲིག་ཆས་འཛུགས་སྐྲུན་གྱི་ལོ་རྒྱུས་གནས་བབ་ལ་དམ་འཛིན་བྱེད་པ། དྲག་ཆས་གོ་མཚོན་སྒྲིག་ཆས་འཛུགས་སྐྲུན་གྱི་གོང་འཕེལ་གནས་སྟངས་གསར་པ་གང་མགྱོགས་འཛུགས་པ། དྲག་ཆས་གོ་མཚོན་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོར་འདུ་འགྲིལ་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དགོས་མཁོའི་ཐོག་གཅིག་བསྡུས་བྱེད་པ། དོན་དངོས་ཀྱི་དམག་དོན་འཐབ་རྩོད་ལ་གཞིགས་པ། ཚན་རྩལ་རང་སྟོབས་རང་འཕེལ་འབུར་དུ་ཐོན་པ། དཔུང་སྡེའི་དམག་འཐབ་ནུས་པ་ཆགས་རྒྱུར་གཞིགས་པ། འཛམ་གླིང་གི་ཆུ་ཚད་རྩེ་གྲའི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་རྒྱུར་དམིགས་པ། ནུས་ཤུགས་ཡོད་རྒུས་དྲག་ཆས་གོ་མཚོན་སྒྲིག་ཆས་དེང་རབས་ཅན་དུ་འགྱུར་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། འགོ་འཛུགས་ས་གསར་པའི་ཐོག་རང་རེའི་དམག་གི་དྲག་ཆས་གོ་མཚོན་སྒྲིག་ཆས་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཡོད་པ་རེད།
གྲོས་ཚོགས་ཐོགལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་གི་དྲག་ཆས་གོ་མཚོན་སྒྲིག་ཆ་ས་འཛུགས་སྐྲུན་གནས་ཚུལ་ཕྱོགས་བསྡོམས་གནང་བ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་གི་དྲག་ཆས་གོ་མཚོན་སྒྲིག་ཆས་འཛུགས་སྐྲུན་ལས་འགན་ཐད་བཀོད་སྒྲིག་གནང་བ་མ་ཟད། གོ་མཚོན་སྒྲིག་ཆས་དེང་རབས་ཅན་དུ་འགྱུར་བའི་དོ་དམ་མ་ལག་འཛུགས་པའི་ཐད་ཞིབ་འཇུག་གྲོས་བསྡུར་གནང་ཡོད་པ་རེད།
དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ་དང་། དམག་ཡོངས་ཀྱི་ཚན་པ་ཆེ་གྲས་ཀྱི་འབྲེལ་ཡོད་དབུ་ཁྲིད། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ། ཀྲུང་གོ་ཚན་རིག་ཁང་། དམག་དོན་བཟོ་ལས་ཚོགས་པ་ཀུང་སི་སོགས་ཀྱི་འགོ་ཁྲིད་གྲོས་ཚོགས་ལ་ཞུགས་ཡོད་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་རགས་བཤད་ཅེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ། ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུའི་ཐོག་གལ་ཆེའི་གསུང་བཤད་གནང་བ། ཏང་ཡོན་ལས་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་དགོས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུའུ་ལི་ལུན་ཀྲུང་གོའི་གོ་མིན་ཏང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་གནང་བ།