གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

རྒྱལ་ཡོངས་སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་༡༤པས་བོད་རང་སྐྱོང་ལྗོངས་ལ་ལྟ་སྐུལ་མཛུབ་ཁྲིད་ཀྱི་བསམ་འཆར་བརྡ་ལན་སྤྲད་པ།

སྤེལ་དུས་: 2021ལོ་11ཟླ་17ཚེས་ 16:11 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས ༡༦ ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་བཞི་པས། བོད་རང་སྐྱོང་ལྗོངས་ལ་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ཁག་གཉིས་པའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་བསམ་འཆར་བརྡ་ལན་སྤྲད་པ་རེད། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་བཞི་པའི་ཙུའུ་ཀྲང་ལི་ཅ་ཚོགས་འདུར་ཞུགས་པ་མ་ཟད་ལྟ་སྐུལ་མཛུབ་ཁྲིད་ཀྱི་བསམ་འཆར་བརྡ་ལན་སྤྲད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་མ་ཟད། རྣམ་འགྱུར་སྟོན་པའི་གཏམ་བཤད་གནང་བ་རེད། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་བཞི་པའི་ཙུའུ་ཀྲང་གཞོན་པ་སུན་རུའེ་པེའོ་ཚོགས་འདུར་ཞུགས་ཡོད་པ་རེད།

图片

ལི་ཅ་ཡིས་ཚོགས་འདུའི་ཐོག་གསུང་བཤད་གནང་བཞིན་པ།

ལི་ཅ་ཡིས་བརྡ་ལན་གནང་སྐབས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ཁག་གཉིས་པ་སྤེལ་ཚུན། བོད་རང་སྐྱོང་ལྗོངས་སློབ་གསོ་དག་ཐེར་འགོ་ཁྲིད་ཚོགས་ཆུང་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་པའི་སྒོ་ནས་ལྷུ་ཚིགས་ཁག་གི་ལས་དོན་ལ་སྐུལ་འདེད་བཏང་བ་དང་། སློབ་སྦྱོང་སློབ་གསོ་དོན་འཁྱོལ་མཐའ་འཁྱོངས་དང་། རང་བཤེར་རང་བཅོས་ཏན་ཏིག་ནུས་ལྡན། གྱོད་གཞི་ཞིབ་གཅོད་གནད་སྨིན་སྤུས་ལེགས། བཅོས་སྒྲིག་བྱེད་དཀའ་བའི་གནད་དོན་བཅོས་སྒྲིག་ནུས་ལྡན། མང་ཚོགས་ལ་ཞབས་འདེགས་དངོས་ཞུ་བ་བཅས་བྱས་ཡོད་པས། སློབ་གསོ་བཅོས་སྒྲིག་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། ལྟ་སྐུལ་མཛུབ་ཁྲིད་ཀྱི་གནས་ཚུལ་ལ་བལྟས་ཚེ། བོད་ཀྱི་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ལྔའི་ཐད་ཀྱི་གནད་དོན་ཡོད་པ་སྟེ། གཅིག་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ལ་ཧེ་བག་ཡོད་པ་དང་། གཉིས་ནས་ཁྲིམས་ལྟར་བོད་སྐྱོང་ལ་རང་འགུལ་ངང་ཞབས་འདེགས་ཞུ་བའི་སྤྱི་ཡོངས་ཀྱི་བསམ་གཞིག་ཇུས་འགོད་གཏིང་ཟབ་པོ་མེད་པ། གསུམ་ནས་ཉེན་རྟོག་པ་ནན་པོས་སྐྱོང་བ་དང་ཉེན་རྟོག་པར་ལྟ་སྟངས་ཡག་པོ་འཛིན་པ་མཐའ་འཁྱོངས་གནད་ལ་མ་འཁེལ་བ། བཞི་ནས་སྲིད་ཁྲིམས་ཚན་པ་ཁག་གི་འབྲེལ་ཡོད་ཁོངས་གཏོགས་ལ་སྔར་བཞིན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ལྔ་ནས་ལམ་ལུགས་འཛུགས་སྐྱོང་གི་སྤུས་ཚད་ལེགས་པོ་མེད་པ་དང་། ལམ་ལུགས་ལག་བསྟར་བྱེད་ནུས་ཆེན་པོ་མེད་པ། ཁྲིམས་འཛིན་སྲིད་འཛིན་གྱི་ལྟ་སྐུལ་འཆུན་འདོམས་ཀྱི་མ་ལག་འཐུས་སྒོ་ཚང་པོ་མེད་པ་བཅས་རེད་ཅེས་གསུངས་པ་རེད།

图片

ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་འབྲེལ་གསུང་བཤད་གནང་བཞིན་པ།

ཝང་ཅུན་ཀྲེང་གིས་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་བཞི་པའི་བརྡ་ལན་བསམ་འཆར་གྱིས་བོད་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ཁག་གཉིས་པའི་གྲུབ་འབྲས་ལ་ཁས་ལེན་བྱས་པ་དང་། བཏོན་པའི་གནད་དོན་རྣམས་དབྱེ་ཞིབ་གནད་སྨིན་དང་གནད་ལ་འཁེལ་བ་ཞིག་ཡོད་པ། བཏོན་པའི་གྲོས་འགོ་གནད་ལ་འཁེལ་ལ་ཕྱི་རོལ་ཡུལ་དང་མཐུན་ཞིང་བོད་ཀྱི་དོན་དངོས་དང་རྦད་དེ་མཐུན་པས་ང་ཚོས་ལྷག་བསམ་རྣམ་དག་གི་སྒོ་ནས་དང་ལེན་དང་ཚད་གཞི་ལྟར་ཚང་མ་རྩིས་བླངས་ཏེ་དག་ཐེར་དོན་འཁྱོལ་ལ་མཐའ་གཅིག་ཏུ་དམ་འཛིན་ཡག་པོ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

ཝང་ཅུན་ཀྲེང་གིས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཡང་ཡང་བསྡུར་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་པོ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་གཅིག་ཏུ་ལག་བསྟར། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་བཞི་པའི་བླང་བྱ་དོན་འཁྱོལ་ནན་པོ་བཅས་བྱས་ཏེ། སྤུས་ཚད་ལེགས་པོས་བརྡ་ལན་གནད་དོན་གྱི་དག་ཐེར་ལས་འགན་ལེགས་སྒྲུབ་བྱེད་དགོས། སྲིད་ཁྲིམས་ལས་དོན་ལ་ཏང་གིས་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་བྱས་ཏེ། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་བཟོ་བ་དང་རུལ་རྒོལ་འགྱུར་འགོག་གི་བསམ་བློ་ཀུན་སྤྱོད་ཀྱི་མཐའ་ཚད་བརྟན་པོ་བཙུགས་ཏེ། མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་དང་། རྦད་དེ་སྤྱོད་གཙང་། རྦད་དེ་བློས་འགེལ་ཆོག་པ་བཅས་ཀྱི་སྲིད་ཁྲིམས་ཀྱི་དམག་ཧྲག་གཅིག་ཧུར་ཐག་གཏོད་དགོས། དག་ཐེར་དོན་འཁྱོལ་གྱི་ཆབ་སྲིད་ཀྱི་འགན་འཁྲི་དང་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས། གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་འཛིན་པ་དང་། ལས་ཀའི་བྱེད་ཐབས་ཞིབ་ཚགས་བཟོ་བ། འགན་འཁྲི་བདའ་འདེད་དང་ཕན་འབྲས་འདྲི་རྩད་ནན་པོ། ཞིབ་བཤེར་དང་། དག་ཐེར། བཅོས་སྐྱོང་། འཛུགས་སྐྱོང་བཅས་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ། ཞན་ཆ་སེལ་བ་དང་། སྟོང་ཆ་སྐོང་བ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། སློབ་གསོ་དག་ཐེར་ལ་ཡུན་རིང་བཅོས་སྒྲིག་དང་ཡུན་རིང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། ཕྱོགས་གཉིས་ཀར་དམ་འཛིན་དང་། ཕྱོགས་གཉིས་ཀར་སྐུལ་འདེད། ཕྱོགས་གཉིས་ཀ་མི་འཕྱུག་པ་བཅས་མཐའ་འཁྱོངས་བྱས་ཏེ། དག་ཐེར་གྱི་ཕན་འབྲས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་འཚོའི་དོན་དངོས་ཡག་པོ་སྒྲུབ་པ། ཕྱིར་མིག་ལྟ་རྒྱུར་སྒྲིག་འཛུགས་ཞིབ་ཚགས། ཉེན་རྟོག་པར་ལྟ་སྟངས་ཡག་པོ་འཛིན་པའི་ལས་དོན་ཡག་པོ་ཏན་ཏིག་བསྒྲུབ་པ། དཔེ་མཚོན་འདེམས་གཏོད་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ། ཚོད་སྐོར་ལ་ཕྱོགས་སྡོམ་ནན་པོ་བཅས་བྱས་ཏེ། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

སྐབས་༡༩པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་། ཝང་ཅུན་ཀྲེང་གིས་སྲིད་ཁྲིམས་འཐབ་ཕྱོགས་ལ་འདི་འདྲ་གསུངས། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས༼རྒྱ་ཆེའི༽ཚོཌ་འདུ་འཚོཌ་ནས་ཏང་གི་སྐབས༡༩པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས༦པའི་དགོངས་དོན་བརྒྱུད་བསྒྲཌ་དང་སློབ་སྦྱོང་གནང་། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གི་མིང་འདོཌ་གཟེངས་བསྟོད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཚོཌ་འདུའི་ཐོག་གཟེངས་བསྟོད་ཐོབ་པའི་འཐུས་མིར་མཇལ་འཕྲད་གནང་།