སྤྱི་ཚེས ༡༣ ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི༼རྒྱ་ཆེ༽ཚོགས་འདུ་གཙོ་སྐྱོང་གནང་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་རེད།
ཚོགས་ར།
ཚོགས་འདུའི་ཐོག་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དང་། ཏང་དང་མི་དམངས་ཀྱིས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་རྒྱལ་ཁའི་ངང་མངོན་འགྱུར་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་བཞིན་པའི་ལོ་རྒྱུས་ཀྱི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་ཡིན་པས། ཏང་ཡོངས་ཀྱིས་སྔར་བས་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་གསར་པ་ལེན་པར། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་ཡོད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་མཐའ་གཅིག་ཏུ་དྲག་ཆས་སྤྲས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཁྱོན་ཡོངས་ནས་བརྒྱུད་རིམ་ལྡན་པ་དང་མཐའ་གསལ་མཐིལ་རྟོགས་ཀྱི་སྒོ་ནས་སློབ་སྦྱོང་དང་གོ་བ་ལེན་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དུས་རབས་གསར་པའི་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ལ་འགྱུར་བར་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཕུགས་བསམ་དང་དད་སེམས་མཐའ་གཅིག་ཏུ་བརྟན་དུ་བཏང་སྟེ། གསར་བརྗེའི་ཕུགས་བསམ་ཀུན་ལས་ལྷག་པ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ལ་བློ་བརྟན་འགྱུར་མེད་ཀྱིས་དད་མོས་བྱེད་མཁན་དང་ལྷག་བསམ་རྣམ་དག་གིས་ལག་ལེན་བྱེད་མཁན་ཞིག་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱེད་ཤུགས་མཐའ་གཅིག་ཏུ་ཆེ་རུ་བཏང་སྟེ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་བ་བོད་ཀྱི་བྱ་གཞག་མཐའ་དག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། བོད་ཀྱི་ལས་དོན་དག་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་མཐའ་གཅིག་ཏུ་བརྟན་པོར་ངེས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཙག་ཙིག་རིམ་ཁག་སྡེ་ཚན་ཁག་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཏེ། མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་དམངས་འཚོའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མཐའ་གཅིག་ཏུ་འཛུགས་སྐྲུན་བྱས་ནས། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་སྟེ། རང་རྟོགས་ངང་བོད་ཀྱི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་དུ་བཅུག་ནས་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་བོད་ཀྱི་ལེགས་སྐྱེས་འབུལ་དགོས། བློ་བརྟན་འགྱུར་མེད་ཀྱིས་རང་ངོས་གསར་བརྗེར་མཐའ་གཅིག་ཏུ་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་དམ་འཛིན་ཏན་ཏིག་དང་གཞི་རིམ་གྱི་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། ཏང་རྩ་འཛུགས་ཀྱི་གོང་བུར་སྒྲིལ་ནུས་དང་། འབོད་སྐུལ་བྱེད་ནུས། དམག་འཐབ་བྱེད་ནུས་བཅས་ཆེ་རུ་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་བཏང་ནས། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་དགོས་པ་དང་། རིམ་ཁག་ཏང་ཨུད༼ཏང་ཙུའུ༽ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཏང་ཨུད་རྒྱུན་ལས་ཨུ་ལྷན་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་གི་ནང་དོན་གལ་ཆེན་ལ་བརྩིས་ནས། སློབ་སྦྱོང་དང་ཞིབ་འཇུག་ནན་ཏན་བྱས་ཏེ། སེམས་སུ་ཟུག་པ་དང་ཤེས་སྤྱོད་ཟུང་འཇུག་བྱེད་དགོས། རིམ་ཁག་སྡེ་ཚན་ཁག་དང་། ཚན་པ་ཁག རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་བཅས་ཀྱིས་ཇི་མ་ཇི་བཞིན་སློབ་སྦྱོང་དང་། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་། གནད་དོན་ལ་དམིགས་ནས་སློབ་སྦྱོང་བཅས་བྱས་ཏེ། གཏིང་ཟབ་ཏུ་གཏོང་བ་དང་། ནང་སེམས་སུ་ཟུག་པ། ཏན་ཏན་ཏིག་ཏིག་བཅས་དངོས་འབྲེལ་ཡོང་བར་བྱེད་དགོས། དྲིལ་བསྒྲགས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་དམ་འཛིན་ཡག་པོ་བྱས་ཏེ་རྣམ་པ་བཟང་པོ་བཏོད་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་དོན་འཁྱོལ་དང་རྩ་བ་ཚུགས་པར་སྐུལ་འདེད་བཏང་སྟེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་། མི་སེམས་སུ་གཏིང་ཟབ་ཟུག་པར་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་སྒུལ་ཤུགས་སུ་བརྩིས་ཏེ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས། མིག་སྔའི་ལས་དོན་ཡག་པོ་བསྒྲུབས་ནས་རིམས་ནད་སྔོན་འགོག་དང་། མཁོ་སྤྲོད་འགན་ལེན། དམངས་འཚོ་འགན་ལེན། བདེ་འཇགས་འགན་ལེན། བརྟན་ལྷིང་འགན་ལེན་བཅས་ཀྱི་ལས་དོན་ཁག་ཏན་ཏིག་དང་ཞིབ་ཕྲ་བསྒྲུབས་ཏེ། གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུར་བསུ་བ་ཞུ་དགོས། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
སྐབས་༡༩པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་། ཞི་ཅིན་ཕིང་གིས་དབུ་ཚོཊ་འདིའི་ཐོག་བརྗོད་གཙོའི་གསུང་བཤད་གནང་འདུག ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གི་མིང་འདོཌ་གཟེངས་བསྟོད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཚོཌ་འདུའི་ཐོག་གཟེངས་བསྟོད་ཐོབ་པའི་འཐུས་མིར་མཇལ་འཕྲད་གནང་། ཝང་ཅུན་ཀྲེང་གིས་དྲིལ་བསྒྲཌ་བསམ་བློའི་འཐབ་ཕྱོཌ་སུ་བརྟག་ཞིབ་གནང་བ།