གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གི་མིང་འདོཌ་གཟེངས་བསྟོད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཚོཌ་འདུའི་ཐོག་གཟེངས་བསྟོད་ཐོབ་པའི་འཐུས་མིར་མཇལ་འཕྲད་གནང་།

སྤེལ་དུས་: 2021ལོ་11ཟླ་08ཚེས་ 11:56 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༡༡ ཚེས ༤ ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ལྗོངས་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གི་མིང་འདོགས་གཟེངས་བསྟོད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཚོགས་འདུའི་ཐོག་གཟེངས་བསྟོད་ཐོབ་པའི་འཐུས་མིར་མཇལ་འཕྲད་གནང་བ་རེད། ཝང་ཅུན་ཀྲེང་གིས་གཟེངས་བསྟོད་ཐོབ་པའི་ཚན་པ་དང་མི་སྒེར་ལ་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། གཉིས་བཀུར་ལས་དོན་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་འཐབ་ཕྱོགས་ཐོག་འབད་འཐབ་བྱེད་བཞིན་པའི་བློ་མཐུན་ཡོངས་ལ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ནས། རང་ལྗོངས་ཀྱི་གཉིས་བཀུར་ལས་དོན་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

图片

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གི་མིང་འདོགས་གཟེངས་བསྟོད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཚོགས་འདུའི་ཐོག་གཟེངས་བསྟོད་ཐོབ་པའི་འཐུས་མི་དང་མཇལ་འཕྲད་གནང་བ།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་སྟེ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བའི་མཚམས་སུ་སྐུ་ངོ་མ་བོད་དུ་རྟོག་ཞིབ་གནང་བར་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་གཟིགས་པ་དང་ཆེད་མངགས་བོད་སྡོད་དཔོན་དམག་ལ་མཇལ་འཕྲད་གནང་བ་དང་འབྲེལ་ས་མཐོའི་མཐའ་སྲུང་དཔེ་བཟང་སྒར་སའི་དཔོན་དམག་ཡོངས་ལ་འཕྲིན་ལན་ཡང་སྤྲིངས་པ་རེད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་། ཕྱོགས་ཡོངས་ནས་གོ་བ་ལེན་པ། ལག་བསྟར་མཐའ་གཅིག་ཏུ་བཅས་བྱས་ནས་གཉིས་བཀུར་ལས་དོན་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། དམག་དཔུང་དང་ས་གནས་ཀྱི་དམག་དམངས་མཐུན་སྒྲིལ་ཡར་བརྩོན་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་འཕེལ་བར་བྱེད་དགོས།

图片

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གི་མིང་འདོགས་གཟེངས་བསྟོད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཚོགས་འདུའི་ཐོག་གཟེངས་བསྟོད་ཐོབ་པའི་འཐུས་མི་དང་དྲན་རྟེན་པར་སྐྱོན་པ།

ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་དུས་རབས་གསར་པའི་གཉིས་བཀུར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་། དགོས་གཏུགས་ཀྱི་བསམ་པ། ལས་འགན་སྒྲུབ་སེམས་བཅས་ཆེ་རུ་གཏོང་དགོས་ཤིང་། འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲུང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ། མཐའ་མཚམས་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་གཙོ་རྐང་ལ་དམ་པོར་དམིགས་པ། གཉིས་བཀུར་ལས་དོན་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་ཆབ་སྲིད་ཀྱི་ཚུགས་གནས་དང་འཇུག་སྒོ་གནད་ལ་འཁེལ་པོས་འཚོལ་བ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་དེ་གཉིས་བཀུར་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བ་དང་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ལ་འགྱུར་བ་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ཏེ་ནུས་ཤུགས་ཡོད་རྒུས་དཔུང་སྡེ་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་དགོས་ཤིང་། ས་གནས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་སྲུང་དང་བོད་སྡོད་དཔུང་སྡེ་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། དམག་དཔུང་སྟོབས་ཆེར་དང་དམག་དཔུང་དར་རྒྱས་གཏོང་བའི་དམིགས་ཚད་ལ་དམིགས་པ། མཐའ་སྟོབས་མཐའ་བརྟན་གྱི་གཙོ་གནད་ལས་དོན་ལ་དམིགས་པ་བཅས་བྱས་ཏེ། དཔལ་འབྱོར་ལ་དམ་འཛིན་བྱེད་སྐབས་རྒྱལ་སྲུང་སྲ་བརྟན་དུ་གཏོང་རྒྱུ་མི་བརྗེད་པ་དང་། འཛུགས་སྐྲུན་བྱེད་སྐབས་དྲག་ཆས་དར་འཕེལ་གཏོང་རྒྱུ་མི་བརྗེད་པ། འཕེལ་རྒྱས་དོན་གཉེར་བྱེད་སྐབས་གྲ་སྒྲིག་ཨང་གསར་བྱེད་རྒྱུ་མི་བརྗེད་པ་བཅས་ཀྱི་ཐོག་ནས་ཐུན་མོང་ལྔ་དང་སྲ་བརྟན་ལྔའི་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་ཏེ་མཐའ་སྟོབས་མཐའ་བརྟན་གྱི་ཟངས་གྱང་ལྕགས་རྩིག་བརྟན་དུ་གཏོང་དགོས། དཔུང་སྡེའི་དཔོན་དམག་ཚོར་འཚོ་བ་དང་ལས་ཀའི་ཁྲོད་འཕྲད་པའི་དཀའ་ངལ་དང་། ཕྲུ་གུ་དང་། ཁྱིམ་ཚང་། ལས་ཀ་བཅས་ཀྱི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་དང་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་རྒྱ་ཆེའི་དཔོན་དམག་ཚོས་བསམ་པའི་ཉམས་འགྱུར་ཟབ་མོའི་ཐོག་ནས་རྒྱལ་སྲུང་འཛུགས་སྐྲུན་ནང་ཞུགས་ཐུབ་པ་བྱེད་དགོས། དམག་དམངས་ཁྱིམ་ཚང་གཅིག་གི་འདུ་ཤེས་བརྟན་པོར་བཙུགས་ཏེ་ས་གནས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་དགོས་ཤིང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས་བོད་ལྗོངས་འཛུགས་སྐྲུན་དང་བོད་ལྗོངས་སྲུང་སྐྱོང་བྱེད་པའི་དཔུང་སྡེའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། ས་གནས་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་རེ་བ་དེ་དཔུང་སྡེའི་ནུས་པ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་དང་འཕྲལ་སྡོམ་ཉེན་སེལ་རྒུད་སྐྱོབ་ཁྲོད་ལས་འགན་ལྕི་པོ་འཁུར་ཕོད་པ་དང་སློབ་རོགས་སློབ་དར་དང་། སྨན་བཅོས་རོགས་སྐྱོར། མཐའ་དར་དམངས་ཕྱུག གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་རྒྱ་ཁྱབ་ངང་སྤེལ་བ་བཅས་བྱས་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ཏང་ཀྲུང་དབྱང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་ལག་ལེན་བསྟར་ཏེ་དམག་ཞབས་ཐིམ་པའི་དམག་མིར་ཞབས་འདེགས་དང་། དོ་དམ། ཁྲིད་སྟོན་བཅས་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས་ཤིང་། བརྩི་བཀུར་དང་བརྩི་འཇོག་གཅེས་སྐྱོང་བཅས་བྱས་ནས་སྤྲོ་སེམས་འཁོལ་པོས་ཞབས་འདེགས་ཞུ་བ་དང་། སློབ་གསོ་ཁྲིད་སྟོན་ཧུར་ཐག་བྱེད་པ། དམག་ཞབས་ཐིམ་པའི་དམག་མི་དམག་དཔུང་ནས་བྲལ་ཡང་ཏང་ནས་ཁ་མི་བྲལ་བ་དང་། དམག་ཁོངས་ནས་ཕྱིར་ལོག་ཀྱང་རང་གདང་མི་ཉམས་པ། དམག་ཞབས་ཐིམ་ཀྱང་བློ་སྟོབས་མི་ཉམས་པ་བཅས་ཀྱི་ཐོག་ནས་མི་དམངས་བུ་ཕྲུག་དམག་གི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་བཏང་སྟེ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་འཛུགས་སྐྲུན་ཁྲོད་རང་མདངས་རྒྱུན་འཁྱོངས་དང་སླར་ཡང་བྱས་རྗེས་གསར་པ་བཞག་ནས་གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་བྱེད་དགོས། གཉིས་བཀུར་དཔེ་བཟང་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་ཐོན་ལ་བརྩི་འཇོག་དང་། སྔོན་ཐོན་ལ་སློབ་སྦྱོང་། སྔོན་ཐོན་སྙེག་བརྒལ་བཅས་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་དང་རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་འཕེལ་བར་བྱེད་དགོས། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་མཛད་སྒོ་འདིའི་ཐོག་ནན་སྟོན་འདི་ལྟར་གནང་། ཞི་ཅིན་ཕིང་གིས་འགྲེམས་སྟོན་འདིའི་ཐོག་འདི་ལྟར་གསུངས། ཝང་ཅུན་ཀྲེང་གིས་དྲིལ་བསྒྲཌ་བསམ་བློའི་འཐབ་ཕྱོཌ་སུ་བརྟག་ཞིབ་གནང་བ། ཝང་ཅུན་ཀྲེང་གིས་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་པར་འདི་འདྲ་གསུངས།