ཟླ ༡ ཚེས ༤ ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ས་གནས་ཁག་དང་འཐབ་ཕྱོགས་ཁག་ནས་ཕེབས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བསྣམས་ནས་ཚོགས་ཆེན་ལ་ཞུགས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་ངང་སྒྲུབ་འགོ་ཚུགས་པ་རེད།
དེ་རིང་གི་བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོ་སྒམ་བརླིང་ལྡན་ཞིང་སྤྲོ་སེམས་འཁོལ་བ་ཞིག་ཡོད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ཝང་ཅུན་ཀྲེང་ཚོགས་ཆེན་ལ་ཞུགས་པ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚོགས་ཆེན་ཐོག་ཕེབས་དགོས་པའི་འཐུས་མི ༤༠༧ ཡོད་པ་དང་དངོས་སུ་ཕེབས་མཁན ༣༥༦ ཡོད་པས་ཚོགས་འདུར་ཕེབས་མཁན་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
ཚོགས་ཆེན་ཚོགས་ཡུལ།
ཚོགས་ཆེན་ཚོགས་ཡུལ།
སྔ་དྲོའི་ཆུ་ཚོད ༩ དང་སྐར་མ ༤༠ ལ་བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། སྐབས་དེར་འཐུས་མི་ཚང་མ་ཡར་བཞེངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་ཞིང་། སྙན་སྒྲོན་དེ་ཁྱོན་ཆ་ཤས་གསུམ་ལ་དབྱེ་ཡོད་པ་སྟེ། ༢༠༢༡ ལོའི་ལས་དོན་ལ་ཕྱིར་མིག་ལྟ་བ་དང་། ༢༠༢༢ ལོའི་སྤྱིའི་བླང་བྱ། ༢༠༢༢ ལོའི་གཙོ་གནད་ལས་འགན་བཅས་ཡིན་པ་རེད།
ཡན་ཅིན་ཧའེ་ཡིས། སྙན་སྒྲོན་ནང་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་བྱུང་བ་དང་། དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་བཟང་བ། རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ལེགས་སུ་ཕྱིན་པ། གྲོང་གསེབ་དར་རྒྱས་ལག་བསྟར་གཏིང་ཟབ་བྱེད་པ། ཁྱད་ལྡན་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་བཏང་བ། དམངས་འཚོའི་བདེ་སྐྱིད་ཆེ་རུ་སོང་བ། སྐྱེ་ཁམས་ཁོར་ཡུག་ལེགས་པོ་རྒྱུན་འཁྱོངས་ཐུབ་པ། མཐའ་བརྟན་མཐའ་སྟོབས་ལ་སྐུལ་འདེད་ནུས་ལྡན་བཏང་བ། ཁ་གཏད་བོད་སྐྱོར་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་སོགས་ཀྱི་ཐད་ནས ༢༠༢༡ ལོའི་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་གནང་བ་རེད།
ཡན་ཅིན་ཧའེ་ཡིས། སྙན་སྒྲོན་ནང་ ༢༠༢༢ ལོ་ནི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་འགོ་ཚུགས་ཀྱི་ལོ་ཞིག་དང་། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་གལ་འགངས་ཆེ་བའི་ལོ་ཞིག་ཡིན་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུའི་ལོ་ཞིག་ཀྱང་རེད་ཅེས་ནན་བཤད་གནང་བ་རེད།
ཚོགས་ཆེན་ཚོགས་ཡུལ།
ཚོགས་ཆེན་ཚོགས་ཡུལ།
ཡན་ཅིན་ཧའེ་ཡིས། སྙན་སྒྲོན་ནང་ད་ལོའི་ལས་དོན་གྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ ༨༠ ཡས་མས་འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྒྱ་ཆ ༨༠ དང་བརྒྱ་ཆ ༡༠ ཡན་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད་བརྒྱ་ཆ ༥ ནང་ཚུན་དུ་ཚོད་འཛིན་ཐུབ་པ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆ ༣ ནང་ཚུན་དུ་ཚོད་འཛིན་ཐུབ་པ། ནུས་རྒྱུ་ཟད་གྲོན་དང་ཐཱན་ཕྱིར་འབུད་བྱེད་ཚད་དང་སྦགས་བཙོག་ཉུང་གཏོང་གི་དམིགས་ཚད་རྒྱལ་ཁབ་ཀྱི་ཞིབ་བཤེར་གཏན་འབེབས་ཁྱབ་ཁོངས་ནང་ཚོད་འཛིན་ཐུབ་པ་བཅས་བྱ་རྒྱུ་རེད།
ཡན་ཅིན་ཧའེ་ཡིས་སྙན་སྒྲོན་ནང་བསྟན་དོན། ༢༠༢༢ ལོར་གཙོ་གནད་ཐོག་ཕྱོགས་དགུའི་ཐད་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། གཙོ་གནད་འདེགས་སྐྱོར་ལ་དམ་འཛིན་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མྱུར་པོ་འདྲེས་ཐུབ་པ་དང་། ས་ཁོངས་འཕེལ་རྒྱས་ཀྱི་བཀོད་ཇུས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ལྕགས་ལམ་གྱི་དཔལ་འབྱོར་ཁུལ་དར་རྒྱས་གོང་འཕེལ་གཏོང་བ་བཅས་བྱས་ནས་མཐའ་མཚམས་ལམ་རྒྱུད་ཀྱི་འཕེལ་རྒྱས་ཁུལ་འཛུགས་སྐྲུན་མགྱོགས་པོ་བྱེད་དགོས། གཞི་རྩ་དང་ཀ་རྟེན་ལ་དམ་འཛིན་བྱས་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་དང་། ནུས་རྒྱུ་གཙང་མའི་ཐོན་ལས། ལྗང་མདོག་བཟོ་ལས། རིག་གནས་ཡུལ་སྐོར་ཐོན་ལས་བཅས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། མཐོ་གསར་གྲངས་འཛིན་ཐོན་ལས་དང་། མཐའ་མཚམས་ཚོང་དོན་ཟོག་འགྲེམས་ཐོན་ལས། དེང་རབས་ཞབས་ཞུའི་ལས་རིགས་བཅས་འཕེལ་རྒྱས་མགྱོགས་པོ་གཏོང་དགོས། གོ་སྐབས་རྩ་ཆེན་ལ་དམ་འཛིན་བྱས་ནས་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཕྱོགས་བསྡུས་ཀྱི་འགྲིམ་འགྲུལ་མ་ལག་ལ་ཤུགས་སྣོན་རྒྱག་པ། ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་ནུས་པ་ཆེ་རུ་གཏོང་བ། ཆུ་བེད་ལས་གྲྭ་དང་གྲོང་ཁྱེར་རྣམ་པའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། སྲ་བརྟན་སྦྲེལ་མཐུད་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་མགྱོགས་སུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ། ཞིང་འབྲོག་ལས་དེང་རབས་ཅན་གྱི་རྨང་གཞི་བརྟན་དུ་གཏོང་བ། ཞིང་འབྲོག་ཁུལ་གྱི་རྣམ་པ་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱེད་དགོས། ནང་སྐྱེས་སྒུལ་ཤུགས་ལ་དམ་འཛིན་བྱས་ནས་སྒྱུར་བཅོས་སྒོ་དབྱེ་དང་གསར་གཏོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཕྱི་ནང་གཉིས་ཀར་སྒོ་མོ་འབྱེད་རྒྱ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ་བཅས་བྱེད་དགོས། འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམ་འཛིན་བྱས་ནས་དམངས་འཚོའི་འདུ་འགོད་ཆེན་པོ་བཅུ་ལག་ལེན་གཏིང་ཟབ་བསྟར་བ་དང་། ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ། འཕྲོད་བསྟེན་དང་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་བ། རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། བདེ་སྡོད་འགན་ལེན་ལ་ཤུགས་སྣོན་རྒྱག་པ། རྒན་སྐྱོར་བྱིས་སྐྱོང་བྱེད་ཟབ་ཏུ་གཏོང་བ། རོགས་སྐྱོར་རོགས་སྐྱོབ་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་པ། དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་བ་བཅས་བྱེད་དགོས། འགན་འཁྲི་གལ་ཆེན་ལ་དམ་འཛིན་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་དང་། ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་མགྱོགས་སུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་ལག་བསྟར་བྱེད་པ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། མངའ་ཁོངས་སྲུང་བའི་འགན་འཁུར་རྒྱུར་དམ་འཛིན་བྱས་ནས་རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་ཧུར་ཐག་བཏོད་ནས་རྨང་གཞིའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། མཐའ་བརྟན་གྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་ཀྱི་བྱ་ཐབས་དོན་འཁྱོལ་བཅས་བྱེད་དགོས། རྒྱབ་སྐྱོར་དང་འགན་སྲུང་ལ་དམ་འཛིན་བྱས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ། ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། དུས་བདེའི་བོད་ལྗོངས་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས།
ཚོགས་ཆེན་ཚོགས་ཡུལ།
ཚོགས་ཆེན་ཚོགས་ཡུལ།
ཡན་ཅིན་ཧའེ་ཡིས། སྙན་སྒྲོན་ནང་ད་དུང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་པའི་ཐད་བཀོད་སྒྲིག་ཀྱང་གནང་བ་རེད།
སྙན་སྒྲོན་གྱི་མཇུག་ཏུ་ཡན་ཅིན་ཧའེ་ཡིས་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་ཀྱིས་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འགན་འཁྲི་གསར་པ་ལག་ལེན་བསྟར་བ་དང་བྱས་རྗེས་གསར་པ་མངོན་པར་བྱས་ནས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་འབོད་སྐུལ་གནང་བ་རེད། ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་ཐོག་བོད་རང་སྐྱོང་ལྗོངས་ཀྱི ༢༠༢༡ ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་། ༢༠༢༢ ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན་དང་། བོད་རང་སྐྱོང་ལྗོངས་ཀྱི ༢༠༢༡ ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་། ༢༠༢༢ ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན་བཀྲམ་ནས་འཐུས་མི་ཚོས་ཞིབ་བཤེར་གནང་རྒྱུར་ཕུལ་བ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གི ༢༠༢༢ ལོའི་ལོ་གསར་ཤིས་ཚིག་ལ་ལན་ཆ་ཆེན་པོ་བྱུང་བ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་པ། སྲིད་གྲོས་སྐབས ༡༡ པའི་ཚོགས་འདུ་ཐེངས ༥ པ་གཟབ་རྒྱས་ངང་འཚོགས་པ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོཌ་འདུ་ཐེངས་ལྔ་པའི་དཔལ་འབྱོར་རིཌ་ཁོངས་དང་བཟོ་ཚོང་མཉམ་འབྲེལ་རིཌ་ཁོངས་ཀྱི་མཉམ་འབྲེལ་ཚོཌ་ཆུང་གྲོས་བསྡུར་ནང་ཞུཌ་པ།