ཟླ ༡༢ ཚེས ༢༧ དང་ ༢༨ ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་མཐའ་འཁྱོངས། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་མི་བརྗེད་པ། བྱས་རྗེས་འཇོག་ཕོད་པ། རྒྱུགས་སྤྲོད་ཀྱི་ལམ་བུ་གསར་པར་ཡག་པོ་བསྐྱོད་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ་བཅས་བྱས་ཏེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་དང་འབྲེལ་གཏུག་བྱེད་པ་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག་ལག་ལེན་ནན་པོ་བསྟར་བར་འབྲེལ་གཏུག་སྣེ་ཁྲིད་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཛུབ་ཁྲིད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གྱི་དོན་དངོས་ལ་འབྲེལ་གཏུག་སྣེ་ཁྲིད་བྱེད་པ།ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པའི་དོན་དངོས་བཅས་ལ་འབྲེལ་གཏུག་སྣེ་ཁྲིད་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་ལག་ལེན་ནན་པོ་བསྟར་བ་དང་། ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་དོན་དངོས་ལ་འབྲེལ་གཏུག་སྣེ་ཁྲིད་བྱས་ཐོགལོ་གཅིག་རིང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བའི་གནས་ཚུལ་ཕྱིར་དྲན་བྱས་ཏེ་གྲུབ་འབྲས་ཕྱོགས་སྡོམ་དང་། ཞན་ཆ་འཚོལ་བཤེར། ཏང་གཤིས་ལ་དབྱེ་ཞིབ་བཅས་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པ་རེད།
ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པ།
ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས།ཏང་གིས་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པ་དེ་ཐོག་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད་ཅེས་ངོས་འཛིན་གཅིག་མཐུན་བྱས་པ་རེད།
ཚོགས་འདུའི་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་དེ་དག་ནང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་སྤྱིར་བཏང་གཏན་ནས་མིན། ཏང་ལ་འཕྲད་པའི་དུས་བབ་དང་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་། ཛ་དྲག་རང་བཞིན། ཕྲག་ཐོག་གི་ལས་འགན་ལྗིད་རྫོབ་ཆེ་བའི་རང་བཞིན། དཀའ་ཚེགས་རང་བཞིན་བཅས་འཛམ་གླིང་ཐོག་མཐོང་དཀོན་པ་དང་ལོ་རྒྱུས་ཐོག་མཐོང་དཀོན་པ་ཞིག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སིའི་རིང་ལུགས་ཀྱི་ཆབ་སྲིད་མཁས་ཅན་དང་འཐབ་ཇུས་མཁས་ཅན་གྱི་བློ་སྟོབས་དང་ཐབས་ཇུས་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་སྤྱི་ཡོངས་ལ་ཇུས་འགོད་དང་། སྒྱུར་འཕེལ་བརྟན་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་གོ་སྐབས་དམ་འཛིན་དང་འགག་སྒྲོལ་དཀའ་སེལ་བྱས་ནས་ཡུན་རིང་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་སྔོན་ཆད་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་ཕྱོགས་སྟངས་འཛིན་དང་སྣེ་ཁྲིད་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བས་རེད།ཏང་གི་ལོ་བརྒྱའི་ལོ་རྒྱུས་ཀྱིས་ང་ཚོར་བློ་སྒོ་གལ་ཆེན་ཕྱེ་བ་ནི། ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ནི་ཏང་གིས་དུས་སྐབས་གལ་ཆེན་སྐབས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་། ཐག་ཆོད་པོས་གདམ་ག་བྱས་པའི་འགག་རྩ་རེད་ལ། ཏང་མཐུན་སྒྲིལ་གཅིག་གྱུར་དང་རྒྱལ་ཁའི་ངང་མདུན་དུ་སྐྱོད་པའི་འགན་ལེན་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།
ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོག་བཞིན་པ།
ཞི་ཅིན་ཕིང་གིས་བསྟན་དོན། རྒྱུགས་སྤྲོད་ལམ་བུ་གསར་པའི་ཐོག་ང་ཚོས་མུ་མཐུད་རྒྱུགས་ལན་ཡག་པོ་འབུལ་ཐུབ་མིན་གྱི་འགག་རྩ་ནི་བློ་བརྟན་འགྱུར་མེད་ཀྱི་ལོ་རྒྱུས་ཀྱི་གདེང་ཚོད་ཡོད་མེད་ལ་ཐུག་ཡོད། ལོ་ངོ་བརྒྱའི་རིང་། རང་རེའི་ཏང་གིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་གཞོལ་བ་དང་། མིའི་རིགས་ལ་ཡར་རྒྱས་བརྩོན་ལེན་དང་འཛམ་གླིང་སྤྱི་སྙོམས་ཆེན་པོ་ཡོང་བར་གཞོལ་ནས་གནམ་འོག་སྤྱི་ལ་དབང་བ་དང་འཛམ་གླིང་གི་འགྲོ་ལམ་ཡང་དག་གཏོད་པ་ནི་རང་རེའི་ཏང་ལ་ལོ་རྒྱུས་ཀྱི་གདེང་ཚོད་ལྡན་པའི་གདིང་ཤུགས་ཆེ་ཤོས་ཤིག་དང་རང་རེའི་ཏང་གིས་ཀྲུང་གོར་སྲིད་འཛིན་པ་དང་ཡུན་རིང་སྲིད་འཛིན་པའི་ལོ་རྒྱུས་ཀྱི་གདེང་ཚོད་ཅིག་རེད་ལ། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་མུ་མཐུད་མདུན་སྐྱོད་བྱེད་པའི་ལོ་རྒྱུས་ཀྱི་གདེང་ཚོད་ཅིག་ཀྱང་རེད། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་དང་མི་དམངས་ཀྱི་གདམ་ག་ཆུད་ཟོས་སུ་བཏང་མེད་ཅེས་ང་ཚོས་བཤད་ཆོག ཞི་ཅིན་ཕིང་གིས་བསྟན་དོན།ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་ནི་ཏང་གི་སྲོག་རྩ་ཡིན་པས། ལོ་རྒྱུས་ཕྱོགས་སྡོམ་བྱེད་རིང་བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་བྱེད་མཁས་པ་ནི་རང་རེའི་ཏང་གི་ཉམས་མྱོང་བཟང་པོ་རེད། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་ནི་ཐོག་མར་ཆབ་སྲིད་ཐད་ཀྱི་མཐུན་སྒྲིལ་དང་གཅིག་གྱུར་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད། ཏང་ཀྲུང་དབྱང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲོས་ཆོད་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་དེ་གཙོ་གནད་ཐོག་མངོན་གསལ་དོད་པོ་ཡོང་བའི་གཏན་འབེབས་བྱས་ཡོད། དེ་ནི་ཏང་ཡོངས་ཀྱིས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཐོག་བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་གྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་གསར་པ་ལེན་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན།རང་རེའི་ཏང་ནི་མི་དམངས་ཀྱི་ཁྲོད་ནས་ཡོང་བ་དང་། མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ། མི་དམངས་ལ་ཞབས་འདེགས་ཞུ་མཁན་ཞིག་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་ཐེངས་གསུམ་པ་བཞག་ཡོད་པ་དེས། ཏང་ཡོངས་ལ་དུས་རབས་གསར་པའི་མདུན་སྐྱོད་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བ་དང་། གང་ནས་ཡོང་བ་དང་གང་དུ་བསྐྱོད་པའི་གཞི་རྩའི་བརྗོད་གཞི་དེར་ལན་ཡག་པོ་འདེབས་པ། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བཅས་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ལ་ལོ་བརྒྱའི་ཏང་གི་ལོ་རྒྱུས་ཁྲོད་ནས་ཀྲུང་གོ་གུང་ཁྲན་ཏང་ནི་ཏང་གང་འདྲ་ཞིག་ཡིན་པ་ངོས་འཛིན་གཏིང་ཟབ་བྱེད་དུ་བཅུག་སྟེ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་ཐུབ་པ་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱེད་དགོས།།