གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝང་ཅུན་ཀྲེང་ཆབ་མདོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

སྤེལ་དུས་: 2022ལོ་01ཟླ་05ཚེས་ 12:44 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཚེས ༤ ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་ཆབ་མདོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ། འཛུགས་གཏོད་བཞི་དང་མདུན་གྲལ་དུ་སླེབས་པ་བཞིར་དམིགས་པ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ཆབ་མདོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

图片

ཝང་ཅུན་ཀྲེང་གིས་འཐུས་མི་ཚོར་བྱམས་བརྩེའི་ཕྱག་བཏང་གནང་བཞིན་པ།

ཚོགས་འདུའི་ཐོག་ཕུར་བུ་དོན་གྲུབ་དང་། སྒྲོལ་དཀར། ཝང་ཞུའེ། ཁྱི་ཕྲུག་རྡོ་རྗེ། ཐུབ་བསྟན་བཀྲ་ཤིས། བློ་བཟང་རྒྱལ་མཚན། འཕགས་མཆོག་སྐལ་བཟང་ཉི་མ། སྒྲོལ་མ་ཆོས་སྐྱིད། ཀརྨ་ཚེ་རྒྱལ་བཅས་འཐུས་མི་9ཡིས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དང་། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་འཕེལ་རྒྱས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཅས་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་དང་། མཐོ་རིམ་ལས་རིགས་ལག་རྩལ་སློབ་གསོ་འཕེལ་རྒྱས་གཏོང་བ། ཐོན་ལས་གླིང་ཁུལ་རིམ་སྤོར། ཆོས་ལུགས་རིགས་ཁོངས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་སོགས་ཐད་ལ་དམིགས་ནས་རང་སོ་སོའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་གནང་བ་རེད། ཝང་ཅུན་ཀྲེང་གིས་ནན་ཏན་ངང་གསན་པ་དང་སྦྲགས་སྐབས་སྐབས་སུ་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད། འཐུས་མི་ཚོ་དང་སྤེལ་རེས་གཏིང་ཟབ་ཀྱང་གནང་བ་རེད། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ལས་དོན་བཀོད་སྒྲིག་བཅས་གང་ལེགས་མཚོན་ཡོད་པས། འདི་ནི་དམ་པ་དོན་གཉེར་དང་འབད་འབུངས་ཡར་བརྩོན་གྱི་སྙན་སྒྲོན་ཡག་པོ་ཞིག་རེད། འཐུས་མི་ཚོའི་གཏམ་བཤད་ལས་འཕེལ་རྒྱས་ཀྱི་འགྱུར་ལྡོག་གླེང་བ་དང་བསམ་གཞིག་དང་ཇུས་འགོད་ནན་ཏན་གནང་བ་མ་ཟད། དམིགས་སའི་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་འགོ་ཡང་བཏོན་གནང་བས། འབྲེལ་ཡོད་སྡེ་ཚན་གྱིས་གསེད་བཀྲོལ་དང་ཞིབ་འཇུག་ནན་ཏན་བྱས་ཏེ་དང་ལེན་ཧུར་ཐག་བྱེད་པ་དང་ཆབས་ཅིགདུས་ཐོག་ཏུ་ལན་འདེབས་དགོས་ཞེས་གསུངས་པ་རེད།

图片

ཝང་ཅུན་ཀྲེང་གིས་ཆབ་མདོའི་འཐུས་མི་ཚོགས་པའི་འཐུས་མི་དང་མཉམ་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བཞིན་པ།

图片

མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བློ་བཟང་རྒྱལ་མཚན་གྱིས་གཏམ་བཤད་གནང་བཞིན་པ།

ཝང་ཅུན་ཀྲེང་གིས་འདས་ཟིན་པའི་ལོ་གཅིག་རིང་། ཆབ་མདོའི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། བརྟན་ཐོག་ཡར་འཕེལ་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ། ཆབ་མདོའི་དོན་དངོས་དང་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་ཆབ་མདོའི་འདེགས་སྐྱོར་དང་ཁྱབ་འགྱེད་ནུས་པ་རང་རྟོགས་ངང་འདོན་སྤེལ་ཡག་པོ། ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་དུ་བསྐྲུན་རྒྱུར་དམིགས་ནས་ཞིབ་འཇུག་དང་ཇུས་འགོད་ནན་ཏན་བྱེད་པ། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་གསར་པ་གཏོད་པ། ལས་དོན་ཁག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་མདུན་གྲལ་དུ་སྐྱོད་ཐུབ་པ་དང་མིག་དཔེ་འདོན་དགོས།

图片

ཚོགས་ར།

图片

ཚོགས་ཞུགས་འཐུས་མིས་ཚོགས་འདུ་ནན་ཏན་ངང་གསན་བཞིན་པ།

རང་རྟོགས་ངང་ཆབ་མདོའི་ལས་དོན་དེ་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་བློ་གཏོང་བ་དང་སྟངས་འཛིན་བྱས་ཏེ་ས་ཁོངས་གཅིག་ལ་གཟི་བརྗིད་བསྣན་དགོས་ལ་སྤྱི་ཡོངས་ལ་བཀྲག་མདངས་དེ་བས་འཚེར་ཐུབ་པ་བྱེད་དགོས། མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་ལ་བརྟེན་ནས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་གཏིང་ཟབ་བྱ་རྒྱུ་དེ་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་སྒྱུར་བཀོད་གཏོང་བའི་སྟོབས་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས།

ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། བློ་བརྟན་འགྱུར་མེད་ངང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས། མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་དང་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་དོན་གྱི་ལས་འགན་ཨང་དང་པོར་བརྩི་བ་དང་། བརྟན་ལྷིང་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་རྩ་བ་དུས་རྟག་ཏུ་དམ་པོར་བཟུང་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།

འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག་མཐའ་འཁྱོངས་དང་། ལས་ཕྱོད་དང་དྲང་གཞག་གཅིག་གྱུར་མཐའ་འཁྱོངས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་ནུས་ལྡན་ངང་འབྲེལ་མཐུད། ཞིང་འབྲོག་པའི་འབབ་འཕར་ལ་དམིགས་པ། ཞིང་འབྲོག་པའི་འབབ་འཕར་གྱི་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་བརྟན་པོ་གཏོང་དགོས།

ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་དགོས། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱག་བཅས་ཕྱོགས་བསྡུས་བཅོས་སྐྱོང་དང་། བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་སྤྱི་འདོམས། “མཐོ་བ་གསུམ”གྱི་རྣམ་གྲངས་གཏན་འགོག་མཐའ་གཅིག་ཏུ་བྱེད་པ། རང་བྱུང་སྲུང་སྐྱོང་ཁུལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་འདུ་འགོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཐཱན་བསྡུས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱེད་པ། སྐྱེ་ཁམས་དམངས་ཕྱུག་གི་འདུ་འགོད་ལག་བསྟར་བཅས་བྱས་ནས་སྐྱེ་ཁམས་འཛུགས་སྐྱོང་ནང་མང་ཚོགས་ཞུགས་ཐུབ་པ་བྱས་ཏེ་སྐྱེ་ཁམས་ལ་བརྟེན་ནས་འཚོ་བ་སྐྱེལ་བ་དང་ཕྱུག་འགྱུར་ལམ་བུར་སྐྱོད་ཐུབ་པ་དང་ལྗང་མདོག་དེ་བོད་ཤར་རྒྱུད་ཀྱི་གཞི་གདན་དུ་འགྱུར་བ་བྱེད་དགོས།

རྒྱུན་སྲིང་ལྷོད་མེད་ངང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་བློ་བརྟན་འགྱུར་མེད་ངང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་བརྟན་པོར་སྲུང་བ། ཕྱོགས་གཅིག་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་གཏོད་དགོས། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གི ༢༠༢༢ ལོའི་ལོ་གསར་ཤིས་ཚིག་ལ་ལན་ཆ་ཆེན་པོ་བྱུང་བ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་པ། སྲིད་གྲོས་སྐབས ༡༡ པའི་ཚོགས་འདུ་ཐེངས ༥ པ་གཟབ་རྒྱས་ངང་འཚོགས་པ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོཌ་འདུ་ཐེངས་ལྔ་པའི་དཔལ་འབྱོར་རིཌ་ཁོངས་དང་བཟོ་ཚོང་མཉམ་འབྲེལ་རིཌ་ཁོངས་ཀྱི་མཉམ་འབྲེལ་ཚོཌ་ཆུང་གྲོས་བསྡུར་ནང་ཞུཌ་པ།