ཚེས ༡༠ ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ལྷ་སའི་པུའུ་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད།
ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ལྷ་སའི་པུའུ་རུ་ཝང་ཅུན་ཀྲེང་གིས་འགྲེམས་པང་ལ་ནན་ཏན་ངང་གཟིགས་ཀྱིན་ངོ་སྤྲོད་གསན་ནས། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་གི་ལོ་རྒྱུས་དང་། ཚན་རིག་ཞིབ་འཇུག་གི་འཕེལ་རིམ། གྲུབ་འབྲས་ཀྱི་མ་ལག་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ལྷ་སའི་པུའུ་ཡི་ཐོག་སོ་དང་པོ་དང་གཉིས་པའི་འགྲེམས་ཚོམས་སུ་ཝང་ཅུན་ཀྲེང་གིས་འགྲེམས་པང་ལ་ནན་ཏན་ངང་གཟིགས་ཀྱིན་ངོ་སྤྲོད་གསན་ནས། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་གི་ལོ་རྒྱུས་དང་། ཚན་རིག་ཞིབ་འཇུག་གི་འཕེལ་རིམ། གྲུབ་འབྲས་ཀྱི་མ་ལག་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། འཁྱགས་གོང་མཛོད་དུ་ཕེབས་སྐབས་ཚན་རིག་རྟོག་ཞིབ་རུ་ཁག་གིས་ཉེ་དུས་ཇོ་མོ་གླང་མའི་རྩེ་མོ་ནས་ཁྱེར་བའི་འཁྱགས་གོང་གི་མ་དཔེར་ནན་ཏན་ངང་གཟིགས་ཞིབ་གནང་སྟེ། ཚན་རིག་རྟོག་ཞིབ་རུ་ཁག་བདེ་བླག་ངང་ཇོ་མོ་གླང་མའི་རྩེ་མོར་འཛེགས་པ་དང་འཛམ་གླིང་གི་ས་བབ་མཐོ་ཤོས་སུ་རང་འགུལ་གནམ་གཤིས་བརྟག་ཆས་བསྒྲིགས་ནས། ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ལ་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཚད་བརྒལ་བྱུང་བར་ཁས་ལེན་གང་ལེགས་གནང་བ་རེད། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ། ཇོ་མོ་གླང་མའི་རྩེ་མོར་བདེ་བླག་ངང་འཛེག་མཁན་ཚན་རིག་རྟོག་ཞིབ་རུ་མིར་རྟེན་འབྲེལ་ཞུས་པ་དང་འབྲེལ། ཚན་རིག་རྟོག་ཞིབ་ལ་ཞུགས་པའི་ཚན་རིག་མཁས་ཅན་དང་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཞུས་པ་དང་།ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ལྷ་སའི་པུའུ་ཡིས་ལོ་མང་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ལས་དོན་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ཝང་ཅུན་ཀྲེང་གིས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ལྷ་སའི་པུའུ་རུ་བརྟག་ཞིབ་གནང་བཞིན་པ།
ཝང་ཅུན་ཀྲེང་གིས་འཁྱགས་གོང་མཛོད་དུ་ཚན་རིག་རྟོག་ཞིབ་རུ་ཁག་གིས་ཇོ་མོ་གླང་མའི་རྩེ་ནས་ཁྱེར་བའི་འཁྱགས་གོང་གི་མ་དཔེར་ནན་ཏན་ངང་གཟིགས་བཞིན་པ།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གནས་བབ་མངོན་གསལ་དོད་སར་མཐའ་འཁྱོངས་འཇོག་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐོག་མཐའ་བར་གསུམ་དུ་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། གཏིང་ཤུགས་ཆེ་ཤོས་བཅས་ལ་བརྩི་བ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྔོ་ལྗང་འཕེལ་རྒྱས་ཀྱི་ལམ་དུ་མཐའ་འཁྱོངས་སྐྱོད་པ།གངས་ལྗོངས་ས་མཐོའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཀླུང་བཅས་སྲུང་སྐྱོང་ཡག་པོ་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་ཧུར་ཐག་གཏོད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཆུ་དང་། སྐྱེ་ཁམས། མིའི་རིགས་ཀྱི་བྱེད་སྒོ་བཅས་དང་། མཚོ་བོད་ས་མཐོའི་ཐོན་ཁུངས་དང་ཁོར་ཡུག་གི་ཐེག་ནུས་དང་། གནོད་འཚེའི་ཉེན་ཁ། སྔོ་ལྗང་འཕེལ་རྒྱས་གཏོང་བའི་ཐབས་ལམ་བཅས་ལ་དམིགས་ནས། ཉམས་མྱོང་ལ་ཕྱོགས་སྡོམ་དང་གྲུབ་འབྲས་བརྟན་དུ་གཏོང་བ་དང་། རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ལས་ཀའི་སྒུལ་ཤུགས་སུ་ཏན་ཏིག་སྒྱུར་བ། ཆུ་ཚད་དེ་བས་མཐོ་བའི་ཁོར་ཡུག་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་གཞན་སྒྱུར་ལ་ཤུགས་སྣོན་བརྒྱབ་ནས། ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་དང་། སྐྱེ་ཁམས་ཀྱི་ལེགས་ཆ། ཐོན་ཁུངས་ཀྱི་ལེགས་ཆ་བཅས་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་བ་དང་། སྐྱེ་ཁམས་སྲུང་སྐྱོང་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བ་དང་ཕན་ཚུན་ཡར་སྐུལ་ལ་སྐུལ་འདེད་གཏོང་བ། ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་སྤྱོད་ཐུབ་པ་དང་། གནས་ཐུབ་པ། སྐུལ་སྤེལ་ཐུབ་པ། ཤུགས་རྐྱེན་ལྡན་པ་བཅས་ཡོང་བར་བྱས་ཏེ། རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོང་བྱས་པར་བརྟེན་ནས་ཕན་པ་དེ་བས་མང་པོ་འཐོབ་པར་བྱེད་དགོས། མི་དམངས་ལྟེ་བར་མཐའ་འཁྱོངས་འཛིན་པ་དང་། སྐྱེ་ཁམས་ཀྱི་མངོན་མེད་རྐྱེན་ངན་དང་གནོད་འཚེའི་ཉེན་ཁར་ཞིབ་འཇུག་གཏིང་ཟབ། རང་འགུལ་ཅན་གྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་སྟེགས་བུ་གང་མགྱོགས་སྐྲུན་པ། སྔོན་བརྡའི་ནུས་པ་ཆེ་རུ་གཏོང་བ། ལས་གྲྭ་གལ་ཆེན་འཛུགས་སྐྲུན་དང་ས་ཁོངས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཞབས་འདེགས་དང་འདེགས་སྐྱོར་བཅས་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས། ཚན་ཞིབ་སྒྲིག་གཞིའི་ལེགས་ཆར་བརྟེན་པ་དང་། རང་ལྗོངས་ཀྱི་དོན་དངོས་ནས་འགོ་འཛུགས་པ། རང་ཉིད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཚན་རྩལ་འདེགས་སྐྱོར་མ་ལག་འཛུགས་པ་བཅས་བྱས་ནས། ཚན་རྩལ་གསར་གཏོད་དང་། ཚན་རྩལ་ཁྱབ་གདལ། ཚན་རྩལ་བཀོལ་སྤྱོད་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། བོད་ཀྱི་ཚན་རྩལ་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། བརྒྱུད་རོགས་འཁྲིད་གསུམ་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རིག་རྟོག་ཞིབ་ཀྱི་ལག་ལེན་བསྟར་རིང་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཞུར་བརྡར། བསྡུ་སྒྲིལ་བཅས་བྱེད་པ། ཚན་རྩལ་མི་སྣ་དང་གཞོན་སྐྱེས་སློབ་མ་དེ་བས་མང་པོ་ཚན་རིག་རྟོག་ཞིབ་ཀྱི་ལས་དོན་ལ་ཞུགས་པའི་ཡིད་དབང་འགུག་པ་བཅས་བྱས་ནས། ནམ་ཡང་གནས་ཐུབ་པའི་ས་མཐོའི་སྐྱེ་ཁམས་ཚན་རྩལ་དཔུང་ཁག་གཅིག་གསོ་སྐྱོང་བྱེད་དགོས། ཚན་རིག་རྟོག་ཞིབ་ཀྱི་ལས་སྟེགས་ལ་བརྟེན་ནས་རང་ལྗོངས་ཀྱི་མཐོ་སློབ་ཀྱིས་སྤུས་རྟགས་སློབ་གླིང་གཏོད་པ་དང་ལེགས་ཆའི་ཆེད་ལས་རིག་ཚན་གཏོད་པར་འདེགས་སྐྱོར་ནུས་ལྡན་བྱས་ཏེ། བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་གཏོད་པར་རྨང་གཞི་བརྟན་པོ་ཞིག་འདིང་དགོས། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ། གོ་བདེ་ཤེས་སླའི་ཚན་རིག་ཁྱབ་གདལ་ཀློག་དེབ་དང་སྣ་མང་ཕུན་སུམ་ཚོགས་པའི་ཚན་རིག་ཁྱབ་གདལ་བྱེད་སྒོ་བརྒྱུད། ཚན་རིག་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། ཚན་རིག་གི་ཐབས་ཤེས་དང་སྔོན་ཐོན་གྱི་ལག་རྩལ་དར་སྤེལ་གཏོང་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚན་རིག་གི་འདུ་ཤེས་དང་ཚན་རིག་གི་བྱང་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་ཡོངས་སུ་ཚན་རིག་ལ་སྣང་ཆེན་དང་། ཚན་རིག་ལ་དགའ་ཞེན། ཚན་རིག་བེད་སྤྱོད་བཅས་ཀྱི་སྲོལ་བཟང་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
གུང་གཞོན་སྡེ་ཚོཊ་དབུ་བརྙེས་ནས་ལོ་ངོ་༡༠༠འཁོར་བའི་ཚོཊ་ཆེན་འཚོཊ་པ། ཞི་ཅིན་ཕིང་དང་ཧྲུའོར་ཚེས་བརྙན་ལམ་ཐོག་ནས་གྲོས་མོལ་གནང་བ། ཞི་ཅིན་ཕིང་ནས་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་གྲོས་ཚོགས་གཙོ་སྐྱོང་གནང་། ཞི་ཅིན་ཕིང་གིས་འཇིག་རྟེན་འཕུར་སྐྱོད་གཞོན་ནུ་ཚོར་སྐུལ་ལྕག་གནང་བ། ཝང་ཧྲུའུ་ཅིའི་རྩོམ་ཡིག་མི་དམངས་ཉིན་རེའི་ཚགས་པར་དུ་བཀོད་འདུག