ཟླ ༢ ཚེས ༢༠ ནས ༢༤ ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་སྨན་གླིང་རྫོང་དུ་ཕེབས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བརྟག་ཞིབ་གནང་བ་དང་། ལས་གནས་བརྟན་སྲུང་བྱེད་མཁན་གཞི་རིམ་གྱི་ལས་བྱེད་པ་དང་འཐབ་ས་དང་པོའི་ངལ་རྩོལ་པར་གཟིགས་པ་དང་འཚམས་འདྲི་ཞུས་ནས་ཁོང་ཚོར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཅིག་འདོམས་མཐའ་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་ངེས་གནས་གཏན་འཁེལ་དང་། ཕྱོགས་བསྡུས་ཀྱི་ལེགས་ཆ་འདོན་སྤེལ། འདུ་ཤེས་ལ་འགྱུར་ལྡོག་ཧུར་ཐག་གཏོང་བ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
འདི་ནི་ཝང་ཅུན་ཀྲེང་ཀླུ་ནང་མངོན་འགྱུར་བའི་གཉིས་གཏོད་ཐོན་ལས་གླིང་དུ་ཕེབས་ཏེ་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཁ་གཏད་བོད་སྐྱོར་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
ཝང་ཅུན་ཀྲེང་གིས་ཁ་བར་མི་འཛེམ་པར་བྲག་ཡིབ་ཆུས་ཀླུ་ནང་ནགས་ཚལ་ཁུལ་དུ་ཕེབས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཛིན་པ་མཐའ་འཁྱོངས་ཀྱིས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་དང་། ཡུལ་སྐོར་ཐོན་ཁུངས་ཀྱི་ཁྱད་པར་རང་བཞིན་དང་དམིགས་བསལ་རང་བཞིན་མངོན་གསལ་དོད་པོ་ཡོང་བར་བྱེད་པ།ས་ཁོངས་ཡུལ་སྐོར་གྱི་སྤུས་རྟགས་གཏོད་པ། འགྲིམ་འགྲུལ་དང་ཡུལ་སྐོར་ཟུང་དུ་འབྲེལ་བའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཅས་བཏང་སྟེ། སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་བ། མི་སེར་ཕྱུག་པོ་བཅས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས་པའི་ནན་བཤད་གནང་བ་རེད། ཝང་ཅུན་ཀྲེང་བཀྲ་ཤིས་སྒང་གྲོང་ཚོར་ཕེབས་ནས་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུའི་འཛུགས་སྐྲུན་གྱི་གནས་ཚུལ་ལ་ལྟ་ཞིབ་གནང་ཞིང་། ཁོང་གིས་ཚན་རིག་དང་མཐུན་པའི་འཆར་འགོད་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་དེ་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཐུབ་པར་བྱས་ཏེ་རི་ཆུ་ནགས་ཞིང་མཚོ་རྩྭ་བཅས་ལ་བརྟེན་ནས་སྐྱེ་ཁམས་རིག་གནས་ཀྱི་ནང་དོན་སྔོག་འདོན་བྱས་ཏེ་དུས་རབས་གསར་པའི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་གཏོད་དགོས་པའི་ནན་བཤད་གནང་བ་རེད།ཝང་ཅུན་ཀྲེང་ཀླུ་ནང་གྲོང་རྡལ་གྱི་རྒྱལ་ཡོངས་བོད་སྐྱོར་འགྲེམས་སྟོན་ཁང་དང་མངོན་འགྱུར་བའི་གཉིས་གཏོད་ཐོན་ལས་གླིང་དུ་ཕེབས་ཏེ་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཁ་གཏད་བོད་སྐྱོར་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་བསམ་ཕྱོགས་གསར་གཏོད་དང་ཕྱོགས་གང་ས་ཅི་ཐད་དང་ཟུར་ཚད་མང་བའི་ཐད་ནས་ཁྱད་ལྡན་ཐོན་རྫས་དང་རིག་གནས་དང་ཡུལ་སྐོར་གྱི་སྤུས་རྟགས་འགྲེམས་སྟོན་བྱས་ཏེ་བོད་ཀྱི་ཁྱད་ལྡན་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་ཤེས་རྟོགས་ཐུབ་ཚད་སྔར་བས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
འདི་ནི་ལོ་གསར་ཚེས་གཅིག་ཉིན་ཝང་ཅུན་ཀྲེང་ཁྲོན་བོད་ལྕགས་ལམ་གསེར་སྐྱེམས་ལའི་ཕུག་ལམ་གྱི་ཨར་པོ་རྒྱག་ཡུལ་དུ་ཕེབས་ནས་དུས་ཆེན་རིང་འཐབ་ས་དང་པོའི་འཛུགས་སྐྲུན་པ་ཚོར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་ཞུས་པ་མ་ཟད། ཁོང་ཚོར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ་བཞིན་པ།
ཝང་ཅུན་ཀྲེང་གིས་སྔ་རྗེས་སུ་འགན་གཙང་འགན་ལེན་གྱི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ཡིན་པའི་ཁྲོན་བོད་ལྕགས་ལམ་བོད་ལྗོངས་དུམ་བུར་བརྟག་ཞིབ་དང་མཛུབ་ཁྲིད་ཐེངས་གསུམ་གནང་ཞིང་། ལོ་གསར་ཚེས་གཅིག་ཉིན་ཁོང་སླར་ཡང་ཁྲོན་བོད་ལྕགས་ལམ་གསེར་སྐྱེམས་ལའི་ཕུག་ལམ་གྱི་ཨར་པོ་རྒྱག་ཡུལ་དུ་ཕེབས་ནས་དུས་ཆེན་རིང་འཐབ་ས་དང་པོའི་འཛུགས་སྐྲུན་པ་ཚོར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་ཞུས་ཏེ་ཁོང་ཚོར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཁོང་གིས་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་གནང་བའི་འཐབ་ཇུས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། མཐའ་མཚམས་བརྟན་ལྷིང་སྲ་བརྟན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཅས་ཐད་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད་ཅེས་གསུངས་པ་རེད།
འདི་ནི་ཝང་ཅུན་ཀྲེང་ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཏུ་ཕེབས་ནས་རོགས་སྐྱོབ་སྒྲིག་ཆས་ཆ་ཚང་པོ་ཡོད་མིན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ས་ཡུལ་དངོས་ཀྱི་རོགས་སྐྱོབ་ནང་སྦྱོང་ལ་ལྟ་ཞིབ་གནང་བ་མ་ཟད། བརྙན་ལམ་འབྲེལ་མཐུད་བྱས་ནས་ལོ་གསར་རིང་ལྗོངས་ཡོངས་ཀྱི་མེ་ཟོན་བཀོད་སྒྲིག་ལས་དོན་གསན་བཞིན་པ།
ཉིང་ཁྲིའི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་རུང་། རང་བྱུང་གནོད་འཚེ་མང་པོ་ཐོན་པའི་ས་ཁུལ་གྱི་གྲས་ཤིག་རེད། ཝང་ཅུན་ཀྲེང་ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཏུ་ཕེབས་ནས་རོགས་སྐྱོབ་སྒྲིག་ཆས་ཆ་ཚང་པོ་ཡོད་མིན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ས་ཡུལ་དངོས་ཀྱི་རོགས་སྐྱོབ་ནང་སྦྱོང་ལ་ལྟ་ཞིབ་གནང་བ་མ་ཟད། བརྙན་ལམ་འབྲེལ་མཐུད་བྱས་ནས་ལོ་གསར་རིང་ལྗོངས་ཡོངས་ཀྱི་མེ་ཟོན་བཀོད་སྒྲིག་ལས་དོན་གསན་ཞིང་། ཁོང་གིས། མིག་སྔར་ལྗོངས་ཡོངས་སུ་ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་ལམ་ལྷོངས། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་ཐད་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་རྣམ་པ་བཟང་པོ་མངོན་གྱི་ཡོད། གྲུབ་འབྲས་འདི་ལྟ་བུ་ཐོབ་དོན་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བ་ཞིག་རེད། དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་རེད་ལ། དེར་མེ་ཟོན་འཐབ་ཕྱོགས་ཀྱི་བཀོད་འཐབ་པ་ཡོངས་ཀྱིས་དཀའ་སྤྱད་འབད་བརྩོན་དང་རྔུལ་ཆུ་ཡང་འདུས་ཡོད་ཅེས་ནན་བཤད་གནང་བ་རེད། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་རྒྱ་ཆེའི་མེ་ཟོན་བཀོད་འཐབ་པ་ཚོར་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་ཚོས་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་བཏང་ནས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འཕྲལ་སྡོམ་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་བའི་རེ་བ་ཡོད་ཅེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།
སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
ཆ་རྐྱེན་སྐྲུན་པ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་དགོས།
བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་འགྱུར་ནས་སྒོ་དབྱེ་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་དགོས།
འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྐྱེ་ཁམས་ཀྱི་ལེགས་ཆ་ཆེ་རུ་བཏང་ནས་ལྗང་མདོག་གི་ཕན་འབྲས་ཐོན་པ་བྱེད་དགོས།
བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་ད་དུང་ཁྲོན་བོད་གཞུང་ལམ་G༣༡༨ ལམ་ཐིག་གི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་ལས་གྲྭ་དང་ཉིང་ཁྲི་གྲོང་ཁྱེར་གྱི་ལས་བྱེད་པའི་ངལ་གསོ་རྟེན་གཞིར་ཕེབས་ནས་འབྲེལ་ཡོད་ལས་གྲྭའི་འཕེལ་རིམ་ལ་མཁྱེན་རྟོགས་ཀྱང་གནང་བ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་གླེང་སྟེཊ་འདིར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ། ཞི་ཅིན་ཕིང་གིས་སློབ་འགོ་ཚུཊ་པའི་མཛད་སྒོའི་ཐོག་ནན་སྟོན་གནང་བ། ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ལོ་གསར་གྱི་འཚམས་འདྲི་ཞུས། ལྗོངས་ཏང་ཨུད་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་འཚོགས་པ། ལྗོངས་མི་དམངས་འཐུས་ཚོགས་སྐབས༡༢པའི་ཚོཌ་འདུ་ཐེངས་དང་པོས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འཚོཌ་པ།