གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་གླེང་སྟེཊ་འདིར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

སྤེལ་དུས་: 2023ལོ་02ཟླ་18ཚེས་ 18:45 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ ༢ པའི་ཚེས ༡༦ ཉིན་ཀྲུང་གོའི་ཐོག་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔ་བསྣན་པའི་ཐོན་ལས་དང་མ་འཇོག་མཉམ་ལས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔ་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༣༠ ལྷག་སོང་རིང་། སྔ་རྗེས་སུ་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དང་། ཁྱིམ་མཚེས་མཛའ་གྲོགས་དང་མཉམ་ལས་མཉམ་རྒྱལ་གྱི་ལམ་བུ་གསར་པའི་ཐོག་བསྐྱོད་ཡོད་ཅིང་རྒྱལ་སྤྱིའི་འབྲེལ་བའི་མིག་དཔེ་གསར་པ་གཏོད་ཡོད། ཀྲུང་གོས་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔའི་བར་ཐོན་ལས་དང་མ་འཇོག་མཉམ་ལས་གཏིང་ཟབ་དུ་བཏང་བ་དེས་ས་ཁོངས་ཀྱི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བར་སྲུང་སྐྱོབ་ནུས་ལྡན་ཐུབ་རྒྱུ་དང་། ས་ཁུལ་དང་རྒྱལ་ཁབ་ཀྱི་ཐོན་ལས་གོང་འཕེལ་གྱི་ཆུ་ཚད་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ནང་ཐེ་ཞུགས་བྱེད་ཚད་ཆེ་རུ་འགྲོ་རྒྱུ། ཐུན་མོང་གོང་འཕེལ་དང་དར་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ་རེད།

ཀྲུང་གོས་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལ་གཞི་ཁྱོན་ཆེས་ཆེ་བའི་ཁྲོམ་ར་དང་། ཆ་ཚང་བའི་ཐོན་ལས་མ་ལག སྔོན་ཐོན་ལག་རྩལ་བཅས་མཉམ་སྤྱོད་བྱས་ནས་དངོས་གཉེར་མཉམ་ལས་གཏིང་ཟབ་དུ་གཏོང་བ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཡོང་བ་བྱེད་པ། ས་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྔར་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད་ཅེས་བསྟན་ཡོད་པ་རེད།

ཀྲུང་གོའི་ཐོག་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔ་བསྣན་པའི་ཐོན་ལས་དང་མ་འཇོག་མཉམ་ལས་གླེང་སྟེགས་ཉིན་དེ་རང་དུ་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་དུ་ཚོགས་འགོ་ཚུགས་པ་དང་བརྗོད་དོན་གཙོ་བོ་ནི་གཉིས་ཕན་མཉམ་རྒྱལ་དང་ས་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་ཞེས་པ་དེ་ཡིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་དང་ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་སློབ་འགོ་ཚུཊ་པའི་མཛད་སྒོའི་ཐོག་ནན་སྟོན་གནང་བ། ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ལོ་གསར་གྱི་འཚམས་འདྲི་ཞུས། ཞི་ཅིན་ཕིང་ནས་གཞི་རིམ་ལས་བྱེད་མང་ཚོཊ་ལ་དཔྱིད་གསར་འཚམས་འདྲི་གནང་། ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་བཞུཊ་མོལ་གནང་བ།