གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུཊ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།

སྤེལ་དུས་: 2023ལོ་09ཟླ་28ཚེས་ 12:10 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

 གསར་གཏོད་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་གྱི་གདོང་ལེན་པ་བྱེད་ཕོད་པར་བྱས་ཏེ་ཆུ་ཚད་དེ་བས་མཐོ་པོས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ ༩ ཚེས ༢༦ ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་སྐབས། རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱ་རྒྱུ་ནི་དུས་རབས་གསར་པར་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཏང་ཀྲུང་དབྱང་གི་འཐབ་ཇུས་བྱ་ཐབས་གལ་ཆེན་ཞིག་ཡིན་ཞེས་བསྟན་གནང་བ་རེད། ལོ་བཅུའི་རིང་། ཚོང་དོན་ཚོད་ལྟ་ཁུལ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གྱིས་བསམ་བློར་བཅིངས་འགྲོལ་དང་གཞུང་འཁྱོངས་གསར་གཏོད་བྱས་ཏེ། རྨང་གཞིའི་རང་བཞིན་དང་གསར་གཏོད་རང་བཞིན་གྱི་སྒྱུར་བཅོས་སྒོ་དབྱེའི་བྱེད་ཐབས་འབོར་ཆེན་བཏོན་པ་དང་། མཚོན་རྟགས་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་མང་པོ་གྲུབ་པ། སྒྱུར་བཅོས་སྒོ་དབྱེའི་ཕྱོགས་བསྡུས་ཚོད་ལྟའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ལོ་བཅུའི་འཛུགས་སྐྲུན་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་མཐོར་གཏོང་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ཏེ། གསར་གཏོད་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་གྱི་གདོང་ལེན་པ་བྱེད་ཕོད་པ་དང་།  ཁྱབ་ཁོངས་དེ་བས་ཆེ་བ་དང་རིམ་པ་དེ་བས་ཟབ་པའི་འཚོལ་ཞིབ་བྱས་ནས་ཆུ་ཚད་དེ་བས་མཐོ་བའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཆུ་ཚད་མཐོ་བའི་སྒོ་དབྱེས་སྣེ་ཁྲིད་དང་ལམ་ལུགས་གསར་གཏོད་དེ་ཉིད་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། ཚད་གཞི་མཐོ་པོས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་འབྲེལ་མཐུད་བྱེད་པ། ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་གཏོང་བ། སྒྱུར་བཅོས་བྱེད་ལམ་ཕྱོགས་ཡོངས་ནས་ཇུས་འགོད་བྱེད་ཤུགས་དང་མ་ལག་འདུས་གྲུབ་ཡོང་ཤུགས་ཆེ་རུ་གཏོང་བ། ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱིས་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་དེ་བས་ཡག་པོ་ཐུབ་པར་བྱེད་དགོས།

ཟླ ༩ ཚེས ༢༦ ཉིན། རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱས་ནས་ལོ་བཅུ་འཁོར་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་གིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་། རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུགས་སྐྲུན་གྱི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱེད་པ། རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་མཐོར་གཏོང་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ། འདུ་ཤེས་མུ་མཐུད་སྒྱུར་བ་དང་འགན་ལེན་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། ལམ་ལུགས་གསར་གཏོད་བྱེད་པར་ཚད་བརྒལ་གསར་པ་ཡོང་བ། སྒོ་དབྱེར་སྐུལ་འདེད་གཏོང་བར་གསར་འབྱེད་གསར་པ་ཡོང་བ། འཕེལ་རྒྱས་འཆར་འགོད་བྱེད་པར་མཐོར་གཏོང་གསར་པ་ཡོང་བ་བཅས་བྱས་ནས་ཆུ་ཚད་དེ་བས་མཐོ་པོས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།

བཞུགས་མོལ་ཚོགས་འདུར་ཚོང་དོན་པུའི་འགན་འཁུར་བློ་མཐུན་གྱིས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་ལོ་བཅུའི་འཛུགས་སྐྲུན་གནས་ཚུལ་སྙན་སེང་ཞུས་པ་དང་ནོར་སྲིད་པུའུ་དང་། ཀྲུང་གོ་མི་དམངས་དངུལ་ཁང་། འགག་སྒོ་སྤྱི་ཁྱབ་ཧྲུའུ། དེ་བཞིན་ཧྲང་ཧའེ་དང་། ཐེན་ཅིན། ཧྥུའུ་ཅན། ལེའོ་ཉིང་། སི་ཁྲོན། ཀོང་ཤིས་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་སྤེལ་བ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་འདིར་ལན་ཆ་བཟང་པོ་བྱུང་འདུག ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་ཧང་ཀྲོའུ་རུ་གཟབ་རྒྱས་ངང་འགོ་ཚུགས་པ། ཞི་ཅིན་ཕིང་ནས་བཀའ་རྒྱ་འདིར་མཚན་རྟཊ་བཀོད་གནང་འདུག ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིརྒྱ༿་ཆེ༾ཚོགས་འདུ་གཙོ་སྐྱོང་གནང་བ། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ།