ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཤས་གོང་བཀའ་རྒྱར་མཚན་རྟགས་བཀོད་ནས། ༼དམག་དཔུང་གིསཀྲ༿ུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་འབོར་དང་འཆར་ལྡན་བུ་བཙའི་བཅའ་ཁྲིམས༾ལག་བསྟར་བྱ་ཐབས༽ཁྱབ་བསྒྲགས་གནང་བ་དང་། ༢༠༢༣ ལོའི་ཟླ ༩ ཚེས ༡༠ ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
༼བྱ་ཐབས༽དེར་ཁྱོན་དོན་ཚན ༣༣ ཡོད་ཅིང་། བུ་བཙའ་སྙོམས་སྒྲིག་དང་། བུ་བཙའི་བྱ་དགའ་དང་ཟུར་སྐྱོར། བུ་བཙའི་ཞབས་ཞུ་སོགས་ཚད་ལྡན་བཟོས་ཡོད་པ་དང་། དམག་དཔུང་གི་མི་སྣ་ལོ་ཚད་ལ་སླེབས་རྗེས་གཉེན་སྒྲིག་བུ་བཙའ་དང་། ལེགས་བཙའ་ལེགས་གསོ། ཁྱོ་ཤུག་གཉིས་ཀྱིས་ཕྲུ་གུ་གསུམ་སྐྱེ་ཆོག་པ་བཅས་དར་སྤེལ་བཏང་ཡོད། གཞན་ཡང་ཕྲུ་གུ་ལྟ་སྐྱོང་གི་ངལ་གསོའི་དུས་ཚོད་དང་ཕྲུ་གྲུ་ཁེར་སྐྱེས་ཀྱི་ཕ་མའི་བུ་ཕྲུག་ལྟ་སྐྱོང་གི་ངལ་གསོའི་དུས་ཚོད་སོགས་གསར་དུ་བསྣན་ཡོད་པ་དང་། བྱིས་གསོ་སློབ་གསོ་དང་བུ་བཅོལ་ཞབས་ཞུ་སོགས་ཀྱི་ཆ་སྦྱོར་བྱེད་ཐབས་འཐུས་ཚང་དུ་བཏང་ཡོད་ཅིང་། བློ་འདྲི་མཛུབ་ཁྲིད་དང་། ལུས་ཁམས་བདེ་སྲུང་ཞབས་ཞུ། ལག་རྩལ་ཞབས་ཞུ་སོགས་ཀྱི་བྱེད་ཐབས་འཐུས་ཚང་དུ་བཏང་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས ༢༠༢༣ ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་དབུ་ཚོགས་ལ་བརྙན་ལམ་ནས་ཤིས་ཚིག་གསུངས་པ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོཊ་སྐོང་འཚོཊ་བྱས། སློབ་གཞི་གལ་ཆེན་འདི་དེ་རིང་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས། ཞི་ཅིན་ཕིང་གི་གསུང་བཤད་ལ་ཤིན་ཅང་དུ་ལན་ཆ་བཟང་པོ་བྱུང་བ།