གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གི་གསུང་བཤད་འདིས་མི་རྣམས་ལ་སྐུལ་མ་ཆེན་པོ་ཐེབས།

སྤེལ་དུས་: 2024ལོ་04ཟླ་07ཚེས་ 12:26 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚེས ༣ ཉིན་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་སྐབས། དམངས་ཡོངས་ཀྱིས་ཤིང་འཛུགས་ནགས་བཟོའི་ལས་དོན་སྤེལ་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་དུ་བསྐྲུན་དགོས་ཞེས་ནན་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ལག་ལེན་ནང་ཧུར་ཐག་ཞུགས་རྒྱུ་དང་། ཤིང་འཛུགས་ནགས་བཟོའི་ནང་ཞུགས་ཏེ། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལག་ལེན་བསྟར་མཁན་དང་སྐུལ་འདེད་གཏོང་མཁན་ཞིག་བྱེད་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་ལྗང་མདོག་སྣོན་རྒྱུའི་སྐུལ་མ་ཐེབས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚེས ༣ ཉིན་པེ་ཅིང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་ལུའུ་ཁྲེང་གྲོང་རྡལ་དུ་རྒྱལ་སའི་མང་ཚོགས་དང་མཉམ་དུ་འོས་འགན་ཤིང་འཛུགས་ནང་ཞུགས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ནི་མེས་རྒྱལ་གྱི་འབྱུང་འགྱུར་ཡིན་པས། ཆུང་དུས་ནས་ངལ་རྩོལ་དང་ཤིང་འཛུགས་ནགས་བཟོའི་ནང་ཧུར་ཐག་ཞུགས་ཏེ་ལྗང་མདོག་གི་ས་བོན་སེམས་ནང་འདེབས་དགོས་ཞེས་ནན་སྟོན་གནང་ཡོད། ཡུལ་དངོས་སུ་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་མཁན་པེ་ཅིང་སློབ་གྲྭའི་ལོ་རིམ་དྲུག་པའི་སློབ་མ་ལིའུ་ཡུས་ཤིན་གྱིས། སྤོ་བོ་ཞི་ཅིན་ཕིང་ལགས་དང་ང་ཚོ་སློབ་གྲྭ་འབྲིང་ཆུང་གི་སློབ་མས་མཉམ་དུ་ཤིང་བཙུགས་པ་ཡིན། སླད་ཕྱིན་ང་རང་ལོ་ལྟར་ཤིང་འཛུགས་ནགས་བཟོའི་བྱེད་སྒོའི་ནང་ཞུགས་ཏེ། ཆུང་དུས་ནས་ལྗང་མདོག་ལ་གཅེས་སྤྲས་དང་ལྗང་མདོག་ལ་སྲུང་སྐྱོང་བྱེད་པའི་བསམ་བློ་འཇགས་པ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

པེ་ཅིང་སློབ་གྲྭའི་སློབ་སྤྱི་གཞོན་པ་ཁྲེང་ལན་གྱིས། སྤྱི་ཁྱབ་ཧྲུའུ་ཅིས་འབྱུང་ཁམས་ལྗོན་ཤིང་དང་སློབ་གསོར་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་གནང་ཡོད། ང་ཚོའི་ཕྲུ་གུ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ལྷན་དུ་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ་དེས། ཁོང་ཚོའི་སེམས་ནང་འབྱུང་ཁམས་ཤེས་དཔལ་གྱི་ས་བོན་འདེབས་པ་དང་། ལྗང་མདོག་གི་ས་བོན་འདེབས་ངེས་རེད་ཅེས་གསུངས་འདུག

ད་ལོ་ནི་ཀྲུང་གོ་གསར་པའི་ཤིང་འཛུགས་ནགས་བཟོའི་དུས་ཆེན་གཏན་འཁེལ་ནས་ལོ ༤༥ འཁོར་བའི་ལོ་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ལྗང་མདོག་མང་དུ་གཏོང་བ་ནི་བཟང་ཆ་ཆེ་རུ་གཏོང་བ་དང་། ཤིང་འཛུགས་བྱེད་པ་ནི་འབྱུང་འགྱུར་གཏོད་པ་ཞིག་རེད། སྡོང་རྐང་རེ་རེ་བཞིན་འཛུགས་པ་དང་། མི་རབས་ནས་མི་རབས་བརྒྱུད་དེ་ཤིང་འཛུགས་ནགས་བཟོ་བྱས་ཏེ། ང་ཚོའི་ལྗང་མདོག་ཁྱིམ་གཞིས་ཟམ་མི་ཆད་པར་མཛེས་སུ་གཏོང་དགོས་ཞེས་གསུང་ཡོད།

རི་རྒོད་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་འགྱུར་བ་དང་བྱེ་ཐང་སྤང་ལྗོངས་སུ་འགྱུར་བ་བྱེད་དགོས། ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་ཀུའུ་ལང་རྫོང་པ་པུའུ་ཧྲ་ནགས་རའི་འགོ་འཛིན་ཀུའོ་ཝན་ཀང་གིས། ད་ཆ་བྱེ་རླུང་ལྡང་བའི་ལམ་ཐིག་དེ་སྔོན་མའི་པ་པུའུ་ཧྲ་བྱེ་ཐང་ནས་མ་ཧོང་ཐང་བྱེ་ཁུལ་བར་ཕྱིར་བཤོལ་བྱས་ནས་སྤྱི་ལེ ༣༠ ལྷག་ཙམ་སོང་ཡོད། ཀུའུ་ལང་རྫོང་དུ་བྱེ་འགྱུར་ས་ཞིང་མུའུ་ཁྲི ༢༤༠ ཡོད་པ་དང་། ད་ལོ་སླར་ཡང་མུའུ་ཁྲི ༩ ལེགས་སྒྲུབ་ཟིན་རྗེས། རྫོང་ཁོངས་ནང་གི་བྱེ་འགྱུར་ས་ཞིང་ཚང་མར་བཅོས་སྒྲིག་ཐུབ་རྒྱུ་རེད་ཅེས་གསུངས་ཡོད།

མེས་རྒྱལ་སྔོ་ལྗང་ཅན་དུ་འགྱུར་བར་ལྗང་མདོག་རྒྱ་སྐྱེད་དང་། ལྗང་མདོག་དར་སྤེལ། ལྗང་མདོག་སྲུང་སྐྱོང་བཅས་ཀྱི་ལས་དོན་མཉམ་དུ་སྤེལ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ལྗང་མདོག་རྒྱ་སྐྱེད་གཏོང་བ་ནི་ཚན་རིག་དང་མཐུན་པའི་སྒོ་ནས་གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ས་ཆ་སྔོ་ལྗང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། ས་ཆ་འཚམ་པོར་ཤིང་འོས་འཚམ་འཛུགས་པ་དང་། དུས་དང་བསྟུན་ནས་བྱ་ཐབས་འོས་འཚམ་བཟུང་བ། ཤིང་སྡོང་རྐང་གཅིག་བཙུགས་ན་སྡོང་རྐང་གཅིག་གསོན་ཐུབ་པ་དང་ཡུག་གཅིག་བཙུགས་ན་ཡུག་གཅིག་འཚར་སྐྱེས་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཉིང་ཞ་ཧྲི་ཙུའེ་ཧྲན་གྲོང་ཁྱེར་ཕིང་ལུའོ་རྫོང་གི་བྱེ་བཅོས་བྱ་ཡུལ་དུ་བཟོ་པ་ཚོས་བྱེ་ཐང་དུ་རྩྭའི་དྲ་མིག་བཟོས་ཏེ་སྡོང་ཕྲུག་འཛུགས་བཞིན་ཡོད། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འགོ་འཛིན་གཞོན་པ་ཞུས་ཀྲུང་གིས། ང་ཚོས ༢༠༣༠ ལོར་སླེབས་སྐབས་ནགས་ཚལ་དང་རྩྭ་ཐང་གི་འབྱུང་ཁམས་བཅོས་སྐྱོང་མུའུ་ཁྲི ༧༢༠ ཡི་ལས་འགན་ལེགས་སྒྲུབ་བྱས་ཏེ། ཉིང་ཞ་ས་ཁོངས་ནང་གི་མའོ་ཝུའུ་སུའུ་བྱེ་ཐང་གི་སྐོར་སྐྱོད་བྱེ་འབུར་ཚང་མ་མེད་པ་བཟོ་རྒྱུ་དང་། ཐེང་ཀེ་ལའི་བྱེ་ཐང་གིས་རྨ་ཆུར་གནོད་སྐྱོན་གཏོང་བའི་ལམ་བུ་འགོག་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེདེསྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ལྗང་མདོག་དར་སྤེལ་གཏོང་བ་ནི་སྤུས་ཚད་དང་ཕན་འབྲས་གཉིས་ཀར་སྣང་ཆེན་བྱས་ཏེ། སྔོ་ལྗང་རི་ཆུ་གསེར་རི་དངུལ་རིར་སྒྱུར་བའི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཉེ་ལམ་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་གྱི་སའེ་ཧན་པ་འཕྲུལ་ཆས་ནགས་རས་ནགས་ཚལ་གྱི་ཐཱན་འདུས་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས། འབྱུང་ཁམས་ཀྱི་བཟང་ཆ་དེ་འཕེལ་རྒྱས་ཀྱི་བཟང་ཆར་སྒྱུར་བ་བྱེད་བཞིན་ཡོད། སའེ་ཧན་པ་འཕྲུལ་ཆས་ནགས་རའི་འགོ་འཛིན་ཡུས་ཧྲེ་ཐའོ་ཡིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར། འབྱུང་ཁམས་ཐོན་རྫས་ཀྱི་རིན་ཐང་ནུས་ལྡན་ངང་བརྗེ་སྒྱུར་ཐུབ་པ་བྱ་རྒྱུ་ཡིན། ང་ཚོས་ཐཱན་འདུས་རྣམ་གྲངས་གསར་པ་ཇུས་འགོད་དང་གསར་སྤེལ་བྱེད་པའི་དམིགས་ཡུལ་ནི ༢༠༢༦ ལོར་སླེབས་སྐབས། ནགས་ཚལ་གྱི་ཐཱན་འདུས་ནུས་པ་བརྒྱ་ཆ ༦ ཡན་མཐོ་རུ་གཏོང་རྒྱུ་དང་། ནགས་ཚལ་གྱི་རླན་སའི་རྒྱུ་ནོར་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར ༢༢༣ བར་མཐོ་རུ་གཏོང་ཆེད་ཡིན་ཞེས་གསུངས་པ་རེད།

ལྗང་མདོག་སྲུང་སྐྱོང་བྱེད་པ་ནི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། བྱང་གསུམ་ས་ཁུལ་ནི་རྒྱལ་ཁོངས་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བའི་གཡུལ་ས་གཙོ་བོ་ཡིན་པས། སྟོབས་ཤུགས་དེ་བས་མང་བ་བྱང་གསུམ་ལས་གཞི་འཛུགས་སྐྲུན་བྱེད་པའི་ཐོག་གཅིག་སྡུད་བྱས་ཏེ། བྱང་རྒྱུད་མཐའ་མཚམས་ཀྱི་ལྗང་མདོག་ལྕགས་རི་རིང་པོ་བརྟན་དུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། ནང་སོག་རང་སྐྱོང་ལྗོངས་པ་ཡན་ནུའོར་གྲོང་ཁྱེར་ལིན་ཧོ་ཆུས་རྒྱལ་གཉེར་ཤིན་ཧྭ་ནགས་རའི་འགོ་འཛིན་གཞོན་པ་ཀེ་ཝུན་པིན་གྱིས། ཤིན་ཧྭ་ནགས་ར་ནི་བྱང་གསུམ་འགོག་སྲུང་ནགས་ཚལ་མ་ལག་ཁྲོད་ཀྱི་ནགས་ར་ཞིག་རེད། ང་ཚོས་འབད་བརྩོན་ལྡབ་འགྱུར་བྱས་ཏེ་ནགས་བཟོ་བྱེ་བཅོས་ལས་དོན་ནང་ཞུགས་རྒྱུ་ཡིན། ད་ལོ་ནགས་རར་མི་ཐབས་ལ་བརྟེན་ནས་ནགས་བཟོ་མུའུ ༦༣༥༨ ལེགས་སྒྲུབ་ཐུབ་པ་བྱ་རྒྱུ་དང་། སྡོང་ཕྲུག་ཁྲི ༢༦༠ འཛུགས་རྒྱུ་ཡིན། ད་ལོ་ང་ཚོས་ནགས་རའི་བྱེ་ས་ལྷག་མ་རྣམས་བཅོས་སྒྲིག་བྱས་ནས། བྱེ་ས་ཚར་གཅོད་དམག་འཐབ་ལས་རྣམ་པར་རྒྱལ་བ་བྱ་རྒྱུ་ཡིན་ཞེས་གསུངས་འདུག མེས་རྒྱལ་སྔོ་ལྗང་དུ་འགྱུར་བ་བྱ་རྒྱུར་མི་ཚང་མར་འགན་དཀྲི་ཡོད། སྤྱི་ཁྱང་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ། དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འབྱུང་ཁམས་སྲུང་སྐྱོང་སླར་གསོ་སིའི་སི་ཀྲང་གཞོན་པ་ལིའུ་ལི་ལིས། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གསར་ཤོས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱས་ནས། ས་གནས་ཁག་གིས་ཤིང་འཛུགས་སྔོ་འགྱུར་གྱི་རྣམ་གྲངས་གྲབས་གསོག་ཡག་པོ་བྱ་རྒྱུར་མཛུབ་ཁྲིད་བྱེད་པ་དང་། གནད་སྨིན་འཐུས་ཚང་གྱུར་བ་ཁག་གཅིག་ཁྱབ་གདལ་གཏོང་རྒྱུ་ཡིན། སྔོན་ལ་ས་ཞིང་ལེགས་སྒྲིག་དང་ས་བོན་གྲ་སྒྲིག་ཡག་པོ་བྱེད་པ་དང་། ངལ་རྩོལ་ནུས་ཤུགས་གཅིག་གྱུར་བཀོད་སྒྲིག་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ས་གནས་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་དཔྱིད་དུས་དུས་བཟང་དམ་འཛིན་གྱིས་ཤིང་འཛུགས་སྔོ་སྒྱུར་གྱི་ཚ་རླབས་ཤིག་རྒྱུན་ཆད་མེད་པར་འཕྱུར་བ་བྱེད་དགོས་གསུངས་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གསར་པ་དང་མཇལ་མོལ་གནང་བ། ༼བདེན་འཚོལ༽ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་འདི་སྤེལ་འདུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།