གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་བགྲེས་སོང་བྱ་སྤྱོད་ཀྱི་དང་བླངས་པར་འཕྲིན་ལན་སྤྲིངས།

སྤེལ་དུས་: 2024ལོ་10ཟླ་11ཚེས་ 15:54 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ལུགས་རྙིང་ལོའི་དགུ་པའི་ཚེས་དགུའི་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བགྲེས་སོང་བྱ་སྤྱོད་ཀྱི་བགྲེས་སོང་དང་བླངས་པའི་འཐུས་མིར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་ངང་སྐུལ་ལྕག་གནང་བ་དང་། རྒྱལ་ཡོངས་ཀྱི་བགྲེས་སོང་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཡོད།

ཞི་ཅིན་ཕིང་གིས། ལོ་མང་རིང་ལྷན་རྒྱས་ནས་དང་བླངས་ཞབས་ཞུའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ་དང་། སྦྱངས་པའི་ཤེས་བྱ་དང་རང་ཉིད་ཀྱི་བཟང་ཆ་སྤྱད་དེ་གཞི་རིམ་དང་མང་ཚོགས་ལ་ཞབས་འདེགས་ཞུས་ནས། སྤྱི་ཚོགས་ལ་དྲང་ནུས་བརྒྱུད་སྤྲོད་བྱས་པ་དང་། དུས་རབས་གསར་པའི་ཀྲུང་གོའི་བགྲེས་སོང་གི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས།བགྲེས་སོང་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན། རྒྱ་ཆེའི་བགྲེས་སོང་གྲོགས་པོ་རྣམས་ཀྱིས་རྟ་ཕོ་རྒས་ཀྱང་འགྲོས་མི་ཉམས་པ་དང་ན་སོ་རྒས་ཀྱང་ངར་ཤུགས་མི་ཉམས་པའི་བདེ་ཐང་གི་སེམས་ཁམས་དང་ཡར་བརྩོན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། རྒ་བའི་དུས་སུ་འཚོ་རྟེན་ཡོད་པ་དང་རྒ་བའི་དུས་སུ་སྤྲོ་སྣང་ཡོད་ལ། རྒ་བའི་དུས་སུ་ལས་རྒྱུ་ཡང་ཡོད་པ་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བགྲེས་སོང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒན་རྒོན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། བགྲེས་སོང་ཚོའི་ཁ་ཚ་དགོས་གཏུག་དང་དཀའ་ངལ་ཆེ་བ། སེམས་ཁྲལ་ཆེ་བ། རེ་སྒུག་ཆེ་བ་བཅས་ཀྱི་གནད་དོན་ལ་དམིགས་ཏེ། སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་བཏོད་དེ་བགྲེས་སོང་ཚོའི་འཚོ་བར་འགན་ལེན་ཡག་པོ་ཡོད་པ་དང་། ནུས་པ་འདོན་སྤེལ་ཡག་པོ་ཐུབ་པ། ཁེ་དབང་སྲུང་སྐྱོང་ཡག་པོ་ཐོབ་པ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

བགྲེས་སོང་བྱ་སྤྱོད་ནི་རྒྱལ་ཡོངས་རྒན་རྒོན་ལས་དོན་ཨུ་ལྷན་གྱིས ༢༠༠༣ ལོར་སྤེལ་བའི་བགྲེས་སོང་དང་བླངས་ཞབས་ཞུའི་བྱེད་སྒོ་ཞིག་ཡིན་པ་དང་། གཙོ་བོ་ཁྱབ་ཁོངས་ཁག་གི་རིགས་གཅིག་མཁས་ཅན་རྒན་གྲས་དང་དགེ་རྒན་ཆེ་མོ་བ་རྒན་གྲས་སྒྲིག་འཛུགས་བྱས་ཏེ། གོང་འཕེལ་འགྲོ་འགོར་བའི་ས་ཁུལ་ལ་རོགས་སྐྱོར་བྱེད་ཀྱི་ཡོད། མིག་སྔའི་བར། རྒྱལ་ཡོངས་སུ་བགྲེས་སོང་བྱ་སྤྱོད་ནང་ཞུགས་མཁན་བགྲེས་སོང་དང་བླངས་པ་ཁྱོན་མི་ཐེངས་ཁྲི ༧༠༠ ལྷག་ཙམ་ཟིན་པ་དང་། རོགས་སྐྱོར་རྣམ་གྲངས ༤༠༠༠ ལྷག་ཙམ་སྤེལ་ཡོད།  བགྲེས་སོང་བྱ་སྤྱོད་དེ་བགྲེས་སོང་ཚོ་རྒས་དུས་ལས་རྒྱུ་ཡོད་པར་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཉེ་ཆར་བགྲེས་སོང་བྱ་སྤྱོད་ཀྱི་བགྲེས་སོང་དང་བླངས་པའི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། དང་བླངས་ཞབས་ཞུའི་ནང་ཞུགས་པའི་གནས་ཚུལ་སྙན་སེང་ཞུས་པ་དང་། མུ་མཐུད་བཟང་ཆ་འདོན་སྤེལ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་ཐོག ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་མི་རིཊ་མཐུན་སྒྲིལ་སྐོར་ལ་འདི་ལྟར་བསྟན། ཞི་ཅིན་ཕིང་གིས་ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་གྱི་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་འཐུས་མིར་མཇལ་འཕྲད་གནང་སྐབས་ནན་བཤད་གནང་དོན། ཞི་ཅིན་ཕིང་ནས་ཞིང་པ་དང་ཞིང་གསུམ་ལས་དོན་པར་འཚམས་འདྲི་ཞུས་པ། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ཝང་ཅུན་ཀྲེང་གིས་ཚེས༢༢ཉིན་ནས་བཟུང་ཚོགས་པའི་སྣེ་ཁྲིད་དེ་མོང་གོལ་རྒྱལ་ཁབ་དང་ཧན་གོར་འཚམས་འདྲི་གནང་བ།