གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་ཁུལ་གསུམ་དང་མཐོ་ས་གཅིག་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

སྤེལ་དུས་: 2025ལོ་09ཟླ་05ཚེས་ 11:51 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ ༩ ཚེས ༢ ཉིན་གནས་ཚུལ་འབྱོར་གསལ། ཟླ ༩ ཚེས ༢ ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་ཁུལ་གསུམ་དང་མཐོ་ས་གཅིག་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་ཁུལ་གསུམ་དང་མཐོ་ས་གཅིག་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་ལས་དོན་གྱི་འཕེལ་རིམ་སྐོར་གྱི་སྙན་སེང་གསན་པ་དང་འབྲེལ་ཡོད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

ཝང་ཅུན་ཀྲེང་གིས་གསུངས་དོན། ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་གྱིས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཁུལ་གསུམ་དང་མཐོ་ས་གཅིག་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་དང་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུའི་རྣམ་པའི་ཐོག་ནས་དོན་ཆེན་བཞིར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ༼གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར༽དང་། ༼འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར༽ ༼མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར༽ ༼མཐའ་མཚམས་ས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར༽སོགས་ཡིག་ཆ་བཏོན་ཏེ། བསམ་ཕྱོགས་དང་ཁ་ཕྱོགས་གསལ་སྟོན་དང་སྲིད་ཇུས་དང་བྱེད་ཐབས་སྤྱོད་ཤུགས་ཆེ་རུ་བཏང་བ། སྤྱི་འདོམས་ངང་སྐུལ་འདེད་བཏང་སྟེ་གཙོ་གནད་ཚད་བརྒལ་དང་སྤྱིར་བཏང་ལ་སྐུལ་འདེད་གཏོང་བ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་མ་ལག་གི་འདུ་ཤེས་དང་སྤྱི་ཡོངས་ཀྱི་མིག་རྒྱང་ལ་བརྟེན་ནས་འཕེལ་རྒྱས་མགྱོགས་པོ་བཏང་བ། ཕན་འབྲས་མངོན་གསལ་དོད་པ་དང་སྔོན་དཔག་གི་དམིགས་ཚད་ལ་སླེབས་ནས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གནད་དོན་གྱི་འཛིན་ཕྱོགས་དང་ལས་ཀའི་གཙོ་གནད་ལ་དམིགས་རྒྱུ་མཐའ་འཁྱོངས་ཀྱིས་དོན་ཆེན་བཞི་དོན་འཁྱོལ་དང་ཁུལ་གསུམ་དང་མཐོ་ས་གཅིག་འཛུགས་གཏོད་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། མ་ལག་གི་བསམ་གཞིག་དང་སྤྱི་ཡོངས་ཀྱི་འཆར་འགོད་མཐའ་འཁྱོངས་ཀྱིས་གནད་དོན་གྱི་འཛིན་ཕྱོགས་དང་། དམིགས་ཚད་ཀྱི་འཛིན་ཕྱོགས། གྲུབ་འབྲས་ཀྱི་འཛིན་ཕྱོགས་བཅས་ལ་ཤུགས་སྣོན་རྒྱག་དགོས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིའི་རྩོད་སྒྲུབ་ཀྱི་འབྲེལ་བར་སྟངས་འཛིན་ཡང་དག་བྱེད་པ་དང་། དོན་ཆེན་བཞི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་ནི་ཡུན་རིང་གི་མ་ལག་འདུ་འགོད་ཅིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། ཤུགས་སྣོན་གང་ཡོད་དང་སྙིང་རུས་གཏན་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་དུས་བབ་ཁོང་དུ་ཆུད་པ་དང་དམིགས་འབེན་ཡོད་པའི་སྒོ་ནས་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། མ་ལག་ལག་བསྟར་དང་རིགས་དབྱེ་ཇུས་བསྟར་བྱས་ཏེ་མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་སྲ་བརྟན་དུ་གཏོང་བར་ཤུགས་སྣོན་རྒྱག་དགོས།

སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ཏེ་བརྟན་ལྷིང་སྲུང་སྐྱོང་ལས་འགན་ཨང་དང་པོར་བརྩིས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་རྒྱག་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བཅས་བྱས་ནས་ཡུན་རིང་བདེ་འཁོད་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས། ལེགས་ཆ་འདོན་སྤེལ་དང་ལེགས་སྤེལ་ཉེས་འགོག་བྱས་ཏེ་ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་དོན་དངོས་དང་ཟུང་འབྲེལ་གྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ནུབ་རྒྱུད་ཐོན་འབྱེད་ཆེན་པོའི་འཐབ་ཇུས་ཁྲོད་རང་ངོས་ཀྱི་ངེས་གནས་ཡང་དག་འཚོལ་བ་དང་། རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཁྲོད་ཞབས་ཞུའི་འགན་སྲུང་ཡག་པོ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་བཀོད་པ་ཆེན་པོའི་ནང་མགྱོགས་མྱུར་མཉམ་འདྲེས་ཐུབ་པར་བྱེད་དགོས། ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག་གི་སྤྱིའི་བླང་བྱ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས། ཕན་ནུས་ལྡན་པའི་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་སྐྱོང་སྲིད་གཞུང་དང་ཡིད་རྟོན་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཚོང་འགུགས་མ་འདྲེན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་ཕན་འབྲས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་བཅས་བྱེད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་དགོས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དང་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་ལྗང་རྒྱ་ཆེར་གཏོང་བ། འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། མཚོ་བོད་ས་མཐོའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་བཅས་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་ས་ཁོངས་སྲུང་བའི་འགན་འཁྲི་བསྒྲུབས་ཏེ། ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་བ་དང་མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་གཏོང་ཤུགས་ཆེ་རུ་གཏོང་དགོས། ས་ཁོངས་སྲུང་བ་དང་མཐའ་མཚམས་སྟོབས་ཆེར་གཏོང་བ་དང་། དམངས་ཕྱུག་དང་མཐའ་དར་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ནས་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱེད་པར་དགེ་མཚན་ལྡན་པའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། ཆོས་ཉིད་ལ་ཕྱོགས་སྡོམ་དང་ངོས་འཛིན་ཟབ་ཏུ་བཏང་སྟེ། ཚོར་སྣང་གི་ཤེས་རྟོགས་དེ་རྗེས་དཔག་གི་ཤེས་རྟོགས་སུ་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་དགོས། བློ་བརྟན་འགྱུར་མེད་ངང་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གྱིས་ལོ་ལྔ་ཚན་བཅུ་བཞི་པའི་ལས་དོན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་དང་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་ཏེ། དོན་དངོས་ལ་གཞིགས་ནས་དོན་ཆེན་བཞིར་ཞིབ་འཇུག་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་ཇུས་གཞི་དང་བྱེད་ཐབས་བཏོན་ནས། མཚམས་ཚིགས་རེ་རེ་བཞིན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་ལས་འགན་རེ་རེ་བཞིན་གོ་རིམ་ལྡན་པའི་ངང་ལེགས་སྒྲུབ་བྱེད་དགོས།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་ ༨༠ འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ། ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་ལྔ་པ་གཙོ་སྐྱོང་དང་གསུང་བཤད་གལ་ཆེན་གནང་བ། དེ་རིང་གི་དྲན་གསོའི་ཚོགས་ཆེན་ཐོག་ཞི་ཅིན་ཕིང་གིས་ནན་སྟོན་གནང་དོན། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷནརྒྱ༿་ཆེ༾གྱི་ཚོགས་འདུ་འཚོགས་པ།