ཟླ ༡༡ ཚེས ༡ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞིར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། ཨེ་ཅིབ་ཆེན་མོའི་རྟེན་རྫས་བཤམས་མཛོད་ཁང་སྒོ་ཕྱེ་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས། ཨེ་ཅིབ་ཆེན་མོའི་རྟེན་རྫས་བཤམས་མཛོད་ཁང་སྒོ་ཕྱེ་བའི་སྐབས་འདིར། ང་རང་ནས་ཙུང་ཐུང་སའེ་ཞི་དང་ཨེ་ཅིབ་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཨེ་ཅིབ་ཆེན་མོའི་རྟེན་རྫས་བཤམས་མཛོད་ཁང་སྒོ་ཕྱེ་བ་འདིས་ཨེ་ཅིབ་ཀྱི་རིག་གནས་ལོ་རྒྱུས་ལ་ངོ་མཚར་ཆེ་བའི་གཟི་དཔལ་སྣོན་རྒྱུ་དང་གནའ་བོའི་ཨེ་ཅིབ་ཀྱི་ཤེས་དཔལ་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པར་ནུས་པ་གལ་ཆེན་འདོན་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨེ་ཅིབ་གཉིས་ཀྱི་མཛའ་མཐུན་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཉེ་བའི་ལོའི་རིང་། ཀྲུང་གོ་དང་ཨེ་ཅིབ་ཀྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་དབྱར་མཚོ་རྒྱས་ལྟར་གོང་འཕེལ་ཕྱིན་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ལ་གཅིག་རྗེས་གཉིས་མཐུད་ངང་ངོ་མཚར་ཆེ་བའི་གྲུབ་འབྲས་ཐོབ་ཡོད། ཧྲང་ཧའེ་རྟེན་རྫས་བཤམས་མཛོད་ཁང་གི་གནའ་བོའི་ཨེ་ཅིབ་ཀྱི་ཤེས་དཔལ་འགྲེམས་སྟོན་ཆེན་མོ་བདེ་བླག་ངང་གཉེར་བ་དང་། ཀྲུང་གོ་དང་ཨེ་ཅིབ་ཀྱི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ས་ཁ་ལའི་གསེར་གྱི་མཆོད་རྟེན་འོག་ཏུ་ངོ་མཚར་ཆེ་བའི་གནའ་བོའི་ཨེ་ཅིབ་ཀྱི་ཤེས་དཔལ་མཉམ་དུ་འཚོལ་ཞིབ་བྱེད་མུས་ཡིན། ང་ཚོ་དགའ་འོས་པ་ཞིག་ནི། གནའ་བོའི་ཤེས་དཔལ་ཆེན་པོ་གཉིས་ཀྱིས་དམིགས་འབེན་གཅིག་གི་ཕྱོགས་སུ་མཉམ་དུ་སྐྱོད་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཉིན་རེ་བཞིན་འགྲོགས་འདྲིས་མཛའ་གཅུགས་ལྡན་པར་འགྱུར་བཞིན་ཡོད། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་རིང་མཐོང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་ཇེ་མགྱོགས་སུ་འགྲོ་བཞིན་པས། ཀྲུང་གོ་དང་ཨེ་ཅིབ་གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རེས་བྱ་རྒྱུ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཨེ་ཅིབ་ཀྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་གོང་འཕེལ་འགྲོ་ཆེད་སྒུལ་ནུས་གསར་པ་སྣོན་དགོས་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་ཤེས་དཔལ་གྱི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཐེ་ལན་གྱི་རྒྱལ་པོར་མྱ་ངན་ཞུ་འཕྲིན་བཏང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་བཞི་པ་འགོ་ཚུཊ་པ། ཞི་ཅིན་ཕིང་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ཝང་ཅུན་ཀྲེང་གིས༢༠༢༥ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་སུ་ཞུགས་མཁན་ཕྱི་རྒྱལ་གྱི་སྲིད་ཕྱོགས་མི་སྣ་གལ་ཆེན་དང་ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་དང་མཇལ་འཛོམས་གནང་བ།