སྤྱི་ཚེས ༢༤ ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་གྱི་སྡོད་ཁང་སྐྱོ་ཁུལ་བསྒྱུར་བཀོད་རྣམ་གྲངས་དང་། གྲོང་ཁུལ་གྱི་ཆུ་ལག་བཅོས་སྐྱོང་ལས་གྲྭ། ལྷ་ས་སྐྱིད་ཆུའི་ཕྱོགས་བསྡུས་བཅོས་སྐྱོང་དང་སྣོད་བཅུད་སླར་གསོའི་ལས་གྲྭ་འཆར་འགོད་འཛུགས་སྐྲུན་རྣམ་གྲངས་སོགས་སྐྲུན་ཡུལ་དུ་ཕེབས་ཏེ། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཚུལ་ལ་བརྟག་ཞིབ་གནང་བ་རེད།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལྕགས་རོང་སྡོད་ཁང་སྐྱོ་ཁུལ་བསྒྱུར་བཀོད་རྣམ་གྲངས་ཀྱི་ལས་ཡུལ་དུ་ཝུའུ་དབྱིང་ཅེས་རྣམ་གྲངས་འཆར་འགོད་དང་ལས་གྲྭའི་འཕེལ་རིམ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
ལྷ་ས་གྲོང་ཁྱེར་གྱི་ཁུལ་ཆུང་རྙིང་པའི་གྲོང་མིའི་སྡོད་ཁང་ཆ་རྐྱེན་ལེགས་སུ་དང་གྲོང་ཁྱེར་གྱི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་ཆེད། སྤྱི་ལོ ༢༠༡༩ ལོར་ཁྲེང་ཀོན་ཆུས་ལྕགས་རོང་སྡོད་ཁང་སྐྱོ་ཁུལ་བསྒྱུར་བཀོད་རྣམ་གྲངས་ལག་ལེན་བསྟར་ཡོད། མིག་སྔར་ལས་གྲྭའི་ལས་འབོར་གྱི་བརྒྱ་ཆ ༨༥ ལེགས་གྲུབ་ཟིན་པ་དང་སྔོན་དཔག་བྱས་ན་འདི་ལོའི་སྤྱི་ཟླ ༨ པར་ལས་མཇུག་ཡོངས་སུ་སྒྲིལ་རྒྱུ་རེད། ཨར་ལས་བྱ་ཡུལ་དུ་ཝུའུ་དབྱིང་ཅེས་སྡོད་ཁང་སྐྱོ་ཁུལ་བསྒྱུར་བཀོད་འཆར་གཞི་དང་འཛུགས་སྐྲུན་འཕེལ་རིམ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། དེ་སྔོན་ཛར་ཛོར་ཆེ་བའི་སྡོད་ཁང་སྐྱོ་ཁུལ་དག་ད་ཆ་ ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ། འགྲོ་ལམ་ཤར་གཏོང་ཐུབ་པ་དང་། ལེ་ལག་ཆ་ཚང་བ་བཅས་ཀྱི་དེང་རབས་ཅན་གྱི་ཁུལ་ཆུང་དུ་གྱུར་པ་གཟིགས་སྐབས། ཁོང་གིས་རྣམ་གྲངས་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་བསྔགས་བརྗོད་གནང་བ་རེད།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལྕགས་རོང་སྡོད་ཁང་སྐྱོ་ཁུལ་བསྒྱུར་བཀོད་རྣམ་གྲངས་ཀྱི་ལས་གྲྭ་སྐྲུན་ཡུལ།
ཁོང་གིས་སྡོད་ཁང་སྐྱོ་ཁུལ་བསྒྱུར་བཀོད་ནི་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བའི་དམངས་ཕན་སྲིད་ཇུས་ཤིག་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་དམངས་འཚོའི་ལས་གྲྭ་ཞིག་རེད། དེས་ན་རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་འཛུགས་པ་དང་སྡོད་ཁང་སྐྱོ་ཁུལ་བསྒྱུར་བཀོད་ལས་གྲྭ་དེ་དམངས་འཚོའི་ལས་གྲྭ་དང་དམངས་སེམས་ལས་གྲྭ་གལ་ཆེན་ཞིག་ཏུ་བརྩིས་ཏེ། སྔོན་སླ་རྗེས་དཀའི་རྩ་དོན་ལྟར་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་བསྒྱུར་བཀོད་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། ལས་གྲྭའི་སྤུས་ཚད་དང་། ལྷན་སྦྱར་སྒྲིག་བཀོད། ཁོར་ཡུག་སྔོ་འགྱུར་སོགས་ཀྱི་ལས་དོན་ལ་དམ་འཛིན་ཞིབ་ཚགས་དང་དམ་འཛིན་ཡག་པོ་བྱེད་པ། སྡེ་ཁུལ་གྱི་བུ་བཅོལ་ཁང་གི་སློབ་གསོ་དང་སྨན་བཅོས་སོགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ལ་དེ་བས་སྟབས་བདེ་པོ་དང་། དེ་བས་བག་ཕེབས་པོ། དེ་བས་བདེ་ཞིང་སྐྱིད་པ་བཅས་ཀྱི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།
ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་ཆུ་ལག་བཅོས་སྐྱོང་གི་ལས་གྲྭར་རྟོག་ཞིབ་གནང་བཞིན་པ།
སྤྱི་ལོ ༢༠༡༩ ལོར་ལག་བསྟར་བྱེད་འགོ་ཚུགས་པའི་ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་ཆུ་ལག་བཅོས་སྐྱོང་རྣམ་གྲངས་ཀྱི་གྲས་སུ། ཆུ་བོའི་མ་ལག་སྦྲེལ་མཐུད་དང་། ཆུ་ལག་བཅོས་སྐྱོང་། མཛེས་ལྗོངས་བསྒྱུར་བཀོད་སོགས་ཚུད་ཡོད། ཝུའུ་དབྱིང་ཅེས་གཙང་རལ་ལམ་དང་འདམ་ར་ལམ་གཉིས་ཀྱི་ལམ་མདོ་ཁར་ཡོད་པའི་མ་ཡུར་དབུས་མའི་དུམ་བུ་ཤར་མའི་ཕྱོགས་བསྡུས་བཅོས་སྐྱོང་དང་སྣོད་བཅུད་བཅོས་སྐྱོང་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་ཕེབས་ཏེ། རྣམ་གྲངས་ཀྱི་སྤྱིའི་འཆར་འགོད་ལག་བསྟར་བྱས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་དང་ལས་གྲྭ་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་གཟིགས་ཞིབ་གནང་བ་རེད།
དེ་སྔོན་གད་སྙིགས་དང་རྩྭ་ངན་གྱིས་ཁེངས་པའི་ལྷ་སའི་མ་ཡུར་དབུས་མའི་དུམ་བུ་ཤར་མ་ད་ཆ་ཆུ་བོ་དྭངས་ལ་ཡུལ་ལྗོངས་མཛེས་པའི་ཆུ་ཡུར་སྤྱི་གླིང་ཞིག་ཏུ་གྱུར་ཡོད།
ཝུའུ་དབྱིང་ཅེས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་འབད་འཐབ་དམིགས་ཚད་དུ་བརྩིས་ཏེ། གྲོང་ཁྱེར་གྱི་ཆུ་ལག་ལ་རྒྱུན་འཁྱོངས་ལྷོད་མེད་ངང་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་པ་དང་། གྲོང་ཁྱེར་གྱི་ཆུ་ལག་དེ་བེད་སྤྱོད་བྱེད་དྲགས་པ་ནས་རང་བཞིན་སླར་གསོ་དང་སོར་ཆུད་སྐྱེ་འཕེལ་ཕྱོགས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་ཆུ་ཡུར་གཅིག་ལ་གཅིག་མཐུད་དང་གྲོང་ཁྱེར་གྱི་མཛེས་ལྗོངས་གཅིག་ལ་གཅིག་སྦྲེལ་ཡོང་བ་བཅས་བྱས་ནས་ཆུ་བོ་དྭངས་ཤིང་གཙང་ལ་ཤར་རྒྱུག་ཐུབ་པ་དང་། ཆུ་ལག་མང་བ་སོགས་ཀྱི་ལྷ་སའི་སྔོན་མའི་ཉམས་འགྱུར་སླར་གསོ་ཡོང་བ་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།
ལྷ་ས་སྐྱིད་ཆུའི་གྲོང་ཁུལ་དུམ་བུ་ཕྱོགས་བསྡུས་བཅོས་སྐྱོང་དང་སྣོད་བཅུད་སླར་གསོའི་ལས་གྲྭ་འཛུགས་སྐྲུན་ཟིན་རྗེས་ལྷ་ས་གྲོང་ཁུལ་གྱི་མཁའ་རླུང་གི་གཤེར་ཚད་མཐོ་རུ་དང་ཐལ་རླུང་ཆུང་དུ་ཕྱིན་ནས་མི་ཆུ་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་ཐེབས་རྒྱུ་རེད།
ལྷ་ས་སྐྱིད་ཆུའི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭའི་ཆུ་སྒོ་ལྔ་པ་འཛུགས་སྐྲུན་བྱ་ཡུལ་དུ་བཟོ་པས་དུས་ཚོད་དམ་འཛིན་གྱིས་ཨར་ལས་བྱེད་བཞིན་པ།
ཝུའུ་དབྱིང་ཅེས་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་ཕེབས་ཏེ། ལས་གྲྭ་འཆར་འགོད་དང་འཛུགས་སྐྲུན་གྱི་འཕེལ་རིམ་སོགས་སྐོར་གྱི་སྙན་སེང་ནན་ཏན་ངང་གསན་ཞིང་། ཁོང་གིས་ལྷ་ས་སྐྱིད་ཆུར་སྲུང་སྐྱོང་ཡག་པོ་དང་། བཅོས་སྐྱོང་ཡག་པོ། ཕྱོགས་བསྡུས་བེད་སྤྱོད་ཡག་པོ་བཅས་བྱེད་དགོས། ཆུ་ཡུར་མ་ལག་བཅོས་སྐྱོང་བྱ་རྒྱུ་ནི་ཆུ་རྒྱུད་གནས་པའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་བདེ་ཐང་བདེ་སྐྱིད་དང་འབྲེལ་བ་ཡོད། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། ལྷ་ས་སྐྱིད་ཆུའི་ཐོན་ཁུངས་དོ་དམ་དང་། ཆུ་རྒྱུད་ལ་དོ་དམ། འབྲེལ་ཡོད་ལོ་རྒྱུས་དང་མི་ཆོས་རིག་གནས་ཐོན་ཁུངས་སྲུང་སྐྱོང་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་མ་ཟད། ད་དུང་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་། ཆུའི་སྦགས་བཙོག་འགོག་བཅོས། ཆུའི་ཁོར་ཡུག་ལེགས་གཏོང་། ཆུའི་སྣོད་བཅུད་སླར་གསོ་བཅས་ཀྱི་འགན་ཁུར་ནས་ལྷ་ས་སྐྱིད་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་གསུང་གནང་བ་རེད། །
ལྷ་སའི་གཙང་འགྲམ་ལམ་གྱི་གྲོང་སྲིད་ལས་གྲྭའི་ས་བཀྲ།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཧྲའན་ཞི་རུ་མུ་མཐུད་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་གིས་ཧྲའན་ཤིས་སུ་སྣོད་བཅུད་སྲུང་སྐྱོང་ལ་རྟོག་ཞིབ་གནང་བ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཆེ་གྲས《འབད་འཐབ་ཀྱིས་དང་། ཀྲུང་ཧྭའི་བུ་ཕྲུག》ཅེས་པ་པེ་ཅིང་དུ་འཚོགས་པ། ་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུཌ་སློབ་སྦྱོང་ལྟེ་བའི་ཚོཌ་ཆུང་གི་སློབ་སྦྱོང་ཚོཌ་འདུ་གཙོ་སྐྱོང་གནང་བ།