གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝུའུ་དབྱིང་ཅེས་དཔལ་མགོན་རྫོང་དུ་དབུལ་གྲོལ་ལས་དོན་སོགས་ལ་རྟོག་ཞིབ་གནང་བ།

སྤེལ་དུས་: 2020ལོ་04ཟླ་28ཚེས་ 10:54 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ལྗོངས་ཏང་ཨུད་ཀྱིས་གཞི་རིམ་དུ་བརྟག་ཞིབ་དག་ཐེར་ལ་སྐུལ་འདེད་གཏོང་བའི་ཟླ་བའི་བཀོད་སྒྲིག་གཞིར་བཟུང་། སྤྱི་ཚེས ༢༦ ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ཁོང་རང་ཉིད་ཀྱི་དབུལ་སྐྱོར་འབྲེལ་གཏུག་ས་ཚིགས་ཏེ། ས་བབ་མཐོ་ཚད་སྨི ༤༧༥༠ ཡོད་པའི་དཔལ་མགོན་རྫོང་དུ་ཕེབས་ནས། ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་ཀྱི་ཕྱིར་མིག་ལྟ་བའི་ཚུར་ལན་གནད་དོན་དག་ཐེར་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་གཏོང་། ཞིང་འབྲོག་ཁུལ་གྱི་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་བཅས་ཀྱི་སྐོར་ལ་བརྟག་ཞིབ་གནང་བ་རེད།

ཝུའུ་དབྱིང་ཅེས་ནན་གསུང་གནང་དོན། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་བ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས། བྱ་བཟང་ཡག་པོ་ཏན་ཏིག་བསྒྲུབས་ཏེ། མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོར་སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡག ཀྲུང་གོ་གུང་ཁྲན་ཏང་ཡག མེས་རྒྱལ་ཁྱིམ་ཚང་ཆེན་པོ་ཡག མི་རིགས་མཐུན་སྒྲིལ་ཡག་ཅེས་བརྗོད་དུ་འཇུག་པ་དང་། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བསམ་བློ་བརྟན་དུ་གཏོང་དགོས། མང་ཚོགས་ཚོས་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གཏོང་བར་ཁྲིད་སྟོན་བྱས་ཏེ། འབྲོག་ལས་ཐོན་རྫས་ཚོང་ཟོག་ཏུ་འགྱུར་ཚད་མཐོ་རུ་བཏང་ནས། ཡོང་འབབ་མང་དུ་གཏོང་བ་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་དབུལ་སྐྱོར་སྐོར་ལ་གནང་བའི་ལེགས་བཤད་ཁག་བཅུ། ཝུའུ་དབྱིང་ཅེས་ལྷ་སའི་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཚུལ་ལ་བརྟག་ཞིབ་གནང་བ། ཞི་ཅིན་ཕིང་གིས་ཧྲའན་ཞི་རུ་མུ་མཐུད་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་གིས་ཧྲའན་ཤིས་སུ་སྣོད་བཅུད་སྲུང་སྐྱོང་ལ་རྟོག་ཞིབ་གནང་བ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཆེ་གྲས《འབད་འཐབ་ཀྱིས་དང་། ཀྲུང་ཧྭའི་བུ་ཕྲུག》ཅེས་པ་པེ་ཅིང་དུ་འཚོགས་པ།