གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝུའུ་དབྱིང་ཅེས་དྲ་རྒྱ་འཛུགས་སྐྱོང་ཐད་བླང་བྱ་འདི་དག་བཏོན་གནང་བ།

སྤེལ་དུས་: 2020ལོ་05ཟླ་08ཚེས་ 10:21 ཡོང་ཁུངས་: 日喀则
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

       སྤྱི་ཚེས ༦ ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཏེ། ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། སྤྱི་ལོ ༢༠༡༩ ལོའི་ལྗོངས་ཡོངས་ཀྱི་དྲ་འཕྲིན་ལས་དོན་གྱི་གནས་ཚུལ་དང་སྤྱི་ལོ ༢༠༢༠ ལོའི་དྲ་འཕྲིན་ལས་དོན་གྱི་གནད་འགག་གཙོ་བོའི་སྙན་སེང་གསན་པ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་དང་། གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་བཅས་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། ལྗོངས་ཏང་ཨུད་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་།ཁོང་གིས་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གིས་དྲ་འཕྲིན་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པར་ཤུགས་སྣོན་ཏན་ཏིག་དང་། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ། དྲ་རྒྱ་འཛུགས་སྐྱོང་ཡག་པོ་དང་། དོ་དམ་ཡག་པོ། བེད་སྤྱོད་ཡག་པོ། རང་ལྗོངས་ཀྱི་དྲ་འཕྲིན་ལས་དོན་གྱི་གཙོ་གནད་ལས་འགན་གཙོ་བོར་དམ་འཛིན་ཡག་པོ་བཅས་བྱས་ནས། དུས་རབས་གསར་པའི་བོད་ཀྱི་དྲ་འཕྲིན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་བ་རེད།

ཝུའུ་དབྱིང་ཅེས་སྤྱི་ལོ ༢༠༡༩ ལོ་ཚུན་གྱི་ལྗོངས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་།ད་དུང་ཁོང་གིས་ནན་གསུང་གནང་དོན།

གཅིག་ནས་རང་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་དྲ་འཕྲིན་ལས་དོན་གྱི་ལས་འགན་ཁག་གི་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས།

གཉིས་ནས་ཞན་ཆ་གང་མགྱོགས་བསལ་ཏེ་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

གསུམ་ནས་ཉེན་ཁར་དོགས་ཟོན་གཙོ་བོར་བཟུང་ནས་བསྐྱར་སྐྲུན་གྱི་དོ་དམ་ལ་སྣང་ཆུང་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་ཏན་ཏིག་བྱེད་དགོས།

བཞི་ནས་ཏང་གིས་དྲ་རྒྱར་དོ་དམ་མཐའ་འཁྱོངས་བྱས་ཏེ། ཏང་གིས་དྲ་འཕྲིན་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ལྗོངས་ཡོངས་ཀྱི་ལྔ་བཞིའི་ལས་འགུལ་ལ་དྲན་གསོ་ཞུ་བའི་བཞུཌ་མོལ་ཚོཌ་འདུའི་ཐོག་ཝུའུ་དབྱིང་ཅེས་གཞོན་ནུ་ཚོར་གལ་ཆེའི་བཀའ་སློབ་གནང་བ། ཞི་ཅིན་ཕིང་གིས་དབུལ་སྐྱོར་སྐོར་ལ་གནང་བའི་ལེགས་བཤད་ཁག་བཅུ། ཝུའུ་དབྱིང་ཅེས་དཔལ་མགོན་རྫོང་དུ་དབུལ་གྲོལ་ལས་དོན་སོགས་ལ་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་གིས་ཧྲའན་ཞི་རུ་མུ་མཐུད་རྟོག་ཞིབ་གནང་བ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཆེ་གྲས《འབད་འཐབ་ཀྱིས་དང་། ཀྲུང་ཧྭའི་བུ་ཕྲུག》ཅེས་པ་པེ་ཅིང་དུ་འཚོགས་པ།