གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ཨན་ཧུའེ་རུ་རྟོག་ཞིབ་གནང་བར་ཕེབས་པ།

སྤེལ་དུས་: 2020ལོ་08ཟླ་19ཚེས་ 17:23 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས ༡༨ ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨན་ཧུའེ་རུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ཡོད། ཉིན་དེའི་ཕྱི་དྲོ། ཁོང་གིས་སྔ་རྗེས་སུ་ཧྥུ་ཡང་གྲོང་ཁྱེར་ཧྥུ་ནན་རྫོང་ཝང་ཅ་ཆུ་རགས་དང་། ཧུང་ལེའང་སྒམ་ཁུག་ཚད་ཡོང་ཀུང་སི། མེང་ཝ་ཆུ་ལོག་གསོག་ཁུལ་ཚའོ་ཅི་གྲོང་རྡལ་ལི་མིན་གྲོང་ཚོའི་ཞི་ཐན་ཕོ་ཀྲོང་ཐའེ་རུ་ཕེབས་ཏེ། ཧོའེ་ཧོ་ཆུ་བོའི་གནས་ཚུལ་ལ་གཟིགས་པ་དང་། ཞིང་ནང་དུ་ཕེབས་ཏེ་ས་གནས་དེ་གའི་འབྲུབ་འགོག་གནོད་སེལ་དང་གནོད་འཚེའི་རྗེས་ཀྱི་ཐོན་སྐྱེད་སླར་གསོ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ལ་གཟིགས་གནང་ཡོད་པ་རེད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་དོན་ལས་དོན་མི་སྣར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ། བཟའ་བཏུང་འཕྲོ་བརླག་གཏོང་བར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཝུའུ་དབྱིང་ཅེས་ལྷ་སར་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་བརྟག་ཞིབ་གནང་བ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཆེ་གྲས《འབད་འཐབ་ཀྱིས་དང་། ཀྲུང་ཧྭའི་བུ་ཕྲུག》ཅེས་པ་པེ་ཅིང་དུ་འཚོགས་པ།