གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

དུས་ཆེན་རིང་ཝུའུ་དབྱིང་ཅེས་ལྷ་གཞིས་རིམ་མཐོའི་གཞུང་ལམ་ལ་གཟིགས་པར་ཕེབས་པ།

སྤེལ་དུས་: 2021ལོ་01ཟླ་05ཚེས་ 11:18 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

གནམ་ལོ་གསར་ཚེས་རིང་། རང་ལྗོངས་ཀྱི་རྣམ་གྲངས་གལ་ཆེན་ཁག་གི་ཨར་པོ་བ་དང་། ལྟ་འདོམས་མི་སྣ། ཞིང་པ་ལས་མི་བཅས་ཀྱིས་རང་འགུལ་ངང་ངལ་གསོའི་དུས་ཚོད་བློས་བཏང་ནས། རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་སྐད་གྲགས་མེད་པར་དཀའ་སྤྱད་ངལ་རྩོལ་བྱེད་བཞིན་ཡོད། དེ་ཉིན་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་ས་ནས་གཞིས་རྩེ་བར་གྱི་གནམ་ཐང་དུམ་བུའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་རྣམ་གྲངས་བསྐྲུན་ཡུལ་དུ་ཕེབས་ནས། ལྗོངས་ཡོངས་ཀྱི་རྣམ་གྲངས་གལ་ཆེན་གྱི་ལས་གྲྭ་འཛུགས་སྐྲུན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་ནས། འཐབ་ས་དང་པོའི་ལས་དོན་མི་སྣར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་དང་སྦྲགས། ཚང་མ་དང་ལྷན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྤྱི་ལོ ༢༠༢༠ ལོའི་ལོ་གསར་གྱི་ཤིས་ཚིག་སློབ་སྦྱོང་གནང་སྟེ། ཁོ་ཚོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཆེན་གྱི་སྨོན་འདུན་ཞུ་ལུགས་དང་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་མཚོན་པར་གནང་བ་རེད།

ཝུའུ་དབྱིང་ཅེས་འཐབ་ས་དང་པོའི་ལས་དོན་པ་དང་གླེང་མོལ་གནང་བཞིན་པ།

བརྟག་ཞིབ་གནང་རིང་། ཝུའུ་དབྱིང་ཅེས་ལོ་ལྔ་ཚན་བཅུ་གསུམ་པའི་རིང་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་བྱ་གཞག་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། རིམ་ཁག་འགྲིམ་འགྲུལ་སྡེ་ཚན་དང་རྒྱ་ཆེའི་འགྲིམ་འགྲུལ་ལས་བྱེད་པ་དང་ལས་བཟོས་གོ་སྐབས་ལ་དམ་འཛིན་དང་འབད་བརྩོན་ཧུར་ཐག་བྱས་ཏེ། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཐབས་བརྒྱ་ཇུས་སྟོང་ངང་སེལ་བ་དང་། ལྗོངས་ཡོངས་ཀྱི་ལམ་དྲའི་གྲུབ་ཆ་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་བ། འགྲོ་ལམ་ཤར་གཏོང་གི་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་འཕྲལ་སྡོམ་འགན་ལེན་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། གྲོང་གསེབ་དར་རྒྱས་ཀྱི་ཐབས་ཇུས་ལག་བསྟར། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། དམངས་ཕྱུག་མཐའ་སྟོབས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་འདིང་བ་བཅས་བྱེད་དགོས་པའི་ནན་གསུང་གནང་བ་རེད།

ཝུའུ་དབྱིང་ཅེས་འཐབ་ས་དང་པོའི་ལས་དོན་པ་དང་གླེང་མོལ་གནང་བཞིན་པ།

ཝུའུ་དབྱིང་ཅེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལ་དམིགས་ནས། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་གལ་ཆེན་ཁག་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མཐུན་སྒྲིལ་གྱི་ལམ་ཐིག་དང་བདེ་སྐྱིད་ཀྱི་ལམ་དེ་བས་མང་བ་སྐྲུན་དགོས་པའི་ནན་གསུང་གནང་ཡོད། ལྷ་ས་ནས་གཞིས་རྩེ་བར་གྱི་རིམ་མཐོའི་གཞུང་ལམ་ནི་ལྗོངས་ཡོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཡུན་རིང་རེ་སྒུག་བྱས་པའི་མཚོན་རྟགས་རང་བཞིན་གྱི་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལས་གྲྭའི་ངོས་ནས། རྒྱ་ཆེའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཁོང་རྣམ་པ་དང་བརྙན་ལམ་ཐོག་ནས་གྲོས་མོལ་གནང་བ། ​ཞི་ཅིན་ཕིང་གིས་ཞིང་གསུམ་ལས་དོན་ལ་ནན་གསུང་འདི་འདྲ་གནང་འདུག རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ། མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་སྐོར་གྱི་ཚོགས་འདུ་གལ་ཆེན་ཞིག