གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་བ།

སྤེལ་དུས་: 2021ལོ་02ཟླ་04ཚེས་ 11:22 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་བ་དང་རྒྱལ་ཡོངས་མི་དམངས་ལ་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུས་གནང་ཡོད།

དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་རུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ་མ་ཟད། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་ཡང་གནང་ཡོད། སྤྱི་ཟླ ༢ པའི་ཚེས ༣ ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་པི་ཅེ་གྲོང་ཁྱེར་ཆན་ཞི་རྫོང་དུ་ཕེབས་ནས། ཝུའུ་ཅང་གཙང་པོའི་ལིའུ་ཁྲུང་ཆུ་བོའི་དུམ་མཚམས་ཀྱི་འབྱུང་ཁམས་ཁོར་ཡུག་ཐད་ཡུལ་དངོས་སུ་གཟིགས་ཞིབ་གནང་བ་དང་། ཤིན་རེན་མིའོ་རིགས་ཤང་ཧྭ་ཝུའུ་གྲོང་ཚོར་ཕེབས་ཏེ་ཡུལ་མི་ཚོར་གཟིགས་གནང་ཡོད། གྲོང་ཚོའི་རིག་གནས་ཐང་ཆེན་ཐོག ཞི་ཅིན་ཕིང་ནས་གྲངས་ཉུང་མི་རིགས་ཀྱི་དཔྱིད་གསར་དུས་ཆེན་དམངས་སྲོལ་བྱེད་སྒོའི་ནང་ཞུགས་པའི་མང་ཚོགས་དང་མཛའ་བརྩེ་ངང་སྤེལ་རེས་གནང་བ་མ་ཟད། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཡང་ཞུས་གནང་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་དགའ་འཛོམས་གནང་བ། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ཞི་ཅིན་ཕིང་གིས་ལིན་ཀྲེང་ཡུའེ་ཨེ་ཡི་འགན་བསྒྲུབས་སྙན་ཞུ་གསན་པ། ཞི་ཅིན་ཕིང་ཏ་ཝོ་སིའི་གྲོས་རིམ་གྱི་གླེང་མོལ་ཚོཊ་འདུར་ཞུཊ་པ།