ཝུའུ་དབྱིང་ཅེས་གསུང་བཤད་གནང་བཞིན་པ།
ལས་དོན་ལ་ཕྱོགས་སྡོམ་དང་། སྔོན་ཐོན་ལ་གཟེངས་བསྟོད། སེམས་ཤུགས་ལ་ལྕག་སྐུལ་བཅས་བྱས་ནས། དུས་རབས་གསར་པའི་གྲོང་སྡོད་ལས་དོན་ཡག་པོ་སྒྲུབ་པར་སྐུལ་སློང་དང་བཀོད་སྒྲིག་བྱ་ཆེད། སྤྱི་ཟླ ༣ ཚེས ༣༡ ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་གྲོང་སྡོད་ཁག་དགུ་པའི་ལས་དོན་ལ་ཕྱོགས་སྡོམ་གཟེངས་བསྟོད་དང་གྲོང་སྡོད་ཁག་བཅུ་པའི་ལས་དོན་གྱི་སྐུལ་སློང་ཚོགས་ཆེན་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་ཚོགས་འདུར་ཕེབས་ཡོད་པ་རེད།
ཝུའུ་དབྱིང་ཅེས་བྱ་དགའ་སྤྲོད་བཞིན་པ།
ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་མཐུན་གྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་གྲོང་སྡོད༼གྲོང་ལྷན༽ལས་དོན་རུ་ཁག་དང་། སྔོན་ཐོན་གྲོང་སྡོད༼གྲོང་ལྷན༽ལས་དོན་རུ་མི། ཕུལ་བྱུང་རྩ་འཛུགས་ཚན་པའི་འཐུས་མི་བཅས་ལ་བྱ་དགའ་སྤྲད་གནང་བ་རེད།
ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་རྟེན་འབྲེལ་ཞུས་པ་དང་། རྒྱ་ཆེའི་གྲོང་སྡོད་རུ་མི་ཚོས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་གྲོང་སྡོད་རུ་མིའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ནང་མི་ཚོར་ཡང་འཚམས་འདྲི་ཞུས་པ་རེད།
ཚོགས་ར།
ཝུའུ་དབྱིང་ཅེས་བསྟན་དོན། གྲོང་སྡོད་ལས་དོན་རུ་མི་མངགས་མཁན་ཚན་པ་ཡོད་དོ་ཅོག་གིས་ནུས་ཤུགས་གང་ཡོད་བཏོན་པ་དང་གྲོང་སྡོད་ལས་དོན་རུ་ཁག་ཡོད་དོ་ཅོག་གིས་དོན་དངོས་བསྒྲུབས་ཡོད། གྲོང་སྡོད་ལས་དོན་རུ་མི་ཡོད་དོ་ཅོག་ནི་དཔེ་མི་སྲིད་པའི་ཡག་པོ་རེད། མིག་སྔར་རང་ལྗོངས་ཀྱི་ལས་དོན་ལ་དུས་ལྔ་མཉམ་འཁེལ་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་མངོན་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་བའི་ལས་འགན་སྔར་བཞིན་ཞིང་འབྲོག་ཁུལ་དུ་ཡོད་པས། ངེས་པར་དུ་མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་དང་མཉམ་འདྲེས་ཀྱི་མཐོ་ཚད་བཅས་ནས་ཤུགས་སྣོན་རྒྱག་པ་ལས་ཉམས་ཞན་དུ་མི་གཏོང་བ་དང་། དུས་བཀག་ལྟར་བརྗེ་པོ་རྒྱག་པ་དང་ལེགས་སྒྲིག་ཅུང་ཟད་བྱེད་པ། གཙོ་གནད་འབུར་དུ་ཐོན་པ་དང་ཕྱོགས་ཡོངས་ལ་ཁྱབ་པ་བཅས་ཀྱི་ལས་དོན་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། གྲོང་སྡོད་ལས་དོན་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་སྐབས་དོན་ཆེན་བཞི་ལ་དམ་འཛིན་ཡག་པོ་བྱེད་པའི་ཐད་ཡར་རྒྱས་དེ་བས་ཆེ་བ་ཡོང་བ་དང་། འགན་ལེན་བཞི་ལ་ཞབས་འདེགས་ཞུ་བའི་ཐད་བྱས་རྗེས་ཆེན་པོ་འཇོག་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་ཆེན་པོ་སྤོ་བ། དེང་རབས་ཅན་གྱི་འགོ་འཛུགས་པ་དང་གོམ་སྟབས་སྤོ་བར་རམ་འདེགས་བྱེད་པའི་ཐད་ཚད་བརྒལ་དེ་བས་ཆེ་བ་ཡོང་བ་བཅས་བྱེད་དགོས།
གཅིག་ནས་སྲུང་སྐྱོང་གཉིས་ཐུབ་པར་འབད་བརྩོན་བྱེད་དགོས། གཉིས་ནས་གཞི་རིམ་གྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ལ་འབད་བརྩོན་བྱེད་དགོས།
གསུམ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་འབད་བརྩོན་བྱེད་དགོས།
བཞི་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་དེ་བས་འཚམ་མཐུན་ཡོང་བར་འབད་བརྩོན་བྱེད་དགོས།
ལྔ་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱེད་དགོས།
དྲུག་ནས་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ལ་འབད་བརྩོན་བྱེད་དགོས།
བདུན་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱེད་དགོས།
བརྒྱད་ནས་མཐའ་མཚམས་སྟོབས་ཆེན་དང་། མཐའ་སྲུང་སྲ་བརྟན། རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བཅས་ལ་འབད་བརྩོན་བྱེད་དགོས།
དགུ་ནས་གཞི་རིམ་གྱི་ཏང་རྩ་འཛུགས་སྟོབས་ཆེན་འཛུགས་སྐྱོང་ལ་འབད་བརྩོན་བྱེད་དགོས།
བཅུ་ནས་ཏང་གཤིས་བཞུན་བརྡར་དང་ཀུན་སྤྱོད་བློ་སྦྱོང་ལ་འབད་བརྩོན་བྱེད་དགོས།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་རྒྱལ་ཡོངས་ནག་འཇོམས་ངན་སེལ་གྱི་འཐུས་མི་དང་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་གིས་ཧྲ་རྫོང་དང་ཧྥུ་ཀྲའུ་རུ་རྟོག་ཞིབ་གནང་བ། ཀྲུང་དབྱང་གི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བོད་དུ་ཕེབས་འདུག ཝུའུ་དབྱིང་ཅེས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ།