གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

གསར་དུ་བསྐོས་པའི་རྫོང༼ཆུས༽ཨུད་ཀྱི་ཧྲུའུ་ཅིར་བླང་བྱ་ཁ་གསལ་བཏོན་པ།

སྤེལ་དུས་: 2021ལོ་05ཟླ་10ཚེས་ 11:19 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྐབས་བརྗེའི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། བྱེད་པོའི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་ཆེད། སྤྱི་ཚེས ༨ ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་གསར་དུ་བསྐོ་གཞག་བྱས་པའི་རྫོང་༼ཆུས༽ཨུད་ཀྱི་ཧྲུའུ་ཅི་ཁག་གཅིག་དང་བཞུགས་མོལ་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྫོང་ཨུད་ཀྱི་ཧྲུའུ་ཅིར་གནང་བའི་མངགས་བཅོལ་ཟབ་མོ་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། རང་འགན་སྔར་བས་གཙང་སྒྲུབ་བྱས་ཏེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་རེད།

ཚོགས་ར།

ཝུའུ་དབྱིང་ཅེས་གསར་དུ་བསྐོ་གཞག་བྱས་པའི་རྫོང་༼ཆུས༽ཨུད་ཀྱི་ཧྲུའུ་ཅི་མི་རེ་ངོ་རེའི་ལས་དོན་དང་འཚོ་བའི་གནས་ཚུལ་བྱམས་བརྩེའི་ངང་བཀའ་འདྲི་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྫོང་ཨུད་ཀྱི་ཧྲུའུ་ཅིའི་དཔུང་ཁག་འཛུགས་སྐྱོང་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ནས་ཡུལ་དུས་མི་འདྲ་བར་རྫོང་ཨུད་ཀྱི་ཧྲུའུ་ཅིས་འགན་འཁྲི་གཙང་སྒྲུབ་བྱེད་དགོས་པའི་སྐོར་ལ་བླང་བྱ་ཁ་གསལ་བཏོན་གནང་བ་དེས་ང་ཚོས་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་ཡིན་མིན་ཆེན་པོའི་མདུན་དུ་ལངས་ཕྱོགས་ལྷག་པར་ཁ་གསལ་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་བྱ་སྤྱོད་ལྷག་པར་བརྟན་པ། མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་གྱི་བརྩེ་སེམས་ལྷག་པར་ཟོལ་མེད་རྣམ་དག་སོགས་ཀྱི་བླང་བྱ་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། སློབ་སྦྱོང་ཧུར་ཐག་དང་། རང་འགན་ནན་སྒྲུབ། འབད་འབུངས་ཡར་བརྩོན་བཅས་བྱས་ནས་དོན་དངོས་ལས་དོན་ནང་རྫོང་གི་གནས་ཚུལ་གསལ་རྟོགས་དང་། ཁ་ཕྱོགས་ཡང་དག་འཚོལ་བ། རྒྱུན་སྲིང་ལྷོད་མེད། སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ་ལས་གནས་གསར་པའི་ཐོག་རྣམ་པ་གསར་པ་མངོན་པ་དང་བྱས་རྗེས་གསར་པ་བཞག་ནས་བྱ་སྤྱོད་དངོས་དང་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་རྩ་འཛུགས་ཀྱི་ཡིད་ཆེས་དང་གཅེས་སྐྱོང་ལ་དྲིན་ལན་འཇལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་ཞུ་ལུགས་མཚོན་པར་བྱེད་དགོས་ཞེས་མཛུབ་སྟོན་གནང་ཞིང་།

གཅིག་ནས་སེམས་ནང་ཏང་ཡོད་པར་བྱེད་དགོས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་དང་དད་སེམས་བརྟན་དུ་གཏོང་དགོས་པ་དང་།

གཉིས་ནས་སེམས་ནང་མི་དམངས་ཡོད་པར་བྱེད་དགོས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་བརྟེན་པ་དང་མི་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་དགོས།

གསུམ་ནས་སེམས་ནང་འགན་འཁྲི་ཡོད་པར་བྱེད་དགོས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཐོག་མཐའ་བར་གསུམ་དུ་འགན་འཁྲི་ཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་འཇོག་དགོས།

བཞི་ནས་སེམས་ནང་འཛེམས་ཟོན་ཡོད་པར་བྱེད་དགོས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་གཞུང་དྲང་དང་སྤྱོད་པ་ཚུལ་དང་མཐུན་པར་བྱེད་དགོས་པ་བཅས་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

​ཞི་ཅིན་ཕིང་གིས་ཀོང་ཤིས་སུ་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་གིས་ནན་ཉིང་དུ་རྟོག་ཞིབ་དང་བརྟག་དཔྱད་གནང་བ། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་འདི་ལྟར་བྱེད་དགོས། ཁྲིམས་ལྟར་བོད་སྐྱོང་ལས་དོན་གྱི་ཚོཌ་འདུ་གལ་ཆེན་ཞིག་ལྷ་སར་འཚོགས་པ།