སྤྱི་ཚེས ༢༧ ཉིན་གྱི་སྔ་དྲོ། ཀོང་ཞི་ནན་ཉིང་དུ་རྟོག་ཞིབ་དང་བརྟག་དཔྱད་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་མི་རིགས་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས་ཀྲོང་རིགས་ཀྱི་རིག་གནས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་དང་། གསུམ་པའི་གསུམ་གྱི་གླུ་འགྲན་དུས་ཆེན་ཞེས་པའི་ཀྲོང་རིགས་ཀྱི་གླུ་ཤགས་རྒྱག་པ་སོགས་མི་རིགས་རིག་གནས་ཀྱི་བྱེད་སྒོའི་འགྲེམས་སྟོན་ལ་གཟིགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མི་རིགས་རིག་གནས་སྲུང་སྐྱོབ་རྒྱུད་འཛིན་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད་པ་རེད།།