གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

རྒྱལ་ཡོངས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་བཞི་པས་གཤམ་སྐྱོད་ལྟ་སྐུལ་མཛུབ་ཁྲིད་བྱས་ཚུལ་གྱི་ཚུར་ལན་ཚོགས་འདུ་འཚོགས་པ།

སྤེལ་དུས་: 2021ལོ་05ཟླ་18ཚེས་ 17:25 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཚེས ༡༧ ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་བཞི་པས་གཤམ་སྐྱོད་ལྟ་སྐུལ་མཛུབ་ཁྲིད་བྱས་ཚུལ་གྱི་ཚུར་ལན་ཚོགས་འདུ་འཚོགས་པ་རེད།

ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་བཞི་པའི་ཙུའུ་ཀྲང་ལི་ཅ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ལྗོངས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་བཞི་པའི་ཙུའུ་ཀྲང་གཞོན་པ་སུན་རུའེ་པེའོ་ཡིས་གསུང་བཤད་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ཚོགས་འདུར་ཞུགས་པ་རེད།

ཚོགས་ར།

ལི་ཅ་ཡིས་གསུང་བཤད་གནང་བཞིན་པ།

ལི་ཅ་ཡིས་མིག་སྔར་སློབ་གསོ་བཅོས་སྒྲིག་གི་ལས་དོན་ཞིབ་བཤེར་ཡོ་བསྲང་དང་དག་ཐེར་གྱི་ལྷུ་ཚིགས་དང་། འཛེམ་མེད་དམར་འདོན་དང་། གནད་འགག་ལ་གཏུག་པ། འགག་སྒྲོལ་དཀའ་སེལ་བཅས་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ལས་དོན་ལ་སྐུལ་འདེད་གཏོང་རིང་ས་གནས་དང་ཚན་པ་ཁག་གཅིག་གི་ཧེ་བག་དང་མི་འདང་སར་ཚད་མཐོའི་མཐོང་ཆེན་གྱིས་སླར་ཡང་དམིགས་པ་དང་། སླར་ཡང་ཤུགས་རྒྱག་པ། སླར་ཡང་ནུས་ཤུགས་འདོན་པ་བཅས་བྱས་ཏེ། ཞིབ་བཤེར་ཡོ་བསྲང་དང་དག་ཐེར་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། སློབ་སྦྱོང་དང་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། ཆབ་སྲིད་ཐད་ལྷག་བསམ་རྣམ་དག་བྱེད་པའི་བསམ་བློ་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་དང་། རྒྱུན་སྲིང་ལྷོད་མེད་ཀྱིས་སྒྲིག་ཁྲིམས་ལ་དམ་འཛིན་དང་བླ་སྲོག་གཏོད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྣེ་འདྲེན་དུ་བྱས་ནས་སློབ་གསོ་ཁག་ལྔ་ཟམ་མི་ཆད་པར་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་བ་བཅས་བྱས་ཏེ། སློབ་སྦྱོང་སློབ་གསོའི་ཕན་འབྲས་ལས་བྱེད་ཉེན་རྟོག་པའི་ལས་སྒྲུབ་ལས་གཏོད་དང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པའི་བསམ་པའི་ཉམས་འགྱུར་ཐོག་ནས་མངོན་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་ལ་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་པའི་སྤུས་ཚད་དང་ལས་ཕྱོད་ཐོག་ནས་མངོན་པར་བྱེད་དགོས། རང་ངོས་ཞིབ་བཤེར་དང་ཡོ་བསྲང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ལྷུག་ནན་ཟུང་འབྲེལ་གྱི་སྲིད་ཇུས་ཞིབ་ཚགས་དང་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ལྟ་སྐུལ་སྒྲིག་སྐྱོང་གི་རྣམ་པ་བཞི་དང་དེ་བཞིན་སྲིད་དོན་ཆད་གཅོད་དང་ཁྲིམས་འཛིན་ཐག་གཅོད་ཀྱི་གུ་ཡངས་གཏོང་མཚམས་དང་ཐག་གཅོད་ཀྱི་གོ་རིམ་སྔར་བས་ཞིབ་ཚགས་སུ་བཏང་སྟེ། འགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་ནུས་པ་སྔར་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པ། བསམ་བློའི་སྐུལ་སློང་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ། གྱོད་དཔེ་འདྲེན་པ་བཅས་བྱས་ནས་ལས་བྱེད་ཉེན་རྟོག་པར་རང་འགུལ་ངང་རྩ་འཛུགས་ལ་གནད་དོན་གསལ་བཤད་དང་གནད་དོན་ངོས་ལེན་ཞུ་དགོས་པའི་ཁྲིད་སྟོན་བྱས་ནས། རང་བཤེར་བྱས་ན་གུ་ཡངས་དང་གཞན་བཤེར་བྱས་ན་ཐག་གཅོད་ནན་པོ་བྱེད་པ་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བ་བྱེད་པ། མང་ཆེ་བར་སློབ་གསོ་གཏོང་བ་དང་ཉུང་ཤས་ལ་ཆད་པ་གཅོད་པའི་དམིགས་ཡུལ་འགྲུབ་པ་བཅས་བྱེད་དགོས། གྱོད་གཞི་ཞིབ་བཤེར་ཐག་གཅོད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཕུང་འདྲེ་མེད་པར་བཟོ་བའི་ཐད་ཤུགས་སྣོན་རྒྱག་པ་དང་། ཁུངས་སྣེ་བསྡུ་རུབ་དང་ཞིབ་བསྡུར་དང་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། སྒྲིག་ཁྲིམས་ཀྱི་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ནན་ལ་མགྱོགས་པའི་སྒོ་ནས་གཙོ་གནད་གྱོད་གཞི་ཁག་གཅིག་ཞིབ་བཤེར་ཐག་གཅོད་བྱེད་པ། ཕུང་འདྲེ་ཁག་གཅིག་ལ་ཆད་པ་མཐའ་གཅིག་ཏུ་གཅོད་པ་བཅས་བྱས་ཏེ། ཟིལ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། དམིགས་འབེན་ཡོད་པའི་སྒོ་ནས་བཅོས་སྒྲིག་བྱེད་པར་ཤུགས་སྣོན་རྒྱག་དགོས་ཤིང་། འགག་གནད་ལ་གཅིག་སྡུད་བཅོས་སྒྲིག་བྱེད་པར་ཤུགས་སྣོན་རྒྱག་པ་དང་། གཏན་འབེབས་བྱ་སྤྱོད་ཏན་ཏན་ཏིག་ཏིག་གིས་སྤེལ་དགོས་པ་དང་རང་འདེམས་བྱ་སྤྱོད་ནུས་པས་ལྕོགས་ཚོད་ཀྱིས་སྤེལ་བ། བྱ་ཐབས་ནན་པོ་སྤྱད་ནས་གནད་དོན་ཐག་གཅོད་ཡང་དག་བྱེད་པ་དེ་འབྱུང་རྩ་དམ་འཛིན་བཅོས་སྒྲིག་བྱ་རྒྱུ་དང་ཕན་ཚུན་སྦྲེལ་མཐུད་མཐའ་འཁྱོངས་བཅས་བྱས་ནས་མིག་སྔར་བཅོས་སྒྲིག་དང་ཕུགས་ཕན་ལམ་སྲོལ་འཛུགས་པ་ཟུང་འབྲེལ་ནུས་ལྡན་ཐུབ་པ་བྱེད་དགོས་པ་དང་། འགག་གནད་བཅོས་སྒྲིག་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་གནད། སེམས་ཁྲལ། རེ་སྒུག་བཅས་བྱེད་པའི་ཞིབ་ཕྲའི་གནད་དོན་བཅོས་སྒྲིག་དང་ཟུང་འབྲེལ་བྱས་ནས་རང་འཁྲིའི་ལས་འགན་ལ་གཞི་ཚུགས་པ་དང་རང་མདངས་གང་ལེགས་མངོན་པར་བྱེད་དགོས། མཉམ་སྒྲུབ་མཉམ་འགུལ་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བའི་ཐད་ཤུགས་སྣོན་རྒྱག་པ་དང་། གནད་འགག་ཡིན་པའི་འགན་འཁྲིར་དམ་འཛིན་ནན་པོ་བྱེད་པ། གོང་འོག་དང་རིམ་མཚུངས་ཟུང་འབྲེལ་དང་། སྡེ་ཚན་མཉམ་འགུལ། ལྟ་སྐུལ་མཛུབ་ཁྲིད་བཅས་ཟུང་འབྲེལ་ལ་དེ་བས་སྣང་ཆེན་བྱེད་པ་བཅས་བྱས་ནས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་མཉམ་སྒྲུབ་དམག་འཐབ་ཀྱི་དྲ་མིག་གཅིག་གི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱེད་དགོས། ཞིབ་བཤེར་ཡོ་བསྲང་དང་དག་ཐེར་གཙོ་རྐང་དུ་བྱས་ནས་དུས་མཉམ་དུ་སློབ་སྦྱོང་སློབ་གསོ་རྒྱ་སྐྱེད་དང་དུས་མཉམ་དུ་འཆར་འགོད་ཕྱོགས་སྡོམ་དང་རིམ་སྤོར་བྱས་ཏེ་སློབ་སྦྱོང་དང་། ཞིབ་བཤེར། དག་ཐེར། བཅོས་སྐྱོང་། འཛུགས་སྐྱོང་བཅས་གཞི་གཅིག་ཅན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་། ལག་ལེན་གྱི་གྲུབ་འབྲས། ལམ་ལུགས་ཀྱི་གྲུབ་འབྲས་བཅས་ཧུར་ཐག་ཆགས་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཝུའུ་དབྱིང་ཅེས་གསུང་བཤད་གནང་སྐབས་བསྟན་དོན། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་བཏོན་པའི་གནད་དོན་ལ་ང་ཚོ་རྦད་དེ་མོས་མཐུན་ཡོད་པས། གཡོ་ཟོལ་མེད་པར་དང་ལེན་དང་ཡོངས་སུ་ཁས་ལེན་ཞུ་རྒྱུ་ཡིན། ཕྱིས་སུ་ཁག་སོ་སོར་དམིགས་ནས་ཞིབ་ཅིང་ཕྲ་བའི་ལག་བསྟར་བསམ་འཆར་དང་དག་ཐེར་བྱ་ཐབས་བཟོས་ཏེ་ཕྱོགས་ཡོངས་ནས་དག་ཐེར་དང་། མགྱོགས་མྱུར་དག་ཐེར། མཐའ་གཅིག་ཏུ་དག་ཐེར་བཅས་བྱ་རྒྱུ་ཡིན།

ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བཞིན་པ།

ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་བཞི་པའི་དག་ཐེར་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཚུར་ལན་གནད་དོན་ཚང་མ་དག་ཐེར་མཐའ་གཅིག་ཏུ་བྱེད་པ། དག་ཐེར་ལས་དོན་དོན་འཁྱོལ་ཐུབ་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། ལྟ་སྐུལ་མཛུབ་ཁྲིད་ཀྱི་ཚུར་ལན་གནད་དོན་རེ་རེར་དག་ཐེར་གནད་ལ་འཁེལ་བ་དང་ཞུ་ལན་ཡོད་པའི་འགན་ལེན་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་བདག་གིས་དམངས་ཆེད་བྱ་བ་དངོས་སྒྲུབ་ཞེས་པའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་སློབ་གསོ་བཅོས་སྒྲིག་གི་ཕན་འབྲས་བཟང་པོ་བརྒྱུད་དམངས་འཚོ་ལེགས་གཏོང་དང་། མི་སེམས་གཅིག་སྒྲིལ། ཁྲིམས་འཛིན་ཁྲིམས་བསྟར་ལ་ཀུན་གྱི་ཡིད་ཆེས་ཐོབ་ཚད་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞིབ་བཤེར་ཡོ་བསྲང་དང་དག་ཐེར་ལ་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་ཧོ་ནན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ། ​ཞི་ཅིན་ཕིང་གིས་ཀོང་ཤིས་སུ་རྟོག་ཞིབ་གནང་བ། ​རིམས་ནད་སྔོན་འགོག་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་འདུག གསར་དུ་བསྐོས་པའི་རྫོང༼ཆུས༽ཨུད་ཀྱི་ཧྲུའུ་ཅིར་བླང་བྱ་ཁ་གསལ་བཏོན་པ།