གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

​རིམས་ནད་སྔོན་འགོག་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་འདུག

སྤེལ་དུས་: 2021ལོ་05ཟླ་12ཚེས་ 12:20 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཚེས ༡༠ ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། རིམས་ནད་ཕྱི་ནས་མི་འགོ་བར་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་སྒྲུབ་པར་སླར་ཡང་སྐུལ་སློང་དང་བཀོད་སྒྲིག་གནང་བ་རེད།

ཚོགས་ར།

ཝུའུ་དབྱིང་ཅེས་གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱེད་པ་དང་། ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཐོག་ནས་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་གི་འགོ་ཁྲིད་མི་སྣའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། ལྷོད་གཡེང་གི་བསམ་བློ་དང་། དམག་འཐབ་ལ་སུན་སྣང་བྱེད་པའི་བསམ་བློ། སྟེས་དབང་གི་བསམ་བློ། རྣམ་གཡེང་གི་བསམ་བློ་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། གནས་ཚུལ་སྡུག་ཤོས་ནས་བསམ་བློ་གཏོང་བ་དང་ཡག་ཤོས་བརྩོན་ལེན་བྱེད་པ། ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། ནུས་ལྡན་གྱི་སྟོབས་ཤུགས་གཅིག་སྒྲིལ། མིག་སྔའི་གཙོ་གནད་ལ་དམིགས་པ་བཅས་བྱས་ཏེ། ཚད་མཐོའི་འགན་འཁྲི་འཁུར་སེམས་ཐོག་ནས་ལས་དོན་ཁག་ཡག་པོ་སྒྲུབ་དགོས། རིམས་ནད་ཕྱི་ནས་མི་འགོ་བ་བྱ་རྒྱུ་མུ་མཐུད་ཨང་དང་པོར་བཞག་ནས། མངའ་ཁོངས་ནང་ཡོང་མཁན་གྱི་འབྲེལ་ཡོད་དོ་དམ་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་། དོ་དམ་ནན་པོ་དང་སེམས་རྩ་འཁོལ་བའི་ཞབས་ཞུ་ཟུང་འབྲེལ་མཐའ་འཁྱོངས། འགག་སྒོའི་དོ་དམ་དང་མཐའ་མཚམས་སུ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འགལ་ངང་མངའ་ཁོངས་འཛུལ་སྒྲོལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ། ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་མགྱོགས་སུ་གཏོང་བ། རིམས་ནད་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་གྱི་ལས་དོན་གནད་སྨིན་ངང་ཡག་པོ་སྒྲུབ་པ། རིམས་ནད་མཆེད་སྲིད་པའི་སྐྱོན་ཆ་ཚང་མ་གསབ་པ་བཅས་བྱས་ནས། རིམས་ནད་ལྗོངས་ནང་ཁུལ་དུ་ཁྱབ་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ལས་ཀའི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། དངོས་འཐབ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། རིམས་འགོག་དང་འཚོ་བའི་མཁོ་ཆས་གྲ་སྒྲིག་འདང་ངེས་བཅས་བྱེད་དགོས། རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། མི་སྣའི་གཞི་གྲངས་ཕྱོགས་ཡོངས་ནས་མཐིལ་རྟོགས་དང་། སྒྲིག་འཛུགས་དང་སྐུལ་སློང་གཏིང་ཟབ་བྱེད་པ། ས་གནས་དང་ལས་རིགས་ཕྱོགས་ཁག་ཚང་མའི་འགན་འཁྲི་ནན་དུ་གཏོང་བ། རིམས་འགོག་སྨན་ཁབ་རྒྱག་མཁན་གྱི་དཔུང་ཁག་བཀོད་སྒྲིག་འདང་ངེས་བྱེད་པ། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། མཐའ་མཚམས་ཀྱི་འཐབ་ས་དང་པོའི་ས་ཁུལ་དུ་བདེ་འཇགས་ངང་རིམས་འགོག་སྨན་ཁབ་རྒྱག་པ་དང་། རིམས་འགོག་སྨན་ཁབ་རྒྱག་དགོས་རིགས་ཚང་མར་རྒྱག་ཐུབ་པའི་འགན་ལེན་བྱེད་དགོས། ནང་འདྲེན་གྲང་ཕྲེང་བཟའ་བཅའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས། མཐའ་མཚམས་དོ་དམ་ཐུབ་པ་དང་མཐའ་ཚད་ཡག་པོ་སྲུང་དགོས། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་སྙན་སེང་གི་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས། ཆ་འཕྲིན་གོང་འོག་ཚང་མར་ཁྱབ་པ་དང་ལས་དོན་ཚན་རིག་དང་མཐུན་ལ་གནད་སྨིན་ཡོང་བའི་འགན་ལེན་བྱེད་དགོས། འཕྲལ་སྡོམ་ཐག་གཅོད་ཀྱི་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་ནས། རིམས་འགོག་དངོས་ཟོག་སྤྱོད་དགོས་མ་བྱུང་ཀྱང་གྲ་སྒྲིག་འདང་ངེས་བྱེད་དགོས། རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་མཐོ་ཚད་ཐོག་ནས། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ཏེ། ས་གནས་ཀྱི་འགན་འཁྲི་འཁུར་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། ནེ་པ་ལས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པར་ནུས་པས་ལྕོགས་ཚོད་ཀྱིས་རོགས་སྐྱོར་བྱེད་དགོས། ཁོངས་གཏོགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས་ཤིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱས་ནས། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་ཐུབ་པའི་འགན་ལེན་བྱེད་དགོས། སྡེ་ཚན་ཁག་གིས་ལས་བགོས་འགན་འཁུར་དང་། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། མཉམ་ཤུགས་ཆགས་པ་བཅས་བྱས་ནས། མཐའ་མཚམས་ས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཐོག་ནས་སྲུང་སྐྱོང་གཉིས་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

​ཞི་ཅིན་ཕིང་གིས་ཀོང་ཤིས་སུ་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་གིས་ནན་ཉིང་དུ་རྟོག་ཞིབ་དང་བརྟག་དཔྱད་གནང་བ། གསར་དུ་བསྐོས་པའི་རྫོང༼ཆུས༽ཨུད་ཀྱི་ཧྲུའུ་ཅིར་བླང་བྱ་ཁ་གསལ་བཏོན་པ། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་འདི་ལྟར་བྱེད་དགོས།