གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

སྤེལ་དུས་: 2021ལོ་11ཟླ་23ཚེས་ 17:23 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཚེས ༢༢ ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན༼རྒྱ་ཆེ༽གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་དང་། སྤྱི་ཟླ ༡༡ ཚེས ༡༨ ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། དེ་བཞིན་ཀྲུང་གོའི་དྲ་རྒྱའི་ཤེས་དཔལ་ཚོགས་ཆེན་སྐབས་དང་པོར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་།རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་བྱ་ཐབས་ལ་ཞིབ་འཇུག་ཀྱང་གནང་བ་རེད།

图片

ཚོགས་ར།

ཝང་ཅུན་ཀྲེང་གིས་གསུངས་དོན། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་པ་ནས་བཟུང་། རང་སྐྱོང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་དང་། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་པར་སྲིད་ཇུས་འབྲེལ་མཐུད་རྒྱུན་མཐུད་གཏིང་ཟབ་དང་། སྒྲིག་བཀོད་འབྲེལ་མཐུད་ལ་གྲུབ་འབྲས་གཟེངས་སུ་ཐོན་པ། ཚོང་དོན་ཤར་བགྲོད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་ཕྱིན་པ། དམངས་སེམས་གཅིག་མཐུན་ཉིན་བཞིན་ཟབ་ཏུ་སོང་བ། བདེ་འཇགས་འགན་ལེན་ཏན་ཏིག་ནུས་ལྡན་བྱུང་བ། མཐའ་མཚམས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་སྐུལ་སྤེལ་ཏན་ཏིག་གཏོང་ཐུབ་པ་བཅས་བྱུང་སྟེ། ལས་དོན་ཁག་ལ་སྐུལ་འདེད་བརྟན་པོ་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་སྤྱི་འདོམས་ལྔ་ཐུབ་པ་བྱས་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་ཁོང་དུ་ཆུད་པ་བྱེད་པ་དང་། རང་རྟོགས་ངང་བོད་ཀྱི་ལས་དོན་ཁག་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་འཆར་འགོད་སྐུལ་འདེད་བཏང་སྟེ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་དགོས།

རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་ཀྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་སྟེ། རྒྱལ་ཁབ་ཀྱིས་ཀྲུང་ནེའི་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་ཡག་པོ་བྱ་རྒྱུར་གཞོགས་འདེགས་ཧུར་ཐག་བྱེད་པ་དང་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། ཧི་མ་ལ་ཡ་སྒྲོལ་བའི་ཕྱོགས་བསྡུས་དང་མཉམ་སྦྲེལ་མཉམ་མཐུད་ཀྱི་དྲ་རྒྱ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་མི་ཆོས་རིག་གནས་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་དང་། ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས། ཕྱི་འབྲེལ་པུས་བོད་ལྗོངས་གོ་ལ་ཧྲིལ་པོར་ངོ་སྤྲོད་བྱེད་པའི་འདུ་ཚོགས་སོགས་སྤུས་རྟགས་བྱེད་སྒོ་མུ་མཐུད་ཡག་པོ་གཉེར་བ་དང་། མི་ཆོས་རིག་གནས་དང་། ཚན་རྩལ། སློབ་གསོ། འཕྲོད་བསྟེན། ཡུལ་སྐོར། སྐྱེ་ཁམས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། ཆུང་ཡང་ལེགས་པའི་མཉམ་ལས་རྣམ་གྲངས་ཁག་གཅིག་ཇུས་འགོད་དང་སྐུལ་འདེད་གཏོང་བ་བཅས་ཀྱི་སྒོ་ནས་མཐའ་འཁོར་རྒྱལ་ཁབ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མཉམ་ལས་ཀྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་དགོས།

རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་ལས་དོན་ལ་སྤྱི་འདོམས་བྱས་ནས་རྒྱལ་ནང་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་ཕྱི་ཕྱོགས་ལས་དོན་གྱི་ཁྱོན་ཡོངས་ལ་སྔར་བས་ཞབས་འདེགས་ཡག་པོ་ཞུ་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་བདེ་འཇགས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩིས་ནས་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་ལ་དོགས་ཟོན་ནན་པོ་དང་ཁྲིམས་ལྟར་རྡུང་རྡེག་གཏོང་བ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བཅས་བྱས་ཏེ། རང་ལྗོངས་ཀྱི་ཆབ་སྲིད་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་གཙོ་གནད་ཁྱབ་ཁོངས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་དང་། མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གཙོ་ཁྲིད་དབང་ཆར་སྟངས་འཛིན་ནན་པོ་བྱེད་པ། འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་སེལ་བ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་ཐོན་བཟོ་ཡོད་པའི་ས་ནས་སེལ་བ་བཅས་བྱས་ནས། བརྟན་ལྷིང་མེད་པའི་རྒྱུ་རྐྱེན་འབྱུང་རྩ་ནས་སྔོན་འགོག་དང་ཉུང་དུ་གཏོང་དགོས། སྐྱེ་ཁམས་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ་དང་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་གཏིང་ཟབ་ཏུ་བཏང་ནས་བོད་ཀྱི་རྩྭ་རྩི་ཤིང་དང་རི་ཀླུང་ཀུན་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་ཏན་ཏིག་གཏོང་དགོས། མཐའ་མཚམས་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་ཀྱི་ལས་དོན་དུས་གཅིག་ཏུ་སྤེལ་བ་དང་མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱེད་པ་དང་། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རོགས་བཅས་བྱས་ཏེ། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས། རིགས་ཁག་གི་བདེ་འཇགས་ལ་སྤྱི་འདོམས་སྲུང་སྐྱོང་ཡག་པོ་བྱས་ཏེ་མི་དམངས་བདེ་འཇགས་ཡོང་བ་དམིགས་ཡུལ་དུ་འཛིན་པ་དང་། ཆབ་སྲིད་ཀྱི་བདེ་འཇགས་རྩ་བར་འཛིན་པ། དཔལ་འབྱོར་གྱི་བདེ་འཇགས་རྨང་གཞིར་བྱེད་པ་བཅས་མཐའ་འཁྱོངས་བྱེད་པ་དང་གཙོ་གནད་ཁྱབ་ཁོངས་ཁག་གི་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་པའི་ཕན་འབྲས་དངོས་ཀྱི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ལ་སྔར་བས་བསྟུན་པ་དང་ཞབས་འདེགས་ཞུ་དགོས། ཏང་གི་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་ཀྱིས་གཅིག་སྡུད་གཅིག་གྱུར་དང་ཕན་ནུས་ཆེ་ཞིང་དབང་གྲགས་ལྡན་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་གྱི་འགོ་ཁྲིད་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། མཐུན་སྦྱོར་ནུས་ཆེར་སྔར་བས་དོ་སྣང་བྱེད་པ། ཁྲིམས་སྐྱོང་བསམ་གཞིག་ལ་སྔར་བས་དོ་སྣང་བྱེད་པ། ཚན་རྩལ་གྱི་ནུས་པར་སྔར་བས་དོ་སྣང་བྱེད་པ། གཞི་རིམ་གྱི་རྨང་གཞིར་སྔར་བས་དོ་སྣང་བྱེད་པ་བཅས་ལ་བརྟེན་ནས་ཆབ་སྲིད་ཀྱི་བདེ་འཇགས་དང་། མི་དམངས་ཀྱི་བདེ་འཇགས། རྒྱལ་ཁབ་ཀྱི་ཁེ་ཕན་བཅས་གོང་དུ་བཀུར་བ་དང་ཕན་ཚུན་གཅིག་གྱུར་ཡོང་བ་བྱེད་དགོས།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་བརྙན་ལམ་ནས་མཇལ་འཕྲད་ཐོག་མ་གནང་བ། སྐབས་༡༩པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས༼རྒྱ་ཆེའི༽ཚོཌ་འདུ་འཚོཌ་ནས་ཏང་གི་སྐབས༡༩པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས༦པའི་དགོངས་དོན་བརྒྱུད་བསྒྲཌ་དང་སློབ་སྦྱོང་གནང་། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གི་མིང་འདོཌ་གཟེངས་བསྟོད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཚོཌ་འདུའི་ཐོག་གཟེངས་བསྟོད་ཐོབ་པའི་འཐུས་མིར་མཇལ་འཕྲད་གནང་། ཝང་ཅུན་ཀྲེང་གིས་བོད་ལྗོངས་ནང་བསྟན་སློབ་གླིང་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།