གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཐུང་ལུན་དང་བརྙན་མཐོང་ཐོག་ནས་ཐུག་འཕྲད་གནང་བ།

སྤེལ་དུས་: 2021ལོ་12ཟླ་06ཚེས་ 15:58 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་གིས་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་བརྙན་མཐོང་ཐོག་ནས་ཐུག་འཕྲད་གནང་བ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ ༡༢ པའི་ཚེས ༣ ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་བརྙན་མཐོང་ཐོག་ནས་ཐུག་འཕྲད་གནང་ཡོད།

ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་དང་ལོ་སིའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༦༠འཁོར་བ་དང་ཀྲུང་གོ་དང་ལོ་སིའི་མཛའ་གྲོགས་ལོ་ཡིན། ལོ་ངོ་༦༠ནང་། ཀྲུང་ལོའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་ཆེན་པོའི་ཚོད་བགམ་ཐེག་ཐུབ་ཅིང་། ཡུན་རིང་སོང་ཡང་སྔར་བཞིན་བརྟན་པོ་དང་གོང་འཕེལ་ཡོང་བའི་འགག་རྩ་ནི་ཕྱོགས་གཉིས་པོས་ཐུན་མོང་གི་ཕུགས་བསམ་བརྟན་སྲུང་བྱེད་པ་དང་། ཕན་ཚུན་ཡིད་ཆེས་བྱེད་པ། སོ་སྲུང་རོགས་རེས་བྱེད་པ། ལས་དབང་གཅིག་མཐུན་མ་ལག་གི་རྒྱུན་བསྐྱངས་པས་ཡིན་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ལོ་སི་གཉིས་ཀས་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཡོད། དེ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ངོ་བོའི་ཁྱད་ཆོས་ཡིན། རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བའི་ཕྱི་ཕྱོགས་ཁོར་ཡུག་དང་དེ་བཞིན་རང་སོའི་རྒྱལ་ནང་གི་དཀའ་ཚེགས་ཆེ་བའི་རིམས་འགོག་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བའི་ལས་འགན་གྱི་མདུན་དུ། ཀྲུང་ལོ་ཕྱོགས་གཉིས་པོས་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་བྱ་གཞག་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས། ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། སྲ་ཞིང་བརྟན་པའི་ཀྲུང་ལོའི་ལས་དབང་གཅིག་མཐུན་མ་ལག་རྒྱུན་མཐུད་ངང་འཛུགས་སྐྱོང་བྱེད་བཞིན་ཡོད་ཅེས་དང་།

ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་ཀྲུང་ལོའི་ཆབ་སྲིད་དང་ལམ་ལུགས་ཀྱི་བདེ་འཇགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། ཀྲུང་གོས་ལོ་སིའི་དབར་གྱི་འཐབ་ཇུས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་བརྒྱུད། ལོ་སིའི་རྒྱལ་ཁབ་འཛུགས་སྐྲུན་བྱ་གཞག་ཆེད་ནུས་པས་ལྕོག་ཚོད་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱ་འདོད་ཡོད། ཕྱོགས་གཉིས་པོས་ཀྲུང་ལོའི་དཔལ་འབྱོར་བར་ཁྱམས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཕྱོགས་བསྡུས་མཐུན་སྦྱོར་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ཀྲུང་ལོའི་དངོས་སྒྲུབ་མཉམ་ལས་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱ་རྒྱུ་དེ་སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ། དངོས་སྒྲུབ་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་ཟམ་མི་ཆད་པར་གཏོང་དགོས། ཀྲུང་ལོའི་ལྕགས་ལམ་ད་ལོ་ཤར་གཏོང་བེད་སྤྱོད་བྱེད་འགོ་ཚུགས་པས། ལོ་སེ་དེ་ཉིད་སྐམ་སའི་མཉམ་འབྲེལ་རྒྱལ་ཁབ་ལ་འགྱུར་བའི་ཕུགས་འདུན་མངོན་ འགྱུར་བྱུང་ཡོད། ང་ཚོས་མཁྲེགས་ཆས་འབྲེལ་མཐུད་ཡོང་བ་བྱ་རྒྱུ་མ་ཟད། མཉེན་ཆས་མཉམ་མཐུད་དམ་འཛིན་ཡང་ཡག་པོ་བྱས་ནས། ལྕགས་ལམ་གྱི་རྗེས་མཐུད་བེད་སྤྱོད་ཉམས་གསོ་དང་བདེ་འཇགས་འགན་སྲུང་ལས་ཀ་ཡག་པོ་བསྒྲུབ་སྟེ། སྤུས་ལེགས་དང་། རྒྱུན་མཐུད་རུང་བ། དམངས་འཚོར་ཕན་པ་བཅས་ཀྱི་ལམ་རྒྱུད་དཔལ་འབྱོར་རྒྱུད་གཏོད་དགོས། རྣམ་པ་གསར་པའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ལོའི་ནུས་རྒྱུའི་མཉམ་འབྲེལ་མཉམ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཞིང་ལས་དང་། དཔལ་འབྱོར་གསར་སྤེལ་ཁུལ། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ཞེས་ནན་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཀྲུང་ལོ་ཏང་གཉིས་ཀྱི་ཐུན་མོང་གི་དམིགས་ཡུལ་ཡིན། ཀྲུང་ལོའི་འབྲེལ་བའི་ནང་དུ་ཡང་མི་དམངས་རྩ་བའི་རྩེ་ལ་འཇོག་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ཆེ་བ་དང་དེ་བས་ལེགས་པ་བསྐྲུན་དགོས། ཀྲུང་གོས་མུ་མཐུད་ནས་ལོ་སིར་ཏོག་གསར་རིམས་འགོག་སྨན་ཁབ་དང་། རིམས་འགོག་དངོས་ཟོག་ལ་སོགས་པའི་རྒྱབ་སྐྱོར་བྱ་རྒྱུ་དང་། སྨན་བཅོས་དང་། གྲོང་གསེབ་དབུལ་སྐྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གཞོན་ནུ་དང་། རིག་གནས། ས་གནས་བཅས་ཀྱི་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོའི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་ཚོར་ཆེ་རུ་གཏོང་བ་བཅས་བྱེད་པ། ཀྲུང་གོས་ལོ་སི་དང་མཉམ་དུ། དོན་ངོ་མའི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ་དང་། གོ་ལ་ཧྲིལ་པོའི་གོང་འཕེལ་གྲོས་འགོ་དོན་འཁྱོལ་བྱེད་པ། དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བརྒྱུད། ས་ཁུལ་གྱི་ཞི་བདེ་དང་། བརྟན་བརླིང་། དར་རྒྱས་བཅས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་འདོད་ཡོད་ཅེས་ནན་གསུངས་གནང་ཡོད།

ཐུང་ལུན་གྱིས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་༡༠༠འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་དུས་ཡུན་རིང་པོའི་ནང་ལོ་སིར་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་ཀྲུང་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གདེང་འཇོག་གང་ལེགས་གནང་བ་དང་ཕྱོགས་གཉིས་འབྲེལ་བར་རྩ་ཆེའི་དགོངས་འཆར་ལྷུག་བརྩལ་གནང་བར་ང་རང་ནས་རྦད་དེ་མོས་མཐུན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོར་བརྟེན་ནས། ལོ་ཀྲུང་ལྕགས་ལམ་ཤར་གཏོང་ལེགས་གྲུབ་བྱུང་ཞིང་། ལོ་སིའི་མི་དམངས་ཀྱིས་ལྕགས་ལམ་ཕུགས་འདུན་མངོན་དུ་འགྱུར་ཡོད། ལོ་སིས་ཀྲུང་གོའི་དབར་མཐོ་རིམ་འགྲོ་འོང་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ལོ་ཀྲུང་ལྕགས་ལམ་གྱི་དཔལ་འབྱོར་ཕན་འབྲས་ཚད་གཞི་ཆེ་ཤོས་ཐོག་ནས་འདོན་སྤེལ་བྱེད་པ། ལོ་ཀྲུང་དཔལ་འབྱོར་མཉམ་ལས་ལ་གྲུབ་འབྲས་དེ་ལས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ནི་སྔ་བར་ཕྱི་གསུམ་དུ་འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པའི་འདེགས་སྐྱོར་གལ་ཆེན་ཡིན་ཞིང་། སྔར་ནས་ད་བར་ཞི་མཐུན་མཛའ་གྲོགས་ཀྱི་ཕྱི་འབྲེལ་སྲིད་ཇུས་ལག་ལེན་བསྟར་བར། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁས་ལེན་རྒྱ་ཁྱབ་བྱེད་བཞིན་ཡོད་པ་མ་ཟད། ཞི་བདེར་དགའ་བའི་འཛམ་གླིང་རྒྱལ་ཁབ་དེ་བས་མང་བའི་འགྱུར་མེད་རྒྱབ་སྐྱོར་ཐོབ་དང་ཐོབ་མུས་རེད། ལོ་སིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྱི་ལུགས་མཐུན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཀྲུང་གོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལེགས་གྲུབ་ལྡན་པའི་ངང་གཉེར་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ལོ་སིས་ཀྲུང་གོའི་དབར་རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྱི་སྤེལ་རེས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བརྒྱུད། ས་ཁུལ་གྱི་ཞི་བདེ་དང་། བརྟན་བརླིང་། གོང་འཕེལ་བཅས་ལ་སྲུང་སྐྱོང་བྱེད་པའི་ཐད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད།

ཏིང་ཞུའེ་ཞང་དང་། ལིའུ་ཧེ། ཧོ་ལི་ཧྥེང་སོགས་ཐུག་འཕྲད་ནང་ཞུགས་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ལས་དོན་གྲོས་ཚོགས་འདིའི་ཐོག་འདི་ལྟར་གསུངས། རང་སྐྱོང་ལྗོངས་ཏང་གི་འཐུས་ཚོགས་ཐེངས་བཅུ་པ་རྒྱལ་ཁའི་ངང་གྲོལ་བ། ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་གི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ། ཝང་ཅུན་ཀྲེང་གིས་ནག་ཆུའི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་ཏེ་གལ་ཆེའི་གསུང་བཤད་གནང་བ།