གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཁྲོན་བོད་ལྕཌ་ལམ་བོད་ཀྱི་དུམ་བུའི་འཛུཌ་སྐྲུན་ལ་སྐུལ་འདེད་བཏང་བ།

སྤེལ་དུས་: 2021ལོ་12ཟླ་16ཚེས་ 10:26 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཚེས ༡༤ ཉིན་གྱི་སྔ་དྲོ། ཁྲོན་བོད་ལྕགས་ལམ་བོད་ལྗོངས་དུམ་བུའི་ལམ་ཐིག་ཧྲིལ་པོ་འཛུགས་སྐྲུན་གྱི་ས་ཡུལ་དངོས་ཀྱི་སྐུལ་སྤེལ་ཚོགས་འདུ་ཆབ་མདོར་འཚོགས་པ་རེད། དེ་ལས་ཁྲོན་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་སྐྲུན་པའི་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཏུང་ཧྲི་ཀྲང་དང་ཏང་ཙུའི་ཧྲུའུ་ཅི་ལུའུ་ཏུང་ཧྥུའུ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ་རེད།

图片

ཚོགས་ར།

ཝང་ཅུན་ཀྲེང་གིས་བསྟན་དོན། ཁྲོན་བོད་ལྕགས་ལམ་བསྐྲུན་རྒྱུ་ནི་ཀྲུང་གོ་བ་མི་རབས་མང་པོའི་ཕུགས་འདུན་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་སྦྲགས། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཞིབ་འཇུག་བཀོད་སྒྲིག་གནང་ཐོགལས་དོན་དེ་སྐུལ་འདེད་གཏོང་བར་མཛུབ་སྟོན་གལ་ཆེན་ཡང་གནང་ཡོད། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱས་པ་དེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་མཚོན་ཞིང་། དེ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་བསམ་འདུན་དང་རེ་སྒུག་ཆེན་པོ་ཞིག་ཡིན་ལ། རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། མཐའ་མཚམས་བརྟན་ལྷིང་སྲ་བརྟན་བཅས་ཀྱི་ངོས་ནས་བརྗོད་ནའང་གལ་འགངས་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།

图片

ཚོགས་ར།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཁྲོན་བོད་ལྕགས་ལམ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་ཤོས་དང་། འཛུགས་སྐྲུན་གྱི་དཀའ་ཚེགས་ཆེ་ཤོས། རྣམ་གྲངས་རྒྱང་པར་མ་འཇོག་བྱེད་མང་ཤོས་བཅས་ཀྱི་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གྲྭ་ཞིག་རེད། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱ་རྒྱུ་ནི་བོད་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོར་ཐབས་མེད་པའི་འགན་འཁྲི་ཞིག་རེད། དེར་བརྟེན། ངེས་པར་དུ་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ། སྤྱི་ཡོངས་གཉིས་དང་རྒྱལ་ཁབ་ཀྱི་དོན་ཆེན་བློ་ལ་འཆང་བ། དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་པ་བཅས་བྱས་ནས། ཁྲོན་བོད་ལྕགས་ལམ་ཡག་པོ་སྐྲུན་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ཏེ། དེ་བས་ཕན་འབྲས་ཆེ་བའི་སྒྲིག་འཛུགས་ཀྱི་ནུས་པ་དང་། དེ་བས་རང་འགུལ་གྱི་ཞབས་ཞུའི་འདུ་ཤེས། དེ་བས་ཏན་ཏིག་གི་ལས་ཀའི་བྱ་ཐབས། དེ་བས་ནན་པའི་ལས་ཀའི་སྒྲིག་ལམ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པའི་ལས་ཀའི་སྤྱོད་ཚུལ་བཅས་ལ་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་གནད་སྨིན་ཡོང་བ་བྱེད་པ་དང་། དམ་ཞིང་ནན་པའི་སྒྲིག་ལམ་ལ་བརྟེན་ནས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ཏན་ཏིག་དང་བདེ་བླག་ཡོང་བར་སྐུལ་འདེད་གཏོང་བའི་འགན་ལེན་བྱེད་དགོས།

图片

ཚོགས་ར།

ལུའུ་ཏུང་ཧྥུའུ་ཡིས་ནན་བཤད་གནང་དོན། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་ཚན་རིག་དང་མཐུན་པའི་འཆར་འགོད་དང་། ལག་རྩལ་གྱི་འདེགས་སྐྱོར། སྐྱེ་ཁམས་སྲུང་སྐྱོང་། བདེ་འཇགས་བློས་འཁེལ་བཅས་ཀྱི་སྤྱིའི་བསམ་ཕྱོགས་སྟངས་འཛིན་ནན་པོ་བྱས་ཏེ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་གཟི་བརྗིད་ལྡན་ལ་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་འགན་འཁྲི་འདི་ཉིད་ཏན་ཏིག་འཁུར་དགོས། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་ཐད་གལ་ཆེའི་གསུང་བཤད་གནང་བ། ཞི་ཅིན་ཕིང་གིས་ཐུང་ལུན་དང་བརྙན་མཐོང་ཐོག་ནས་ཐུག་འཕྲད་གནང་བ། ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་གི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ། གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་གཟབ་རྒྱས་ངང་འཚོགས་པ།