ཟླ ༡ ཚེས ༤ ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་རྗེས་སུ་རྒྱལ་ཁབ་ཀྱི་མགྱོགས་ཤུད་ཁང་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་སྨྱན་སྦྱོར་གཙོ་བོའི་ལྟེ་གནས། པེ་ཅིང་དགུན་དུས་ཨོ་རྩལ་གྲོང་ཚོ༼དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས།༽ པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་བཀོད་འདོམས་པུའི་བཀོད་གཏོང་ལྟེ་གནས། གཉིས་བདུན་བཟོ་གྲྭའི་གངས་འཁྱགས་རྣམ་གྲངས་སྦྱོང་བརྡར་རྟེན་གཞི་བཅས་ལ་ཕེབས་ནས། པེ་ཅིང་གི ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་། དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་འགྲན་བསྡུར་གྱི་གནས་ཚུལ་ལ་ཡུལ་དངོས་ནས་ཤེས་རྟོགས་ཡོང་བར་གནང་ཞིང་། ལུས་རྩལ་པ་དང་། རྩལ་ཁྲིད་པ། འཁོར་སྐྱོད་དོ་དམ་མི་སྣ། ཞབས་ཞུ་འགན་སྲུང་མི་སྣ། ཚན་ཞིབ་མི་སྣ། སྨྱན་སྦྱོར་གྱི་གསར་འགོད་པ། དང་བླངས་པ་སོགས་ལ་འཚམས་འདྲི་ཞུས་པ་དང་ཚང་མར་ལོ་གསར་གྱི་སྨོན་འདུན་ཞུས་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་པ། སྲིད་གྲོས་སྐབས ༡༡ པའི་ཚོགས་འདུ་ཐེངས ༥ པ་གཟབ་རྒྱས་ངང་འཚོགས་པ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོཌ་འདུ་ཐེངས་ལྔ་པའི་དཔལ་འབྱོར་རིཌ་ཁོངས་དང་བཟོ་ཚོང་མཉམ་འབྲེལ་རིཌ་ཁོངས་ཀྱི་མཉམ་འབྲེལ་ཚོཌ་ཆུང་གྲོས་བསྡུར་ནང་ཞུཌ་པ། ཝང་ཅུན་ཀྲེང་ཆབ་མདོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།