སྤྱི་ཟླ་དང་པོའི་ཚེས ༧ ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་ནས་ལྷ་སར་རྒྱལ་ཁའི་ངང་གྲོལ་བ་རེད།
ཉིན་ཤས་རིང་ལྗོངས་ཡོངས་ཀྱི་ས་གནས་ཁག་དང་ལས་རིགས་ཁག་ནས་ཡོང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་རང་འགན་གཙང་སྒྲུབ་དང་དམངས་གཙོ་དར་སྤེལ་གང་ལེགས་བཏང་ནས། གྲོས་གཞི་ཁག་ལ་གྲོས་ཞིབ་ནན་ཏན་བྱས་ཏེ་བརྗིད་ཉམས་ལྡན་པའི་སྒོ་ནས་འཐུས་མིའི་དབང་ཆ་སྤྱད་ཡོད།
ཚོགས་འདུ་རྒྱལ་ཁའི་ངང་མཇུག་འགྲིལ་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་དུང་བརྡ་བཏང་བས། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དད་སེམས་བརྟན་པོ་དང་ཞུམ་མེད་ཀྱི་བློ་སྟོབས་ལ་བརྟེན་ནས། གོམ་སྟབས་བརྟན་པོས་མཛེས་སྡུག་ལྡན་པའི་མ་འོངས་ཀྱི་ཕྱོགས་སུ་བསྐྱོད་རྒྱུ་ཡིན་པ་རེད།
མཇུག་འགྲིལ་ཚོགས་འདུའི་ཚོགས་རའི་ཕྱི་ནང་།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་པེ་ཅིང་དགུན་དུས་ཨོ་རྩལ་ལ་རྟོག་ཞིབ་གནང་། ལྗོངས་སྲིད་གྲོས་སྐབས ༡༡ པའི་ཚོགས་འདུ་ཐེངས ༥ པ་རྒྱལ་ཁའི་ངང་གྲོལ་བ། ཝང་ཅུན་ཀྲེང་གིས་གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ། ཝང་ཅུན་ཀྲེང་ཆབ་མདོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ། སྲིད་གྲོས་སྐབས ༡༡ པའི་ཚོགས་འདུ་ཐེངས ༥ པ་གཟབ་རྒྱས་ངང་འཚོགས་པ།