ཚེས ༢༧ ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུའུ་དང་ལྷ་ས་མེ་འཁོར་འབབ་ཚུགས་སུ་ཕེབས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བཀོད་སྒྲིག་དོན་འཁྱོལ་གྱི་གནས་ཚུལ་ལ་བརྟག་ཞིབ་དང་ཞིབ་བཤེར་གནང་བ་མ་ཟད། ལས་རེས་བརྟན་པོར་སྲུང་མཁན་འཐབ་ཕྱོགས་དང་པོའི་ལས་བྱེད་ལས་བཟོར་གཟིགས་པ་དང་འཚམས་འདྲི་གནང་བ་རེད།
ཝང་ཅུན་ཀྲེང་གིས་ལྷ་ས་མེ་འཁོར་འབབ་ཚུགས་སུ་བརྟག་ཞིབ་གནང་བཞིན་པ།
ཝང་ཅུན་ཀྲེང་ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་བདེ་འཇགས་ཞིབ་བཤེར་བྱེད་ས་དང་། མེ་འཁོར་སྒུག་སའི་ཚོམས་ཆེན། ཐོན་སྒོའི་མདུན་གྱི་ཐང་ཆེན་བཅས་སུ་ཕེབས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཤེས་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ལྕགས་ལམ་གྱི་ལས་བཟོ་བ་དང་། ལས་སྒྲུབ་མི་དམངས་ཉེན་རྟོག་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་མི་སྣ་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་ཞིང་། ཁོང་གིས་བསྟན་དོན། མང་ཚོགས་རྣམས་གཉེན་ཉེ་ཐུག་པ་དང་། གུང་གསེང་ལ་འགྲོ་བ། ཞིང་པ་ལས་མི་ཕ་ཡུལ་དུ་ལོག་པ། སློབ་མ་གུང་གསེང་ལ་ཁྱིམ་དུ་ལོག་པ་བཅས་ཀྱི་ལོ་རྙིང་ཕར་ལ་སྐྱེལ་བ་དང་ལོ་གསར་ཚུར་ལ་བསུ་བའི་སྐབས་སུ། མི་འགྲོ་འོང་བྱེད་ཚད་ཇེ་མང་དུ་འགྲོ་བ་དང་། དགུན་དུས་སུ་འགོ་ནད་སྣ་ཚོགས་མང་པོ་ཐོན་སྲིད་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད། འགག་རྩའི་དུས་སྐབས་སུ་ཇི་ཙམ་སླེབས་པ་དེ་ཙམ་གྱིས་བག་མེད་ལྷོད་གཡེང་གཏན་ནས་བྱ་མི་རུང་ལ། དེ་ཙམ་གྱིས་བསམ་བློ་གཅིག་གྱུར་དང་སེམས་ནུས་གཅིག་སྒྲིལ་བྱས་ནས། ཐོག་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྩ་བ་དམ་པོར་བཟུང་སྟེ། རིམས་ནད་ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག་གི་བྱ་ཐབས་ཁག་མཐའ་གཅིག་ཏུ་དོན་འཁྱོལ་ཡག་པོ་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པར་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུར་བརྙན་ལམ་ནས་ཚོགས་འདུ་འཚོགས་ཏེ། ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང་གསན་ཞིང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་པར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད་ཅེས་གསུངས་པ་རེད། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཚང་མས་ཡང་འབད་བསྐྱར་འབད་དང་ལས་དོན་ཧུར་ཐག་བསྒྲུབས་ཏེ། ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་བའི་ཐུགས་རེ་གནང་བ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུར་གསུང་བཤད་གནང་བཞིན་པ།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་མཐའ་འཁྱོངས་བྱས་ཏེ། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་མི་དམངས་མང་ཚོགས་ལ་བཅངས་པའི་བརྩེ་སེམས་ཟབ་མོར་བརྟེན་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དུས་ཆེན་གཉིས་རིང་གི་སྔོན་འགོག་དང་ཚོད་འཛིན་གྱི་གཙོ་གནད་ལས་དོན་ཡག་པོ་ཏན་ཏིག་བསྒྲུབས་ཏེ། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་ཏན་ཏིག་བྱེད་དགོས།
ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས།
གཙོ་གནད་མངོན་གསལ་དོད་པོ་དང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་བ་དང་ཆུ་ཚད་མཐོ་རུ་གཏོང་དགོས།
ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས། དུས་ཆེན་གཉིས་རིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་དགོས།
རང་འགུལ་ངང་བྱས་རྗེས་འཇོག་པ་དང་རང་འགན་གཙང་སྒྲུབ་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་བྱེད་དགོས།
ཝང་ཅུན་ཀྲེང་གིས་ལྷ་ས་མེ་འཁོར་འབབ་ཚུགས་སུ་བརྟག་ཞིབ་གནང་བཞིན་པ།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དུས་ཆེན་གཉིས་རིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་ནི་རིམ་ཁག་ཏང་ཨུད་དང་འགན་ནུས་སྡེ་ཚན་གྱི་ཚོད་བགམ་ཆེན་པོ་ཞིག་རེད། དུས་བབ་ལ་ངོས་འཛིན་གསལ་པོ་དང་ལས་ཀའི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་བྱས་པའི་རྗེས་དང་དྲུད་པའི་ཤུལ་གྱི་ངར་ཤུགས་ཆེན་པོར་བརྟེན་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཁྱབ་ཁོངས་ཧྲིལ་པོ་དང་ལྷུ་ཚིགས་ཁག་གི་ལས་དོན་ཡག་པོ་ཏན་ཏིག་བསྒྲུབས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུ་དགོས། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ནས་ཧྲན་ཞི་ཡི་གཞི་རིམ་ལས་བྱེད་མང་ཚོཊ་ལ་འཚམས་འདྲི་གནང་། རང་སྐྱོང་ལྗོངས་ཀྱི་ལོ་གསར་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་འཚོགས་པ། ལྗོངས་སྒྲིག་ཨུད་ཀྱི་ཚོགས་འདུ་གལ་ཆེན་ཞིག་ལྷ་སར་འཚོགས་པ། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ཡག་པོ་གཏོད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཤིས་སུ་འཚམས་འདྲི་གནང་བར་ཕེབས་པ།