གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝང་ཅུན་ཀྲེང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་འདི་ལྟར་གཏོང་དགོས་གསུངས།

སྤེལ་དུས་: 2022ལོ་02ཟླ་22ཚེས་ 16:43 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉེ་ཆར།  བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གིས ༢༠༢༢ ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་།  ཁོང་གིས་ནན་བཤད་གནང་དོན།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས།  ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ།  ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི ༢༠༢༡ ལོའི་ལས་དོན་ཕྱོགས་སྡོམ་སྙན་ཞུ་དང་ ༢༠༢༢ ལོའི་ལས་དོན་གྱི་གཙོ་གནད་དང་།  ༼རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་གིས་སྣེ་ཁྲིད་དེ་སྒྱུར་བཅོས་ཀྱི་ལས་འགན་གལ་ཆེན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་འགན་འཁྲིའི་ལམ་ལུགས་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས༽༼གཞུང་ཁོངས་རྒྱུ་ནོར་དོ་དམ་གནས་ཚུལ་ལ་ལྟ་སྐུལ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས༽སོགས་ཀྱི་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

图片

ཚོགས་ར།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།  རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལ་དམིགས་ནས་སྤྱི་ཚོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུར་ཤུགས་རྒྱག་དགོས་པ་དང་།  ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་གཏོད་རྒྱུར་དམིགས་ནས་དཔལ་འབྱོར་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུར་ཤུགས་རྒྱག་དགོས།  རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་དམིགས་ནས་སྐྱེ་ཁམས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུར་ཤུགས་རྒྱག་དགོས།  རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་གཏོད་རྒྱུར་དམིགས་ནས་མཐའ་མཚམས་བཅོས་སྐྱོང་མ་ལག་གི་ཁྱབ་ཁོངས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུར་ཤུགས་རྒྱག་དགོས།  དྲང་གཞག་འགྲན་རྩོད་ཀྱི་ཁོར་ཡུག་སྐྲུན་པ་དང་དྲང་གཞག་ངང་མི་སྤྱོད་པའི་ལམ་སྲོལ་འཛུགས་རྒྱུར་དམིགས་ནས་ཏང་འཛུགས་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུར་ཤུགས་རྒྱག་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།  ཏང་གི་འགོ་ཁྲིད་དེ་སྒྱུར་བཅོས་ཟབ་གཏོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ནང་ཁྱབ་རྒྱུ་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དེ་འགོ་གཙོ་དང་པོའི་འདུ་འགོད་དུ་བརྩིས་ནས་ལས་དོན་གྱི་འགན་འཁྲི་ནན་དུ་གཏོང་བ་དང་རིམ་པ་བཞིན་གནོན་ཤུགས་སྤྲད་དེ་སྒྱུར་བཅོས་ལ་དམ་འཛིན་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། འདུ་ཤེས་གསར་སྒྱུར་ལ་སྐུལ་འདེད་གཏོང་བ་དང་སྒྱུར་བཅོས་ཀྱི་ནུས་པ་ཆེ་རུ་བཏང་སྟེ་རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་ཤེས་རྟོགས་དང་ཐག་གཅོད་གནད་སྨིན་བྱས་ཏེ་ཡུལ་བབ་དང་བསྟུན་ནས་འགག་གནད་ཐག་གཅོད་དང་། འགག་ས་གཤོང་བ།  དཀའ་གནད་སེལ་བ་བཅས་བྱེད་དགོས། ཞིབ་བཤེར་བཞི་ནང་དོན་གཙོ་བོར་བྱས་པའི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ནན་ཏན་ངང་སྤེལ་ཏེ།  ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་གིས་ཐབས་ཇུས་འགོད་སྐབས་ཚན་རིག་དང་མཐུན་ལ་དམངས་གཙོ་ལྡན་པ་དང་། ལག་ལེན་བསྟར་སྐབས་ནུས་པ་དང་ལྡན་པ། དོན་དག་གཅོད་སྐབས་ཁྲིམས་མཐུན་ནུས་ཆེ་ཡོང་བ་བཅས་བྱས་ཏེ་སྒྱུར་བཅོས་ལ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བའི་འགན་ལེན་བྱེད་དགོས།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

སྐབས་ཉེར་བཞི་པའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་མཇུག་སྒྲིལ་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཤིས་སུ་འཚམས་འདྲི་གནང་བར་ཕེབས་པ། ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་དུ་བརྟག་ཞིབ་གནང་བ། ཁོང་གིས་དགའ་ལྡན་དགོན་དང་ར་མོ་ཆེ་གཙུག་ལག་ཁང་དུ་བརྟག་ཞིབ་གནང་བ།