ཚེས ༡༧ ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་དུ་བརྟག་ཞིབ་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་སུ་ཝང་ཅུན་ཀྲེང་གིས་གཞི་རིམ་གྱི་སྲིད་ཁྲིམས་ལས་བྱེད་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས། ཚང་མའི་ལས་དོན་དང་འཚོ་བའི་སྐོར་བྱམས་བརྩེའི་ངང་བཀའ་འདྲི་གནང་བ་དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ། རང་སྐྱོང་ལྗོངས་ཀྱི་སྲིད་ཁྲིམས་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སེང་ནན་ཏན་ངང་གསན་པ་རེད།
ཝང་ཅུན་ཀྲེང་གིས་གཞི་རིམ་གྱི་སྲིད་ཁྲིམས་ལས་བྱེད་པར་བྱམས་བརྩེའི་ངང་ཕྱག་གཏོང་བཞིན་པ།
ཝང་ཅུན་ཀྲེང་གིས་བསྟན་དོན། དེང་གི་བོད་ལྗོངས་སུ་ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་ནས། བྱ་གཞག་ཁག་ལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་བཞིན་ཡོད། འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་གནང་བའི་འབྲས་བུ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་ནས་བློ་སེམས་གཅིག་མཐུན་དང་འབད་འབུངས་སྟོབས་བརྩོན་བྱས་པའི་འབྲས་བུ་ཞིག་རེད། དེ་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་ཚོས་དཀའ་སྤྱད་འབད་བརྩོན་དང་ལས་དོན་ཧུར་ཐག་བསྒྲུབས་པ་ལས་བྱུང་བ་ཞིག་ཀྱང་རེད། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་འཐབ་ཕྱོགས་ཀྱི་བློ་མཐུན་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་བྱས་ཏེ་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་སྣེ་ཁྲིད་དེ་ཁྲིམས་བཀུར་ཁྲིམས་སྦྱོང་བྱེད་པ་དང་། མིག་དཔེ་བསྟན་ཏེ་ཁྲིམས་སྲུང་ཁྲིམས་སྤྱོད་བྱེད་པ། གཞུང་དྲང་ཁྲིམས་འཛིན་དང་ཡ་རབས་ཁྲིམས་བསྟར་མཐའ་འཁྱོངས་བཅས་བྱས་ནས། ཁྲིམས་འཛིན་གྱི་གྱོད་གཞི་ཚང་མའི་ཁྲོད་ནས་མི་རིགས་ཁག་གི་མང་ཚོགས་ཚོར་དྲང་གཞག་དྲང་བདེན་ཚོར་བ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་བཅའ་ཁྲིམས་ཀྱི་ལ་རྒྱ་དང་དབང་གྲགས་སྲུང་སྐྱོང་བྱེད་དགོས། ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རྟེན་ལ་དམ་འཛིན་ཏན་ཏིག་དང་ལམ་སྲོལ་གསར་གཏོད་ཀྱིས་ཚོགས་སྤྱི་མི་འདྲ་བར་དམིགས་ས་ཡོད་པའི་སྒོ་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་ཏེ། སྤྱི་ཚོགས་ཡོངས་སུ་བྱ་བ་སྒྲུབ་སྐབས་ཁྲིམས་གཞིར་བཟུང་བ་དང་། དོན་དག་འཕྲད་སྐབས་ཁྲིམས་ལ་བརྟེན་པ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ། འགལ་ཟླ་སེལ་སྐབས་ཁྲིམས་ལ་བརྟེན་པ་བཅས་བྱེད་པར་ཁྲིད་སྟོན་བྱས་ནས་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་དང་དུས་བདེའི་བོད་ལྗོངས་ཧུར་ཐག་སྐྲུན་དགོས།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་དུ་བརྟག་ཞིབ་གནང་བཞིན་པ།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཁྱོན་ཡོངས་ཀྱི་ལྟ་བ་མཐའ་འཁྱོངས་བྱས་ནས་མཐའ་ཚད་ཀྱི་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་དོན་ཆེན་བློ་ལ་བརྟན་པོར་ངེས་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ། རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ནས་འགོ་བཙུགས་ཏེ་བསམ་གཞིག་དང་ཇུས་འགོད་བྱེད་པ་དང་། སྲིད་ཁྲིམས་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་། སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་འགན་ལེན། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྐུལ་འདེད། མི་དམངས་བདེ་སྡོད་ལས་བརྩོན་ཡོང་བའི་འགན་ལེན་བཅས་ཀྱི་འགན་འཁྲི་དང་ལས་འགན་ཏན་ཏིག་སྒྲུབ་དགོས། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱེད་པ་དང་། སྔོན་ཇུས་ཁག་འཐུས་སྒོ་ཚང་དུ་གཏོང་བ། གཙོ་གནད་ལ་དམ་འཛིན་ཡག་པོ་བྱས་ནས་དོགས་ཟོན་བྱེད་པ། སྦྱོང་བརྡར་དང་ནང་སྦྱོང་ཡག་པོ་བྱེད་པ། གནས་ཚུལ་སྡུག་ཤོས་ལ་བསམས་ཏེ་གྲ་སྒྲིག་དང་ཡག་ཤོས་ཀྱི་ཕྱོགས་སུ་འབད་འཐབ་བཅས་བྱས་ཏེ། སྤྱོད་དགོས་མ་བྱུང་ཡང་ངེས་པར་དུ་གྲ་སྒྲིག་དགོས་པ་དང་སྤྱོད་པའི་དུས་ལ་འབབ་དུས་གྲ་སྒྲིག་མེད་པ་གཏན་ནས་བྱེད་མི་རུང་། ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དང་། སྤྱི་ཚོགས་ཀྱི་འཚོ་བ། བདེ་འཇགས་ཐོན་སྐྱེད་བཅས་ཁྱབ་ཁོངས་ཁག་གི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་པ་དང་། ཉམས་ཞན་འཚོལ་བ་དང་། ཞན་ཆ་སེལ་བ། སྐྱོན་ཆ་སེལ་བ་བཅས་བྱས་ཏེ། སྔ་ས་ནས་དམ་འཛིན་དང་། ཆུང་ས་ནས་དམ་འཛིན། ཐོན་བཟོ་ཡོད་པའི་ས་ནས་དམ་འཛིན་བཅས་བྱས་ནས་འགལ་ཟླ་གཞི་རིམ་དུ་སེལ་བ་དང་ཐོན་བཟོ་ཡོད་པའི་ས་ནས་སེལ་དགོས། བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ་དང་། འགན་འཁྲི་དོན་འཁྱོལ་ཧུར་ཐག་བྱེད་པ། ཁྲིམས་ལྟར་བཅོས་སྐྱོང་བྱེད་པ། ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ལ་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་སྲིད་ཁྲིམས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བཞིན་པ།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དམངས་ཆེད་ཁྲིམས་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན་པ་བློ་ལ་བརྟན་པོར་ངེས་དགོས་པ་དང་། ཚང་དགོས་པ་གསུམ་དང་ཕན་པ་ཡོད་པ་གཅིག་གི་བླང་བྱ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་གི་གཙོ་གནད་ལས་དོན་ཁག་ཏན་ཏིག་སྒྲུབ་པ་དང་། ནུས་ཤུགས་ཡོད་རྒུས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རྣམས་དུས་བདེ་དང་། སྤྲོ་སྣང་། བཀྲ་ཤིས་པའི་བོད་ཀྱི་ལོ་གསར་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ནས་ཀྲུང་སིའི་དབར་གྱི་ཚོཊ་ཆེན་འདིར་འཕྲིན་ཡིག་སྤྲིངས། ༼ཞི་ཅིན་ཕིང་གི་འཕྲིན་ཡིག་གཅེས་བཏུས༽དེབ་དང་པོ་འགྲེམས་སྤེལ་བྱས། ཞི་ཅིན་ཕིང་དང་ལུའོ་ཕེ་སིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ། ཁོང་གིས་དགའ་ལྡན་དགོན་དང་ར་མོ་ཆེ་གཙུག་ལག་ཁང་དུ་བརྟག་ཞིབ་གནང་བ། ཝང་ཅུན་ཀྲེང་གིས་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་དུ་བརྟག་ཞིབ་གནང་བ།