གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝང་ཅུན་ཀྲེང་གིས་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་དུ་བརྟག་ཞིབ་གནང་བ།

སྤེལ་དུས་: 2022ལོ་03ཟླ་24ཚེས་ 15:46 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཚེས ༢༢ ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་པ་དང་ལས་བཟོར་གཟིགས་པ་དང་འབྲེལ་འཚམས་འདྲི་གནང་ནས་ཚང་མ་དང་བྱམས་བརྩེའི་གླེང་མོལ་གནང་བ་མ་ཟད། ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་དང་ཕྱིར་འབུད་དོ་དམ་ཁྲུའུ་སོགས་སུ་ཕེབས་ནས་ཁོར་ཡུག་དཔྱད་དཔོག་ཁྱབ་ཁོངས་ཀྱི་གློད་སྡོམ་ཞབས་གསུམ་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

图片

ཝང་ཅུན་ཀྲེང་གིས་གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་པ་དང་ལས་བཟོར་གཟིགས་པ་དང་འབྲེལ་ཚང་མ་དང་བྱམས་བརྩེའི་གླེང་མོལ་གནང་བཞིན་པ།

图片

ཝང་ཅུན་ཀྲེང་གིས་ཁོར་ཡུག་དཔྱད་དཔོག་ཁྱབ་ཁོངས་ཀྱི་གློད་སྡོམ་ཞབས་གསུམ་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་སྙན་སེང་གསན་པ་དང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁོངས་གཏོགས་ཀྱི་བློ་མཐུན་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་བྱམས་བརྩེའི་འཚམས་འདྲི་ཡང་གནང་བ་རེད།

ཝང་ཅུན་ཀྲེང་གིས་བསྟན་དོན།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས། སྐྱེ་ཁམས་དེ་ཉིད་བོད་ཀྱི་དོན་ཆེན་བཞིའི་ནང་དོན་གལ་ཆེར་འཛིན་ནས་བཀོད་སྒྲིག་གནང་བས། ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་དང་། ལྷག་པར་དུ་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས་རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་བྱེད་མཁན་གྱི་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ལག་ལེན་མཐའ་གཅིག་ཏུ་བསྟར་བ་བཅས་བྱས་ནས། བོད་ཀྱིས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པར་གྲུབ་འབྲས་གསར་པ་དང་རྣམ་པ་གསར་པ་གཏོད་ཕྱིར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པ་སྟེ།

གཅིག་ནས། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། སྲུང་སྐྱོང་གཉིས་བློ་རྩ་བརྟན་པོས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས།

གཉིས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་དགོས།

གསུམ་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པར་བརྟེན་ནས། ལས་དོན་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཤུགས་རྒྱག་དགོས།

图片

ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་སྙན་སེང་གསན་པ་དང་འབྲེལ་གསུང་བཤད་གནང་བཞིན་པ།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།ཏང་གི་འགོ་ཁྲིད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་ཁྱབ་པ་མཐའ་འཁྱོངས་ཀྱིས་དུས་བབ་གསར་པའི་འོག་འགོ་ཁྲིད་ལས་བྱེད་པས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། ལས་ཀའི་མཉམ་ཤུགས་ཆགས་པ་བཅས་བྱས་ནས། བཤད་པ་ཙམ་གྱིས་སྒྲུབ་པར་བརྩི་བ་དང་སྒྲུབ་པ་ཙམ་གྱིས་ཡག་པོ་སྒྲུབ་པར་བརྩི་བ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་སྟེ་ཁོར་ཡུག་སྲུང་སྐྱོང་ལ་ལྟ་ཞིབ་དག་ཐེར་བྱེད་པར་དམ་འཛིན་ཡག་པོ་དང་། འབྲེལ་གཏུག་དང་སྙན་སེང་འབྲེལ་མཐུད་བྱ་རྒྱུར་རང་འགུལ་ངང་ཤུགས་སྣོན་རྒྱག་པ། མི་བདེན་རྫུན་སྒྲིག་མཐའ་གཅིག་ཏུ་གཏན་འགོག་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་བྱེད་པ། གཟབ་ནན་ཞིབ་ཚགས་དང་ནན་ཏན་ངང་འགན་འཁུར་བའི་རྣམ་འགྱུར་ཐོག་ནས། རེས་སྐོར་གསར་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་ལ་བསུ་བ་ཞུ་བ་བཅས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས༡༣པའི་ཚོགས་འདུ་ཐེངས༥པ་གྲོལ་བ། རྒྱལ་ཡོངས་སྲིད་གྲོས་སྐབས ༡༣ པའི་ཚོགས་འདུ་ཐེངས ༥ པ་གྲོལ་བ། བོད་ཀྱི་འཐུས་མི་ཚོཌ་པས་རྒྱལ་ཡོངས་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ། བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ།