གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས༡༣པའི་ཚོགས་འདུ་ཐེངས༥པ་གྲོལ་བ།

སྤེལ་དུས་: 2022ལོ་03ཟླ་11ཚེས་ 16:08 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཚེས ༡༡ ཉིན་གྱི་ཆུ་ཚོད ༩ པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པས་མཇུག་སྒྲིལ་ཚོགས་འདུ་འཚོགས་ཤིང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཚོགས་འདུར་ཕེབས་ཡོད་པ་རེད།

མཇུག་སྒྲིལ་ཚོགས་འདུའི་ཚོགས་ར།ཚོགས་འདུའི་ཐོག སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་། ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིའི་མིང་སྐལ་དང་འདེམས་བསྐོའི་གནད་དོན་སྐོར་གྱི་གཏན་འབེབས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིའི་འདེམས་བསྐོ་བྱ་ཐབས། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིའི་འདེམས་བསྐོ་བྱ་ཐབས། ༢༠༢༡ ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་ ༢༠༢༢ ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་སྐོར་གྱི་གྲོས་ཆོད། ༢༠༢༢ ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིར་ཆོག་མཆན་སྤྲོད་པ། ༢༠༢༡ ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་ ༢༠༢༢ ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་སྐོར་གྱི་གྲོས་ཆོད། ༢༠༢༢ ལོའི་ཀྲུང་དབྱང་གི་སྔོན་རྩིས་ལ་ཆོག་མཆན་སྤྲོད་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་བ་རེད།

图片

མཇུག་སྒྲིལ་ཚོགས་འདུའི་ཚོགས་ར།

图片

མཇུག་སྒྲིལ་ཚོགས་འདུའི་ཚོགས་ར།

图片

མཇུག་སྒྲིལ་ཚོགས་འདུའི་ཚོགས་ར།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

རྒྱལ་ཡོངས་སྲིད་གྲོས་སྐབས ༡༣ པའི་ཚོགས་འདུ་ཐེངས ༥ པ་གྲོལ་བ། ཞི་ཅིན་ཕིང་ནས་མ་ཁེ་ལུང་དང་ཧྲོར་ཙེ་དང་བརྙན་མཐོང་དབུ་ཚོཊ་གནང་བ། ཞི་ཅིན་ཕིང་ནས་དམག་དཔུང་གི་ལས་དོན་སྐོར་ལ་ནན་སྟོན་གནང་དོན། ཞི་ཅིན་ཕིང་ནས་སྲིད་གྲོས་ཨུ་ཡོན་ལ་གཟིགས་གནང་བ།