ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་གཞིར་བཟུང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པ་ཉེ་ཆར་བོད་རང་སྐྱོང་ལྗོངས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བྱེད་པར་བཅའ་སྡོད་བྱས་པ་རེད། ཟླ ༣ ཚེས ༢༥ ཉིན། ལྟ་བཤེར་བཅའ་སྡོད་ཀྱི་སྐུལ་སློང་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྟ་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་ལི་ཅ་ཞང་དང་ཙུའུ་ཀྲང་གཞོན་པ་ཆིའུ་ཆི་ཝུན་རྣམ་གཉིས་ཀྱིས་ལྟ་བཤེར་ལས་དོན་ཡག་པོ་བསྒྲུབ་པའི་ཐད་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བཅའ་སྡོད་སྐུལ་སློང་གནང་བ་རེད།
ཚོགས་ར།
ལི་ཅ་ཞང་གིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་རེད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་པར་ཁ་ཕྱོགས་ཀྱི་མཛུབ་ཁྲིད་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱེད་པ་དང་། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལོ་རྒྱུས་རང་བཞིན་དང་། འཕོ་འགྱུར་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་རེད།
ལི་ཅ་ཞང་གིས་ལྟ་བཤེར་ལས་དོན་ཡག་པོ་སྒྲུབ་པའི་སྐོར་ལ་གསུང་བཤད་གནང་བཞིན་པ།
ལི་ཅ་ཞང་གིས་ནན་བཤད་གནང་དོན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་རྒྱུ་མཐའ་འཁྱོངས། དགོངས་གཞི་ནན་པོ་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། གནད་སྨིན་དང་། ཚན་རིག་དང་མཐུན་པ། ཁྲིམས་ལྟར་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྟ་བཤེར་གྱི་ཁ་ཕྱོགས་དང་གཙོ་གནད་སྟངས་འཛིན་ཡག་པོ་བྱེད་དགོས། ལྟ་བཤེར་ཚོགས་ཆུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་སྒྲུབ་གཉེར་བྱས་ཚུལ་དང་། བོད་རང་སྐྱོང་ལྗོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཚུལ། ལྷག་པར་དུ་ཟད་གྲོན་ཆེ་བ་དང་འབུད་ཚད་ཆེ་བའི་ཀྱི་རྣམ་གྲངས་རྨོངས་ཚོད་ངང་གཉེར་བར་ཚོད་འཛིན་ནན་པོ་བྱེད་པ་དང་དེ་བཞིན་ཐོན་ནུས་འདོར་སྒྱུར་ལ་ཕྱིར་མིག་ལྟ་བའི་དོན་འཁྱོལ་བྱས་ཚུལ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་བྱེད་རིང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དོན་འཁྱོལ་བྱས་ཚུལ། སྐྱེ་ཁམས་གཏོར་བཤིག་དང་། ཁོར་ཡུག་སྦགས་བཙོག སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་བཅས་ཚབས་ཆེན་དང་དེ་བཞིན་ཐག་གཅོད་བྱས་ཚུལ། རེས་སྐོར་གོང་མའི་ལྟ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་གྱི་དག་ཐེར་དོན་འཁྱོལ་བྱས་ཚུལ། མི་དམངས་མང་ཚོགས་ཀྱིས་གླེང་མང་བའི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་འཕྲལ་མར་ལག་བསྟར་དང་སྒྱུར་བཅོས་བྱས་ཚུལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བསམ་བློའི་ངོས་འཛིན་དང་། ལས་དོན་ལ་སྐུལ་འདེད། ཏང་སྲིད་འགན་འཁྲི་མཉམ་འཁུར་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་དོན་འཁྱོལ་བྱས་ཚུལ་བཅས་ལ་གཙོ་གནད་ཐོག་དོ་ཁུར་བྱ་རྒྱུ་རེད།
ཝང་ཅུན་ཀྲེང་གིས་བཅའ་སྡོད་སྐུལ་སློང་གནང་བཞིན་པ།
ཝང་ཅུན་ཀྲེང་གིས་གསུངས་དོན། རེས་སྐོར་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་སྤེལ་རྒྱུ་ནི། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། གཏན་འཁེལ་གཉིས་ལྷག་བསམ་རྣམ་དག་གིས་གོང་དུ་བཀུར་བ། འདུ་ཤེས་བཞི་ཟབ་ཏུ་གཏོང་བ། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ། ལྟ་བཤེར་གོ་སྐབས་སུ་བརྩིས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་བཏོད་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པ་བྱེད་དགོས། ཀྲུང་དབྱང་ལྟ་བཤེར་ཚོགས་ཆུང་ལ་གཞོགས་འདེགས་བྱས་ཏེ་གནས་ཚུལ་ངོ་སྤྲོད་དང་། དཔྱད་གཞི་མཁོ་འདོན། མཐུན་སྦྱོར་འགན་ལེན། ལྟ་ཞིབ་དག་ཐེར། ཆ་འཕྲིན་ཡོངས་བསྒྲགས་སོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། ལྟ་བཤེར་ལས་དོན་བདེ་བླག་ཡོང་བར་སྐུལ་འདེད་བཏང་ཐོགབྱ་སྤྱོད་ངོ་མར་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པ་བཅའ་སྡོད་བྱེད་པའི་དུས་ཡུན་ཟླ་བ་གཅིག་རེད། བཅའ་སྡོད་བྱེད་རིང༼༢༠༢༢ ལོའི་ཟླ ༣ ཚེས ༢༥ ཉིན་ནས་ཟླ ༤ ཚེས ༢༥ ཉིན་བར༽ཆེད་འཛུགས་སྡོད་བྱའི་ཁ་པར ༠༨༩༡—༦༣༨༧༠༠༠ དང་། ཆེད་འཛུགས་སྦྲག་སྒམ། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྦྲག་སྒམ་ཨང་A༠༠༧ ལྟ་བཤེར་ཚོགས་ཆུང་གིས་ཐེར་འདོན་གོང་ཞུའི་ཁ་པར་བདག་སྤྲོད་བྱེད་པའི་དུས་ཚོད་ནི་ཉིན་ལྟར་གྱི་ཆུ་ཚོད་༩:༠༠—༢༡:༠༠ བར་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་དང་ལྟ་བཤེར་ཚོགས་ཆུང་གི་འགན་འཁྲི་གཞིར་བཟུང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་གཙོ་བོ་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཡི་གེ་དང་། ཁ་པར། ཡིག་བསྐུར་ངོ་བཅར་བཅས་ཀྱི་ཐེར་འདོན་བདག་སྤྲོད་བྱ་རྒྱུ་ལས། བདག་སྤྲོད་བྱེད་ཁོངས་སུ་མི་ཚུད་པའི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་དག་གཏན་འབེབས་ལྟར་ས་གནས་ཀྱི་ལྟ་བཤེར་བྱེད་མཁན་ལ་རྩིས་སྤྲོད་བྱ་རྒྱུ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས༡༣པའི་ཚོགས་འདུ་ཐེངས༥པ་གྲོལ་བ། རྒྱལ་ཡོངས་སྲིད་གྲོས་སྐབས ༡༣ པའི་ཚོགས་འདུ་ཐེངས ༥ པ་གྲོལ་བ། བོད་ཀྱི་འཐུས་མི་ཚོཌ་པས་རྒྱལ་ཡོངས་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ། བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ། ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་༣.༢༨ལ་གནང་བའི་གསུང་བཤད།