སྤྱི་ཟླ ༡༡ ཚེས ༢༡ ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ལས་ཐོན་བསྐྱར་ཚུགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ། ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག མཐའ་འཁྱོངས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས། བོད་ཀྱི་ཁྱད་ལྡན་སྤུས་ལེགས་ཐོན་ཁུངས་ཀྱི་ལེགས་ཆ་དང་བསྡུར་གཞི་ཡོད་པའི་ལེགས་ཆར་གཞི་ཚུགས་པ། རྒྱུན་མཐུད་ཀྱི་སྒོ་ནས་ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་བ། ཐོན་ལས་གསུམ་པ་གོང་མཐོར་གཏོང་བ་བཅས་བྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ས་མཐོའི་ལྗང་མདོག་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས།
ཝང་ཅུན་ཀྲེང་གིས་བོད་ལྗོངས་བོད་སྨན་བདུད་རྩི་རྟགས་ཅན་མ་རྐང་ཚད་ཡོད་ཀུང་སིའི་བོད་སྨན་ཐོན་སྐྱེད་འཁོར་ཁང་དུ་གཟིགས་ཞིབ་གནང་བཞིན་པ།
ཝང་ཅུན་ཀྲེང་གིས་བོད་ལྗོངས་ས་མཐོ་གཅེས་ནོར་འབྲིའི་དཀར་ཆུ་ལས་རིགས་མ་རྐང་ཚད་ཡོད་ཀུང་སིར་ཐོན་སྐྱེད་ཀྱི་གནས་ཚུལ་ལ་ཤེས་རྟོགས་གནང་བཞིན་པ།
བོད་ལྗོངས་བོད་སྨན་བདུད་རྩི་རྟགས་ཅན་མ་རྐང་ཚད་ཡོད་ཀུང་སིའི་ལས་བཟོས་བོད་སྨན་ཐུམ་རྒྱག་བཞིན་པ།
རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་བརྟན་པོ་དང་ལེགས་སུ་འགྲོ་བ་དང་བསྟུན་ནས། རང་ལྗོངས་ཀྱིས་ལས་ཐོན་བསྐྱར་ཚུགས་དང་ཚོང་ཁྲོམ་བསྐྱར་ཚུགས་ཀྱི་གོམ་སྟབས་མགྱོགས་སུ་བཏང་ཡོད། ཝང་ཅུན་ཀྲེང་གིས་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་གནས་པའི་ས་མཐོའི་རང་བྱུང་འཐུང་ཆུ་ཚད་ཡོད་ཀུང་སི་དང་། བོད་ལྗོངས་བོད་སྨན་བདུད་རྩི་རྟགས་ཅན་མ་རྐང་ཚད་ཡོད་ཀུང་སི། བོད་ལྗོངས་ས་མཐོ་གཅེས་ནོར་འབྲིའི་དཀར་ཆུ་ལས་རིགས་མ་རྐང་ཚད་ཡོད་ཀུང་སི་བཅས་སུ་ཕེབས་ནས། ཕན་འབྲས་མཁྱེན་རྟོགས་གནང་བ་མ་ཟད། ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། ནད་ཡམས་འགོག་ཟོན་ཐུབ་པ་དང་། དཔལ་འབྱོར་བརྟན་འཁྱོངས་ཐུབ་པ། འཕེལ་རྒྱས་བདེ་འཇགས་ལྡན་པ་བཅས་ཀྱི་གལ་ཆེའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་དང་། མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་བྱས་ནས། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི་བྱེད་ཐབས་ཁག་མཐའ་གཅིག་ཏུ་དོན་འཁྱོལ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་བཅས་བྱས་ཏེ། དངོས་སྒྲུབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིར་ས་མཐོའི་ཐབ་ཆས་ཞིབ་འཇུག་གསར་སྤེལ་འགག་སྒྲོལ་དང་། ཁེ་བེད་བདག་ཐོབ་རེ་ཞུ། ཐོན་རྫས་ཐོན་སྐྱེད། ཁྱབ་གདལ་བེད་སྤྱོད། ཚོང་རྟགས་གཏོད་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།
བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་།
ས་མཐོའི་རང་བྱུང་འཐུང་ཆུ་ཚད་ཡོད་ཀུང་སིའི་འཐུང་ཆུ་ཐོན་སྐྱེད་འཁོར་ཁང་།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ནས། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་ཏུ་ཁྱབ་པར་བྱེད་པ་དང་། ཐོན་ལས་སྐྱེ་ཁམས་ཅན་དང་། ཐོན་ཁུངས་གྲོན་ཆུང་ཅན། སྐྱེ་ཁམས་དཔལ་འབྱོར་ཅན་བཅས་ལ་སྐུལ་འདེད་བཏང་སྟེ། ལྗང་མདོག་ཐོན་ལས་ཀྱིས་དཔལ་འབྱོར་བསྡོམས་འབོར་ཁྲོད་བཟུང་བའི་བསྡུར་ཚད་མཐོ་རུ་བཏང་ནས། བོད་ཀྱི་ཁྱད་ཆོས་ལྡན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཧུར་ཐག་བསྐྱོད་དགོས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་གཏོད་པར་དམིགས་ཏེ། ས་མཐོའི་སྤུས་རྟགས་དང་། ལྗང་མདོག་སྤུས་རྟགས། ཁྱད་ལྡན་སྤུས་རྟགས་བཅས་ཡག་པོ་གཏོད་པ་དང་ཕྱི་ཤུགས་ཡག་པོ་སྤྱོད་པ་དང་། ནང་ཤུགས་ཆེ་རུ་གཏོང་བ། མཉམ་ཤུགས་གཅིག་ཏུ་སྒྲིལ་བ། ཐོན་སྐྱེད་བྱེད་སྟངས་ལྗང་མདོག་ཅན་གྱི་ཕྱོགས་སུ་སྒྱུར་མགྱོགས་སུ་གཏོང་བ། ལྗང་མདོག་འཕེལ་རྒྱས་ཀྱི་ནང་ངོས་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། སྲིད་ཇུས་ཀྱི་ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་འགྱུར་བར་བྱེད་དགོས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་ཁྱད་ལྡན་ཞིང་འབྲོག་ལས་དང་། ལྗང་མདོག་ལས་སྣོན། རིག་གནས་ཡུལ་སྐོར། ས་མཐོའི་སྐྱེ་དངོས། བོད་ཀྱི་གསོ་བ་རིག་པ་སོགས་ས་མཐོའི་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། གཙོ་གནད་ཚད་བརྒལ་ལ་བརྟེན་ནས་ཐོན་ལས་ཧྲིལ་པོ་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱེད་པ་དང་དེང་རབས་ཀྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།།