གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝང་ཅུན་ཀྲེང་གིས་ལྗོངས་དམངས་སྲིད་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་སུ་བརྟག་ཞིབ་གནང་།

སྤེལ་དུས་: 2022ལོ་11ཟླ་27ཚེས་ 11:19 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཟླ ༡༡ ཚེས ༢༥ ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དམངས་སྲིད་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ་རེད།

ཝང་ཅུན་ཀྲེང་གིས་བོད་ལྗོངས་བྱིས་པའི་ཕན་བདེ་ཁང་དུ་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

བོད་ལྗོངས་བྱིས་པའི་ཕན་བདེ་ཁང་དུ། ཝང་ཅུན་ཀྲེང་གིས་ཟ་ཁང་དང་ཐབ་ཚང་དུ་ཕེབས་ནས་བཟའ་བཅའ་ཉོ་སྒྲུབ་དང་རྒྱུ་ཆ་གྲ་སྒྲིག་སོགས་ཀྱི་གནས་ཚུལ་ལ་གཟིགས་པ་མ་ཟད། འགན་འཁུར་བར་ཚན་རིག་དང་མཐུན་པའི་ངང་འཚོ་བཅུད་སྡེབ་སྦྱོར་ཡག་པོ་བྱས་ནས། ཕྲུ་གུ་ཚོར་བདེ་ཐང་དང་འཚོ་བཅུད་ལྡན་པའི་ལྟོ་ཆས་བཟའ་ཐུབ་པ་བྱེད་དགོས་པའི་མངགས་བྱ་གནང་བ་རེད། ཁྱིམ་ཚང་དང་པོར། ཝང་ཅུན་ཀྲེང་གིས་གཅེས་སེམས་ཨ་མ་དང་ཕན་བདེ་ཁང་གི་བྱིས་པར་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་། ལས་དོན་མི་སྣས་དཀའ་སྤྱད་འབད་བརྩོན་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

ཝང་ཅུན་ཀྲེང་གིས་བོད་ལྗོངས་བྱིས་པའི་ཕན་བདེ་ཁང་དུ་ཕྲུ་གུ་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་དྲག་སྐྱེད་ཞབས་ཞུ་ལྟེ་གནས་སུ་འབྲེལ་ཡོད་ལས་དོན་ལ་རྟོག་ཞིབ་གནང་བཞིན་པ།

རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་དྲག་སྐྱེད་ཞབས་ཞུ་ལྟེ་གནས་སུ་ཝང་ཅུན་ཀྲེང་གིས་ཡོ་བྱད་སྦྱོང་བརྡར་ཁང་དང་། རྐང་ཚབ་ལག་ཚབ་གོམས་སྦྱོང་ཁང་། བྱིས་པ་དྲག་སྐྱེད་ཁང་བཅས་སུ་ཕེབས་ཏེ་མང་ཚོགས་ཀྱི་དྲག་སྐྱེད་སྦྱོང་བརྡར་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས། ཁོང་ཚོར་ཡིད་ཆེས་བརྟན་དུ་གཏོང་བ་དང་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་སྔ་ཙམ་དྲག་སྐྱེད་ཡོང་བའི་ལྕག་སྐུལ་གནང་བ་རེད།

རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་དྲག་སྐྱེད་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣས་བྱིས་པར་དྲག་སྐྱེད་སྦྱོང་བརྡར་བྱེད་བཞིན་པ།

སྤྱི་ཚོགས་ཀྱི་རོགས་སྐྱོབ་ནི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་ལྟོ་གོས་བདེ་སྡུག་དང་འབྲེལ་བ་ཡོད། ལྷ་ས་གྲོང་ཁྱེར་རོགས་སྐྱོབ་དོ་དམ་ས་ཚིགས་སུ། ཝང་ཅུན་ཀྲེང་གིས་ལས་དོན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་རོགས་སྐྱོར་བྱ་ཡུལ་ལ་གཟིགས་པ་རེད།

བོད་ལྗོངས་བྱིས་པའི་ཕན་བདེ་ཁང་གི་ཕྲུ་གུ་ཚོས་དྲ་ཐོག་ནས་སློབ་ཚན་ཉན་བཞིན་པ།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།དམངས་འཚོ་ནི་དམངས་སེམས་དང་འབྲེལ་ཡོད་ལ་དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་དེ་རེད། ལྗོངས་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་དམངས་ཆེད་དམངས་སྲིད་ལས་དོན་སྒྲུབ་པ་དང་དམངས་སྲིད་ཀྱིས་དམངས་ལ་གཅེས་པའི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ནས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམ་པོར་དམིགས་པ་དང་། དམངས་འཚོའི་གཙོ་གནད་ལས་དོན་ལ་དམིགས་པ། གཞི་རྩའི་དམངས་འཚོར་འགན་ལེན་ཧུག་ཐག་བྱེད་པ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་ཧུར་ཐག་རྒྱག་པ། གཞི་རྩའི་སྤྱི་ཚོགས་ཀྱི་ཞབས་ཞུར་ཤུགས་སྣོན་ཧུར་ཐག་རྒྱག་པ། ཞན་ཆ་སེལ་བ་དང་ཆད་རྐྱེན་གསབ་པ། དམངས་འཚོར་ཕན་པ་དང་དམངས་ལ་དྲོ་སྐྱིད་སྦྱིན་པའི་བྱ་ཐབས་སྔར་བས་མང་བ་སྤྱད་དེ་དམངས་འཚོའི་བདེ་རྩ་ཆེ་རུ་ཏན་ཏིག་གཏོང་དགོས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐ་སྐྱོང་འགན་སྲུང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དེ་དོན་དག་གལ་ཆེན་ལ་བརྩིས་ནས་སེམས་ལ་འཇོག་པ་དང་ཕྲག་པར་འཁུར་བ། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། མང་ཚོགས་ཀྱི་དཀའ་གནད་སེལ་བ་བཅས་བྱེད་པ། སྤྱི་ཚོགས་ཀྱི་སྐྱོབ་རོགས་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ། རྒན་བྱིས་གཉིས་ཀྱི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ། དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་དང་། སྤྱི་ཚོགས་རྩ་འཛུགས། མི་སྒེར་བཅས་སྤྱི་ཕན་དགེ་སྒྲུབ་བྱ་གཞག་ལ་ཧུར་ཐག་ཞུགས་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པ། གཞི་རྩའི་སྤྱི་ཚོགས་ཀྱི་ཞབས་ཞུ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཞིབ་ཕྲ་ཅན། དོ་སྙོམས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད། བདེ་འཇགས་ཚོར་སྣང་སྔར་བས་འགན་སྲུང་བཅས་ཐུབ་པར་བྱེད་དགོས། འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ་ལྟ་བུའི་བྱ་བ་མང་ཙམ་བསྒྲུབས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ལ་འདྲི་རྟོག་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས་དམིགས་སའི་རང་བཞིན་དེ་བས་ཆེ་བ་དང་། ཁྱབ་རྒྱ་དེ་བས་ཆེ་བ། ནུས་པ་སྔར་བས་ཐད་ཀར་ཐོན་པ། ཕན་འབྲས་དེ་བས་མངོན་གསལ་དོད་པ་བཅས་ཀྱི་བྱ་ཐབས་སྤྱད་དེ། ཏན་ཏན་ཏིག་ཏིག་གིས་མང་ཚོགས་ཀྱི་དཀའ་གནད་སེལ་རོགས་དང་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་བྱ་ཐབས་དངོས་བཏོན་ནས་ཕན་འབྲས་དངོས་ཐོན་པར་བྱས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་མཐའ་ཚད་ཏན་ཏིག་སྲུང་དགོས།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཤིན་ཅང་ཧྲེ་ཧོ་ཙེ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ། ཝང་ཅུན་ཀྲེང་གིས་ལས་ཐོན་བསྐྱར་ཚུཊ་ལ་བརྟག་ཞིབ་དང་ནན་བཤད་གནང་བ། ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་བ། ལྷ་སའི་ལྷོ་རི་དང་བྱང་རི་འདི་ལྟར་བྱས་ནས་སྔོ་ལྗང་ཅན་དུ་སྒྱུར་དགོས། ཞི་ཅིན་ཕིང་གིས་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་ཁུ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡཱ་སི—ཁཱ་ནེར་དང་གྲོས་མོལ་གནང་བ།