ཟླ ༡ ཚེས ༡༡ ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྷ་སར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་དང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་ཏང་ཡོན་ལས་བྱེད་པའི་ཚོགས་ཆེན་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།ཁོང་གིས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་། བསམ་བློ་གཅིག་གྱུར། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། ལས་འགན་ཁ་གསལ་བཟོ་བ། སྒྲིག་ཁྲིམས་དམ་ནན་བཅས་ཀྱི་ཐོག་ནས་ཚོགས་འདུ་གཉིས་ཀྱི་ཏང་ཡོན་ཡིན་པའི་འཐུས་མི་དང་ཨུ་ཡོན་ཚོས་གདོང་ལེན་དཔེ་བཟང་གི་ནུས་པ་སྣེ་ཁྲིད་ནས་བཏོན་ཏེ་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་བདེ་བླག་དང་ཐུགས་གྲ་ལེགས་འགྲིག་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུང་གཤད་གནང་བཞིན་པ།
ཝང་ཅུན་ཀྲེང་གིས་བསྟན་དོན།ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་འཛུགས་ཀྱི་ལོ་རེད་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གལ་འགངས་ཆེ་བའི་ལོ་ཡང་རེད། ཏང་ཡོན་ཡིན་པའི་འཐུས་མི་དང་ཨུ་ཡོན་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་།གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་སྔར་བས་ཟབ་ཏུ་གཏོང་བ།བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པ་དང་། ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་། འགན་འཁྲིའི་འདུ་ཤེས་ཟབ་མོ། མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་ཆབ་སྲིད་ཀྱི་རྣམ་འགྱུར་བཅས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་དམངས་གཙོ་དང་། མཐུན་སྒྲིལ། དམ་པ་དོན་གཉེར། འབད་འབུངས་བཅས་ལྡན་པའི་ཚོགས་ཆེན་ཞིག་ཏུ་འཚོག་ཐུབ་པ་བྱེད་དགོས།
ཚོགས་ར།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་བ་དང་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་ཡོད་པས།ལས་འགན་གཟི་བརྗིད་ལྡན་ལ།འགན་འཁྲི་ལྕི་པོ་ཡོད། དེས་ན་ཁྱེད་ཚོས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ་དང་། ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། དོན་ཆེན་ལ་དམ་འཛིན་དང་དོན་ཆེན་ལ་གྲོས་བསྡུར་བྱེད་མཁས་པོ་བྱེད་པ། ས་གནས་དང་། གྲོང་ཁྱེར། ལས་རིགས་བཅས་ཁག་གི་དངོས་ཡོད་གནས་ཚུལ་ཧུར་ཐག་ཞུ་བ། འཕེལ་རྒྱས་གཏོང་བའི་གྲོས་འགོ་མང་ཙམ་འདོན་པ་དང་དམངས་ལ་ཕན་པའི་ཐབས་ཇུས་མང་ཙམ་འགོད་པ། བརྟན་ལྷིང་གི་བྱ་ཐབས་མང་ཙམ་འདོན་པ་བཅས་བྱས་ཏེ་ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མཉམ་དུ་མངོན་འགྱུར་ཡོང་བ་བྱེད་པའི་ཐད་གཅིག་སྡུད་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།ད་ཐེངས་ཀྱི་ཚོགས་འདུ་གཉིས་ཀྱི་དུས་ཚོད་ཐུང་བ་དང་། ལས་འགན་ལྕི་བ། བླང་བྱ་མཐོ་བས། ཏང་ཡོན་ཡིན་པའི་འཐུས་མི་དང་ཨུ་ཡོན་ཚོས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་བསྲུངས་ཏེ། ཏང་གི་འགོ་ཁྲིད་ཚོགས་འདུ་གཉིས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་མཐའ་འཁྱོངས་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོ་བསྲུངས་ཏེ། འགན་ནུས་ནན་ཏན་སྒྲུབ་པ་དང་། རང་འགན་གཙང་མར་སྒྲུབ་པ། དབང་ཆ་ཡང་དག་སྤྱོད་པ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དེ་ཚོགས་འདུ་གཉིས་བརྒྱུད་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་པ་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས། རྩ་འཛུགས་ཀྱི་སྒྲིག་ཁྲིམས་ནན་པོ་བསྲུངས་ཏེ། ཏང་ཀྲུང་དབྱང་གི་སྐབས་བརྗེའི་གོམས་སྲོལ་ལ་ལྟ་སྐུལ་བྱེད་པའི་སྐོར་གྱི་གཏན་འབེབས་དང་གཏན་འགོག་བཅུའི་སྐོར་གྱི་སྒྲིག་ཁྲིམས་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་སྐབས་བརྗེ་རིང་གི་ཚུལ་མིན་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། སྤྱོད་གཙང་གི་སྒྲིག་ཁྲིམས་དང་ཚོགས་འདུའི་སྒྲིག་ཁྲིམས་ནན་པོ་བསྲུངས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱོད་གཙང་རང་གཅུན་གྱི་གཟུགས་བརྙན་བཟང་པོ་གཏོད་དགོས། མཐུན་སྒྲིལ་དང་བརྟན་ལྷིང་ལ་ཤུགས་སྣོན་རྒྱག་པ་དང་དྲང་ཕྱོགས་དྲིལ་བསྒྲགས་གཙོ་བོར་བཟུང་བ་མཐའ་འཁྱོངས་བྱས་ཏེ། ཁྱོན་ཡོངས་དང་གསོན་ཉམས་དོད་པོའི་སྒོ་ནས་ཚོགས་འདུ་གཉིས་དྲིལ་བསྒྲགས་བྱེད་པ་དང་། བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ།དྲང་ནུས་རྒྱ་ཁབ་ངང་གཅིག་ཏུ་སྒྲིལ་བ་དང་བརྒྱུད་བསྒྲགས་བཅས་བྱས་ནས།ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་དེ་བས་ལེགས་པའི་སྒོ་ནས་ཚོགས་འདུ་གཉིས་ལ་རྒྱུས་མངའ་ལོན་པ་དང་། དོ་ཁུར་བྱེད་པ། རྒྱབ་སྐྱོར་བྱེད་པ། མཐུན་སྒྲིལ་འབད་འབུངས་དང་དཔའ་ངར་ཡར་བརྩོན་གྱི་གླེང་ཕྱོགས་ཀྱི་རྣམ་པ་ཟབ་མོ་ཧུར་ཐག་གཏོད་དགོས།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་གསུང་བཤད་གལ་ཆེན་གནང་བ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་པ། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་པ། ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།