གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝང་ཅུན་ཀྲེང་གིས་བོད་དུ་རྟོག་ཞིབ་གནང་བར་ཕེབས་པའི་སྨན་བཅོས་ཆེད་ལས་མཁས་པའི་ཚོ་ཆུང་དང་བཞུགས་མོལ་གནང་བ།

སྤེལ་དུས་: 2023ལོ་04ཟླ་10ཚེས་ 11:45 ཡོང་ཁུངས་: བོད་ལྗོངས་གསར་འགྱུར་མཉམ་བསྒྲགས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉེ་དུས་བོད་དུ་རྟོག་ཞིབ་གནང་བར་ཕེབས་པའི་སྨན་བཅོས་ཆེད་ལས་མཁས་པའི་ཚོ་ཆུང་དང་བཞུགས་མོལ་གནང་ནས་ཆེད་ལས་མཁས་པ་རྣམ་པས་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་སོགས་ཀྱི་ཐད་བཏོན་པའི་བསམ་འཆར་དང་གྲོས་འགོ་གསན་པ་མ་ཟད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་རྒྱ་ཆེའི་བོད་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་རོགས་སྐྱོར་གནང་མཁན་སྨན་དོན་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་བླ་ན་མེད་པའི་གུས་འདུད་ཞུས་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཀྲོང་ཡན་དང་ཟླ་བ་ཚེ་རིང་། ལོའོ་མེ་བཅས་བཞུགས་མོལ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

ཝང་ཅུན་ཀྲེང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཕྲོད་བསྟེན་བདེ་ཐང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་སྔ་ཕྱི་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ལ་ཐུགས་ཁུར་གཟབ་བཞེས་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲོད་བསྟེན་བདེ་ཐང་ལས་དོན་དང་བོད་ཀྱི་ལས་དོན་ཐད་བཀའ་བཀོད་གལ་ཆེན་རབ་དང་རིམ་པ་གནང་ནས་རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་མཛད་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་འཕྲོད་བསྟེན་བདེ་ཐང་ལས་ཀའི་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བདེ་ཐང་སྔོན་འཇོག་དང་སྔོན་འགོག་གཙོར་བཟུང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྨན་བཅོས་འཕྲོད་བསྟེན་མ་ལག་འཐུས་ཚང་བཟོ་རྒྱུ་དེ་རྨང་གཞིའི་ལས་དོན་ལ་རྩི་བ་དང་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དེ་དམ་འཛིན་བྱེད་ས་གལ་ཆེན་ལ་རྩི་བ། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་དེ་སྒུལ་ཤུགས་ཆེན་པོར་རྩི་བ་བཅས་བྱས་པས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་བ་ཕྱོགས་ཡོངས་ནས་བསྐྲུན་ཟིན་པ་དང་བོད་ཀྱི་དོན་དངོས་དང་མཐུན་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་ལམ་སྲོལ་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ནས་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། གྲུབ་འབྲས་དེ་དག་ཐོབ་པ་དེའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ནས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་བ་གང་ལེགས་མངོན་ཡོད་ལ་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་པུའུ་ཨུད་དང་བོད་སྐྱོར་གནང་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱིས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བ་ཡང་བསྡུས་ཡོད་ཅིང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་གང་ལེགས་ཚོར་ཡོད་ཅེས་ནན་གསུངས་གནང་བ་རེད།

ཝང་ཅུན་ཀྲེང་གིས། རིམ་ཁག་ཚན་པ་ཁག་དང་ལྷག་པར་དུ་སྨན་བཅོས་འཕྲོད་བསྟེན་ཚན་པས་འཕྲོད་བསྟེན་བདེ་ཐང་ལ་ཤུགས་སྣོན་བརྒྱག་རྒྱུའི་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་བཀའ་བཀོད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། དམངས་ཀྱི་ཆེད་དུ་སྲིད་སྐྱོང་བའི་བསམ་གཞི་ལག་བསྟར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་རྩ་རྩེར་འཛིན་ནས། བདེ་ཐང་གི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མི་དམངས་ལ་སྤུས་དག་དང་ཕན་ནུས་ཆེ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་གང་ལེགས་བསྒྲུབས་ཁར། མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དོད་དུ་གཏོང་དགོས། གནད་དོན་འཛིན་ཕྱོགས་མཐའ་འཁྱོངས་བྱས་ཏེ། རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་གཅིག་གྱུར་ཐོག་འཆར་འགོད་ནན་པོ་བྱེད་པ་དང་། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ནད་ཡམས་སྔོན་འགོག་ཚོད་འཛིན་མ་ལག་དང་། འཕྲོད་བསྟེན་ལྟ་སྐུལ་མ་ལག མ་བུ་བདེ་སྲུང་མ་ལག སྨན་བཅོས་མ་ལག་དང་འཕྲོད་བསྟེན་བབ་བསྟུན་མ་ལག་བཅས་འཐུས་ཚང་བཟོས་ཏེ། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་བྱས་ཐོག ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཆུ་ཚད་གོང་མཐོར་གཏོང་དགོས། གཞི་རིམ་གྱི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། སྨན་བཅོས་ཐོན་ཁུངས་སྤུས་དག་ཤོང་སྐྱེད་གཏིང་སྐྱོད་དང་། བཀོད་ཁྱབ་དོ་སྙོམས་བྱ་རྒྱུར་སྐུལ་འདེད་བཏང་ཁར། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གཙོ་གནད་རྫོང་དུ་རྒྱ་ཆེར་སྤེལ་ཐོག སྨན་བཅོས་ཐོན་ཁུངས་རྒྱུན་མཐུད་གཞི་རིམ་དང་ཞིང་འབྲོག་ཁུལ་དུ་ཕར་གཟིགས་བྱ་རྒྱུར་སྐུལ་འདེད་གང་ལེགས་བཏང་ནས། མང་ཚོགས་རྣམས་སྨན་བཅོས་བྱེད་དཀའ་བའི་གནད་དོན་ཐག་གཅོད་དངོས་སུ་ཐུབ་པ་བྱེད་དགོས། སྔོན་འགོག་བྱ་རྒྱུ་གཙོ་ཆེར་བཟུང་ནས། འཕྲོད་བསྟེན་ཆེན་མོ་དང་། བདེ་ཐང་ཆེན་མོའི་འདུ་ཤེས་བཅངས་ཏེ། བདེ་ཐང་ཡོང་བ་བྱ་རྒྱུ་དེ་འཐབ་ཇུས་གནས་བབ་གལ་ཆེན་ཐོག་བཞག་ཁར། མང་ཚོགས་ཀྱི་བདེ་ཐང་བྱང་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་བ་དང་། བདེ་ཐང་གི་འཚོ་བའི་སྤྱོད་ལམ་ཁྱབ་གདལ་བཏང་ནས། བདེ་ཐང་ལ་ཕན་པའི་འཚོ་བ་སྐྱེལ་སྟངས་དང་། སྐྱེ་ཁམས་ཁོར་ཡུག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་སྟངས་གང་མགྱོགས་འགྲུབ་པ་བྱས་ཏེ། ནད་བཅོས་གཙོ་བོར་བཟུང་བ་ནས། མི་དམངས་བདེ་ཐང་ཡོང་བ་བྱ་རྒྱུ་གཙོ་བོར་བཟུང་རྒྱུར་འགྱུར་ལྡོག་གཏོང་དགོས། འབྲེལ་གཏུགས་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། བདེ་ཐང་གི་བོད་ལྗོངས་འགན་སྲུང་ལས་གཞི་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་གསོ་རིག་ལྟེ་གནས་དང་ཁུལ་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱེད་པའི་མྱུར་ཚད་མགྱོགས་སུ་བཏང་སྟེ། སྨན་བཅོས་འབྲེལ་ཚོགས་དང་། རྫོང་ཁོངས་ཀྱི་སྨན་བཅོས་མཐུན་ཚོགས་བཙུགས་ནས། ལྗོངས་ཡོངས་སུ་ཁྱབ་པའི་བློ་རིག་སྨན་བཅོས་མ་ལག་འཛུགས་དགོས། བདེ་ཐང་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། སྤྱི་ཚོགས་ཀྱིས་མ་དངུལ་བཏོན་ཏེ་སྨན་བཅོས་ལས་ཁུངས་འཛུགས་རྒྱུར་སྐུལ་ལྕག་གཏོང་བ་དང་རྒྱབ་སྐྱོར་བྱེད་པ། སྨན་བཅོས་འཕྲོད་བསྟེན་ཐོན་ལས་ཐད། ཚོང་འགུག་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་རྒྱུན་འཛིན་དང་གསར་གཏོད། གོང་འཕེལ་གཏོང་བ་བཅས་བྱེད་དགོས་པའི་ནན་གསུངས་གནང་བ་རེད། བཞུགས་མོལ་གནང་སྐབས། རྒྱལ་སའི་གསོ་རིག་སློབ་ཆེན་ཞོར་གཏོགས་པེ་ཅིང་ཀྲུང་ལུགས་སྨན་ཁང་གི་གཙོ་བཅོས་སྨན་པ་ཝང་གོ་ཝི་དང་། རྒྱལ་སའི་གསོ་རིག་སློབ་ཆེན་ཞོར་གཏོགས་པེ་ཅིང་ཐེན་ཐན་སྨན་ཁང་གི་གཙོ་བཅོས་སྨན་པ་ཡན་ཕོང་ཞང་། པེ་ཅིང་སྨན་ཁང་གི་གཙོ་བཅོས་སྨན་པ་ལེའུ་ཡིན་ཧུང་། རྒྱལ་སའི་གསོ་རིག་སློབ་ཆེན་ཞོར་གཏོགས་པེ་ཅིང་ཐུང་རེན་སྨན་ཁང་གི་གཙོ་བཅོས་སྨན་པ་ལེའུ་པོ་སོགས་ཆེད་ལས་མཁས་པ་༡༢ཀྱིས། ས་མཐོའི་རྒྱུན་ཐོན་ནད་ཡམས་བཅོས་རྒྱུར་གནས་གཏན་འཁེལ་གྱིས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གཞི་རིམ་གྱི་མང་ཚོགས་ཚོར་བདེ་ཐང་གི་འདུ་ཤེས་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་བརྒྱག་རྒྱུ། གཞི་རིམ་སྨན་ཁང་གི་མྱུར་སྐྱོབ་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གཅོང་ནད་འགོག་བཅོས་དང་བདེ་སྲུང་ལ་ཤུགས་སྣོན་བརྒྱག་རྒྱུ་སོགས་ཀྱི་ཐད་དམིགས་སུ་བཀར་ནས་གྲོས་འགོ་དང་ཐབས་ཇུས་བཏོན་པ་རེད། ཝང་ཅུན་ཀྲེང་གིས་ནན་ཏན་གྱིས་གསན་པ་དང་། སྐབས་སྐབས་ལ་ཚང་མ་དང་གྲོས་བསྡུར་གཏིང་ཟབ་གནང་ནས། བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་དང་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པས། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་ལས་བཟོ་རྣམས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། མཐའ་མཚམས་དང་མངའ་ཁོངས་སྲུང་སྐྱོབ། ཁ་ཕྲལ་ལ་ངོ་རྒོལ་དང་འཐབ་རྩོད་བྱེད་པ་བཅས་ཀྱི་ལས་དོན་སྒྲུབ་ཡུལ་དུ་འབད་འཐབ་བྱེད་བཞིན་ཡོད། ཆེད་ལས་མཁས་པའི་ཚོགས་ཆུང་གིས་འབྲེལ་ཟམ་གྱི་ནུས་པ་ཡག་པོ་འདོན་པ་དང་། རང་སྨན་ཁང་གི་སྨན་བཅོས་ཐོན་ཁུངས་སྤུས་དག་བེད་སྤྱོད་ཡག་པོ་བྱེད་པ། སྨན་བཅོས་ཐད་ཀྱི་ཆེད་ལས་མཁས་པའི་ལག་རྩལ་གྱི་ལེགས་ཆ་ཡག་པོ་འདོན་པ་བཅས་བྱས་ནས། ཉམས་མྱོང་བཟང་པོ་དང་སྔོན་ཐོན་ལག་རྩལ། བོད་ཀྱི་སྨན་དོན་པ་ཚོར་བསླབས་ཏེ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོར་ཞབས་ཞུ་གང་ཡག་བསྒྲུབ་རྒྱུའི་རེ་བ་ཡོད་ལ། བོད་ལྗོངས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྨན་བཅོས་ལས་ཁུངས་སྔར་བས་མང་བས་བོད་ཀྱི་ལས་བྱེད་ལས་བཟོར་རྒྱབ་སྐྱོར་བྱ་རྒྱུར་འབོད་སྐུལ་བྱས་ནས། བོད་ཀྱི་རྒྱ་ཆེའི་མང་ཚོགས་ཚོར་དྲང་སྙོམས་དང་ཁྱབ་གདལ་གཏོང་ཆོག་པ། སྔོན་འགོག་དང་། སྨན་བཅོས། དྲག་སྐྱེད་སོགས་ཀྱི་སྨན་བཅོས་ཞབས་ཞུ་སྤྱོད་ཐུབ་པ་བྱ་རྒྱུའི་རེ་བ་ཡང་ཡོད་ཅེས་གསུངས་པ་རེད།

བོད་དུ་བཞུགས་རིང་། སྨན་བཅོས་ཐད་ཀྱི་ཆེད་ལས་མཁས་པའི་ཚོགས་ཆུང་གིས་ད་དུང་ཉིང་ཁྲི་དང་ལྷ་ས་སོགས་ལ་བསྐྱོད་ནས། འོས་འགན་སྨན་བཅོས་དང་། ཆེད་ལས་མཁས་པའི་འཆད་ཁྲིད་སོགས་ལས་དོན་སྤེལ་བ་རེད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་མོལ་གནང་བ། ༄༅།།ཞི་ཅིན་ཕིང་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ། དེང་རབས་ཅན་གྱི་བོད་གསར་སྐྲུན་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། བོད་ཀྱི་འཐུས་མིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ།