གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས༼ལྗོངས་སྲིད་འཛིན་སློབ་གླིང༽༢༠༢༣ལོའི་དཔྱིད་དུས་སློབ་འགོ་ཚུཌ་པའི་མཛད་སྒོ་འཚོཌ་པ།

སྤེལ་དུས་: 2023ལོ་04ཟླ་14ཚེས་ 12:05 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས༼ལྗོངས་སྲིད་འཛིན་སློབ་གླིང༽༢༠༢༣ ལོའི་དཔྱིད་དུས་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་མཛད་སྒོར་ཞུགས་ནས་གསུང་བཤད་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཡང་དག་པའི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས། ཏང་ལ་ཤེས་ལྡན་པ་གསོ་སྐྱོང་དང་ཏང་ལ་ཐབས་ཇུས་འདོན་པའི་ཐོག་མའི་བསམ་འདུན་ཐོག་མཐའ་བར་གསུམ་དུ་ལག་བསྟར། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ། ཏང་གི་སློབ་གྲྭའི་སློབ་གཉེར་ཆུ་ཚད་ཟམ་མི་ཆད་པར་མཐོར་གཏོང་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

图片

ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བཞིན་པ།

ཝང་ཅུན་ཀྲེང་གིས་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་གི་སློབ་གྲྭས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་རང་རྟོགས་ངང་ཏང་གི་སློབ་གྲྭའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་དང་ཡང་ཡང་བསྡུར་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་ཚན་དང་པོ་དང་སློབ་ཚན་གཙོ་བོའི་གནས་བབ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། ཚུགས་གནས་དེ་བས་མཐོ་བའི་སྒོ་ནས་ཏང་གི་སློབ་གྲྭའི་ངོ་བོ་ཏང་ཡིན་པའི་རྩ་བའི་རྩ་དོན་ལག་ལེན་བསྟར་བ་དང་། བྱས་རྗེས་དེ་བས་ཆེ་བའི་སྒོ་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ཐུབ་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་ལ་རམ་འདེགས་བྱེད་པ། སྤུས་ཚད་དེ་བས་མཐོ་བ་དང་ཕན་འབྲས་དེ་བས་ཆེ་བའི་སྒོ་ནས་གསར་བརྗེའི་ཇུས་འདོན་ཚོགས་པ་གཏོད་པ། ནུས་ཕྱོད་དེ་བས་ཆེ་བའི་སྒོ་ནས་སློབ་གཉེར་སློབ་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པ། ཚད་གཞི་དེ་བས་ནན་པའི་སྒོ་ནས་ཕུལ་བྱུང་གི་སློབ་སྲོལ་འཇགས་པ་བཅས་བྱས་ནས་ཏང་གི་སློབ་གྲྭའི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

图片

འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི ༢༠༢༣ ལོའི་དཔྱིད་དུས་སློབ་འགོ་ཚུགས་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་སློབ་གྲྭ་ནི་ཏང་གི་ཆེད་དུ་བཙུགས་པ་དང་ཏང་གི་ཆེད་དུ་གཉེར་བ་ཞིག་ཡིན་ཞིང་། དེ་ནི་ཏང་ཡོན་ལས་བྱེད་པ་དང་རིགས་པའི་གཞུང་ལུགས་ཀྱི་ལས་བྱེད་པ་གསོ་སྦྱོང་དང་རེས་སྐོར་གསོ་སྦྱོང་གི་ཐབས་ལམ་གཙོ་བོ་ཞིག་དང་། ཏང་གི་བསམ་བློ་དང་རིགས་པའི་གཞུང་ལུགས་འཛུགས་སྐྱོང་གི་འཐབ་ས་གལ་ཆེན་ཞིག ཏང་ཡོན་ལས་བྱེད་པས་ཏང་གཤིས་ཞུན་བརྡར་ལ་ཤུགས་སྣོན་རྒྱག་སའི་སློབ་གྲྭ་ཞིག་བཅས་རེད། ཆབ་སྲིད་ཀྱིས་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སློབ་སྦྱོང་ལ་སྣེ་ཁྲིད་པའི་གདོང་དམག་གི་ནུས་པ་དང་། ལས་བྱེད་པ་གསོ་སྦྱོང་གི་ཐབས་ལམ་གཙོ་བོའི་ནུས་པ། བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་འཐབ་ས་གཙོ་བོའི་ནུས་པ། ཐབས་ཇུས་བློ་འདྲིའི་ཇུས་འདོན་ཚོགས་པ་གསར་པའི་ནུས་པ་བཅས་འདོན་སྤེལ་ཧུར་ཐག་བྱས་ཏེ། བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་ཆ་འཕྲིན་གལ་ཆེན་དུས་ཐོག་ཏུ་མཚོན་པ་དང་རིན་ཐང་ལྡན་པའི་ཐབས་ཇུས་དང་གྲོས་འགོ་བཏོན་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རིང་ཏང་གི་སློབ་གྲྭའི་འགན་འཁྲི་འཁུར་སེམས་མཚོན་པར་བྱེད་དགོས། ལས་སྒོ་གཙོ་བོ་དང་སློབ་ཚན་གཙོ་བོ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་དུས་རབས་གསར་པའི་ཏང་གི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་སྔོན་ཚུད་དུ་འཇོག་པ་དང་མར་ཁེ་སི་རིང་ལུགས་ཀྱི་ཚད་ལྡན་གསུང་རྩོམ་གྱི་སྔོན་འགྲོའི་སློབ་ཚན་དེ་སློབ་ཚན་གལ་ཆེན་ལ་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་བསླབ་གཞིའི་ནང་འགོད་པ་དང་སློབ་ཁྲིད་བྱེད་པར་སྐུལ་འདེད་གཏོང་བ་དང་། བྱ་ཐབས་སྣ་ཚོགས་ཕྱོགས་བསྡུས་ཐོག་སྤྱད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་གསོ་སྐྱོང་བྱེད་དགོས། རིགས་པའི་གཞུང་ལུགས་སློབ་གསོའི་དམིགས་སའི་རང་བཞིན་ཆེ་རུ་ཏན་ཏིག་བཏང་ནས་ཏང་གཤིས་སློབ་གསོའི་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ལས་བྱེད་པའི་མི་འདང་ས་གསོ་སྦྱོང་བྱེད་པར་དམིགས་པ། དངོས་སྒྲུབ་གོ་ཆོད་ཀྱི་ཆེད་ལས་ཅན་གྱི་འཇོན་ཐང་གསོ་སྐྱོང་སྒྲིག་འཛུགས་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཞན་ཆ་སེལ་བ་དང་ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་བོད་ཀྱི་ཁྱད་ཆོས་དང་ཏང་གི་སློབ་གྲྭའི་ཁྱད་ཆོས་ལྡན་པའི་རིག་ཚན་མ་ལག་ཅིག་གྲུབ་པར་བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། སློབ་གྲྭ་ནན་པོས་སྐྱོང་བ་དང་དོ་དམ་ནན་པོ་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་གི་རྩ་བ་དེ་རྟག་ཏུ་དམ་པོར་བཟུང་ནས་ཏང་གི་སློབ་གྲྭ་དེ་འགོ་ཁྲིད་ལས་བྱེད་པས་ཁྱིམ་སྐྱོང་གི་ནུས་རྩལ་ཁོང་དུ་ཆུད་ས་དང་། ཏང་གཤིས་བློ་སྦྱོང་གོང་མཐོར་གཏོང་ས། སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་ས། འགན་ནུས་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་ས་བཅས་ཀྱི་རྟེན་གཞི་གལ་ཆེན་ཞིག་ལ་དངོས་འབྲེལ་འགྱུར་བ་བྱེད་དགོས།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

༄༅།།ཞི་ཅིན་ཕིང་གིས་ཀོང་ཀྲོའུ་རུ་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་དངོས་གཞི་མིན་པའི་ཞལ་འཛོམས་གནང་བ། བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་པ། ཝང་ཅུན་ཀྲེང་གིས་བོད་དུ་རྟོག་ཞིབ་གནང་བར་ཕེབས་པའི་སྨན་བཅོས་ཆེད་ལས་མཁས་པའི་ཚོ་ཆུང་དང་བཞུགས་མོལ་གནང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་ཚོང་འགུགས་ལ་དམ་འཛིན་བྱེད་དགོས།