གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་ཚོང་འགུགས་ལ་དམ་འཛིན་བྱེད་དགོས།

སྤེལ་དུས་: 2023ལོ་04ཟླ་09ཚེས་ 12:26 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཟླ ༤ ཚེས ༧ ཉིན། ལྗོངས་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཅིག་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྤྱོད་ཚུལ་སྔར་བས་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཚོང་འགུགས་མ་འདྲེན་གྱི་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་དགོས།

ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བཞིན་པ།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཚོང་གཉེར་ཁོར་ཡུག་ནི་ས་གནས་འཕེལ་རྒྱས་ཀྱི་ཆུ་ཚད་དང་སྲིད་གཞུང་གི་ཞབས་འདེགས་ཞུ་ནུས་ཀྱི་ཕྱོགས་བསྡུས་མཚོན་ཚུལ་ཞིག་ཡིན་པས། ས་ཁུལ་ཞིག་གི་ཁྲོམ་རའི་བྱེད་པོའི་གསོན་ཤུགས་དང་ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་ཐད་ཀར་འབྲེལ་བ་ཡོད། བསམ་བློའི་འདུ་ཤེས་སྒྱུར་དགོས་ཤིང་། རིམ་པ་ཁག་དང་སྡེ་ཚན་ཁག་དང་ཏང་ཡོན་ལས་བྱེད་པར་བདག་པོའི་འདུ་ཤེས་ལྡན་པར་བྱས་ནས་མི་ཚང་མ་ཁོར་ཡུག་འཇམ་པོ་ཡིན་པའི་འདུ་ཤེས་སྣེ་ཁྲིད་དེ་ཟབ་ཏུ་གཏོང་བ་དང་། ཐབས་ཇུས་ངོ་མ་དང་གནད་འཁེལ་འདོན་པ། ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་པ་བཅས་བྱས་ཏེ་ལས་དོན་ཁག་ལ་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས། སྲིད་གཞུང་གི་འགན་ནུས་སྒྱུར་མགྱོགས་སུ་གཏོང་དགོས་ཤིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་སྲིད་དོན་ཞབས་ཞུ་ལེགས་སུ་གཏོང་བ་དང་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་ཟབ་ཏུ་གཏོང་དགོས། དབང་ཆ་འཁོར་རྒྱུག་ཚད་ལྡན་ཡོང་བར་བྱེད་དགོས་ཤིང་། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས་དང་འགྱུར་བ་མེད་པ་གསུམ་མཐའ་འཁྱོངས་བྱས་ཏེ་ཁྲོམ་རའི་བྱེད་པོ་སྣ་ཚོགས་དེ་བས་ལེགས་པའི་ངང་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་བྱེད་ནུས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱེད་དགོས། ཁྲོམ་རའི་བྱེད་པོར་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཟམ་མི་ཆད་པར་གཏོང་དགོས་ཤིང་། སྲིད་ཇུས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ནུས་ཤུགས་ཡོད་རྒུས་དྲིལ་བསྒྲགས་ལ་དམ་འཛིན་དང་། ལག་བསྟར་ལ་དམ་འཛིན། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་སྲིད་ཇུས་ལག་བསྟར་དམིགས་སར་འབྱོར་བ་དང་ལག་བསྟར་གནད་སྨིན་ཡོང་བའི་འགན་ལེན་བྱེད་དགོས། ལུགས་མཐུན་དང་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས་ཤིང་། ལམ་ལུགས་མཁོ་འདོན་དང་། ཁྲིམས་སྒྱུར་ཚད་ལྡན། ཁྲིམས་འཛིན་དྲང་གཞག ཡིད་རྟོན་ཁྲིམས་སྲུང་བཅས་ལ་ཤུགས་བརྒྱབ་ནས་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱི་འདྲ་མཉམ་གྱི་སྲུང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་འཛུགས་དགོས་ཤིང་། འགོ་ཁྲིད་ལས་བྱེད་པས་དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་དང་། ཡིན་མིན་གྱི་རྩ་དོན་ཁོང་དུ་ཆུད་པར་བྱས་ནས་སྲིད་ཇུས་ཚད་རན་པོ་ཡོང་བ་དང་སྲིད་གཙང་གི་མཐའ་ཚད་བསྲུངས་ཏེ་སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་གསར་པ་འཛུགས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

ཚོགས་ར།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་ཀའི་འདུ་ཤེས་གསར་གཏོད་དང་། ལས་ཀའི་ལམ་སྲོལ་ལེགས་སུ་གཏོང་བ། ཚོང་འགུགས་མ་འདྲེན་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ། མ་འཇོག་ནུས་ལྡན་ལ་བརྟེན་ནས་མཁོ་སྤྲོད་ནུས་ལྡན་ཆགས་པ་དང་། དགོས་མཁོ་ནུས་ལྡན་ལ་སྐུལ་ཁྲིད། དཔལ་འབྱོར་འཕར་བར་བྱས་ནས་དཔལ་འབྱོར་ལ་མིག་སྔར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་མངོན་མེད་སྟོབས་ཤུགས་ལྡན་པའི་འགན་ལེན་བྱེད་དགོས། སྔོན་ཐོན་གྱི་ཉམས་མྱོང་དང་བྱེད་སྟངས་སློབ་སྦྱོང་དང་དཔྱད་གཞིར་འཛིན་མཁས་པོ་བྱས་ནས་ཚོང་འགུགས་ལ་དམ་འཛིན་བྱེད་དགོས་ཤིང་། གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ཚོང་འགུགས་ལ་དམ་འཛིན་དང་། ཐོན་ལས་མཁོ་འབྲེལ་འཐུས་སྒོ་ཚང་དུ་བཏང་ནས་ཚོང་འགུགས་ལ་དམ་འཛིན། གསར་གཏོད་བྱེད་སྟངས་ལ་བརྟེན་ནས་ཚོང་འགུགས་ལ་དམ་འཛིན། སྒོ་དབྱེའི་ལས་སྟེགས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཚོང་འགུགས་ལ་དམ་འཛིན་བཅས་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་གྱི་ལས་དོན་མཐའ་འཁྱོངས་བྱེད་པ་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས། དངོས་འཛིན་དངོས་སྒྲུབ་དང་དཀའ་སྤྱད་སྙིང་རུས་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་ཚོང་འགུགས་མ་འདྲེན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་མོལ་གནང་བ། ཝང་ཅུན་ཀྲེང་གིས་བོད་དུ་རྟོག་ཞིབ་གནང་བར་ཕེབས་པའི་སྨན་བཅོས་ཆེད་ལས་མཁས་པའི་ཚོ་ཆུང་དང་བཞུགས་མོལ་གནང་བ། དེང་རབས་ཅན་གྱི་བོད་གསར་སྐྲུན་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། བོད་ཀྱི་འཐུས་མིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ།