གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝང་ཅུན་ཀྲེང་གིས་ལྷོ་ཁར་བརྟག་ཞིབ་གནང་བ།

སྤེལ་དུས་: 2023ལོ་05ཟླ་12ཚེས་ 17:11 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཟླ ༥ ཚེས ༤ ཉིན་ནས་ཚེས ༩ ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷོ་ཁ་གྲོང་ཁྱེར་དུ་ཕེབས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་མཚོ་སྨད་རྫོང་གནས་བཞི་ཤང་དུ་གཞི་རིམ་ལས་བྱེད་པ་དང་བྱམས་བརྩེའི་བཀའ་མོལ་གནང་བཞིན་པ།

ཟླ ༥ ཚེས ༤ ཉིན་ནས་ཚེས ༩ ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷོ་ཁ་གྲོང་ཁྱེར་དུ་ཕེབས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་ཟྭ་ར་སྡེ་ཁུལ་དུ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་རིང་འཕྲད་པའི་དཀའ་གནད་བཀའ་འདྲི་ཞིབ་ཕྲ་གནང་བཞིན་པ།

མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ ༥ ཚེས ༡༠ ཉིན་གནས་ཚུལ་འབྱོར་གསལ། ཟླ ༥ ཚེས ༤ ཉིན་ནས་ཚེས ༩ ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བརྟག་དཔྱད་ཞིབ་འཇུག་རབ་ཏུ་དར་བ་བྱེད་པའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་སྣེ་ཁྲིད་ནས་ལག་བསྟར་དོན་འཁྱོལ་གནང་སྟེ། ལྷོ་ཁ་གྲོང་ཁྱེར་གྱི་ལྷོ་བྲག་དང་། མཚོ་སྨད། མཚོ་སྣ། ལྷུན་རྩེ། སྣེ་གདོང་སོགས་རྫོང་དང་། གྲོང་ཁྱེར། ཆུས་བཅས་སུ་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། རྒྱུན་སྲིང་ལྷོད་མེད་ངང་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཝང་ཅུན་ཀྲེང་གིས་འཁོར་ཉུང་སྟབས་བསྡུས་ཀྱིས་མཚོ་སྨད་རྫོང་གནས་བཞི་ཤང་དུ་ཕེབས་ཤིང་། ཁོང་གིས་དེ་གར་འཚོ་བ་སྐྱེལ་བཞིན་པ་དང་ལས་དོན་སྒྲུབ་བཞིན་པའི་གཞི་རིམ་གྱི་ལས་བྱེད་པར་ཐུགས་ཁུར་ཟབ་བཞེས་གནང་གི་ཡོད། ཁོང་གིས་བྱེད་སྒོ་ཁང་དང་། ཟ་ཁང་། རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུའི་ལྟེ་གནས་བཅས་སུ་ཕེབས་ནས་རྟོག་ཞིབ་ཞིབ་ཕྲ་གནང་བ་རེད། དེ་གའི་ལས་བྱེད་པ་ཚང་མ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་སྟེ་ཕྱར་བ་གྲུ་འདེགས་ཀྱིས་མཚོ་སྨད་གསར་པ་འཛུགས་སྐྲུན་བྱེད་བཞིན་པ་མཁྱེན་རྗེས་ཁོང་གིས་གཞི་རིམ་ལས་བྱེད་པས་མང་ཚོགས་ལ་ཐད་ཀར་ཕྱོགས་ནས་ཞབས་འདེགས་ཞུ་བཞིན་ཡོད་པས་ལས་ཀ་ཧ་ཅང་དཀའ་ཚེགས་ཆེན་པོ་རེད། ཁྱེད་ཚོས་དཀའ་སྤྱད་ངལ་རྩོལ་དང་སྒེར་སེམས་སྤུ་ཙམ་ཡང་མེད་པར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས། ཁོང་གིས་འབྲེལ་ཡོད་སྡེ་ཚན་ལ་གཞི་རིམ་ལས་བྱེད་པ་དང་། ལྷག་པར་དུ་དུས་ཡུན་རིང་པོ་དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་ལས་ཀ་བྱེད་མཁན་གཞི་རིམ་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས་པ་དང་། གཞི་རིམ་གྱི་འཐབ་ས་དང་པོར་ལས་བྱེད་པ་གསོ་སྦྱོང་དང་འདེམས་སྤྱོད་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས། གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་པས་མང་ཚོགས་ལ་སེམས་ཁུར་དང་མང་ཚོགས་སེམས་ལ་བཅངས་ནས། བློ་གཅིག་སེམས་གཅིག་གིས་མང་ཚོགས་ཀྱི་དོན་དུ་བྱ་བ་བཟང་པོ་སྒྲུབ་པ་དང་། བྱ་བ་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱས་ཏེ་ཏང་ཨུད་དང་སྲིད་གཞུང་གི་གཟུགས་བརྙན་བཟང་པོ་འཛུགས་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཝང་ཅུན་ཀྲེང་མཚོ་སྣ་གྲོང་ཁྱེར་དགེ་བཅུ་ཇ་ལོ་འདེབས་འཛུགས་གླིང་དུ་ཕེབས་ནས་ཇ་་འདེབས་འཛུགས་དང་ཇ་བཟོའི་ལག་རྩལ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་། ཆོས་སྐྱིད་ཀྱི་ཁྱིམ་དུ་འཚམས་འདྲིར་ཕེབས་ཡོད།ཆོས་སྐྱིད་ཀྱི་ཁྱིམ་དུ་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་དང་། གླ་ཆ། ཇ་ལོའི་མཉམ་ལས་ཁང་གི་ཡོང་འབབ་བགོ་འགྲེམས་བཅས་བརྒྱུད་ལོའི་ཡོང་འབབ་སྒོར་ཁྲི ༡༢ ལྷག་ཙམ་བྱུང་བ་དང་དེ་བཞིན་ཐོན་ལས་དར་རྒྱས་ཁྲོད་ནས་མིག་མཐོང་ལག་ཟིན་གྱི་ཕན་པ་ཐོབ་པ་མཁྱེན་སྐབས་ཝང་ཅུན་ཀྲེང་ཐུགས་མཉེས་པོ་བྱུང་བ་རེད། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། རིག་གནས་དང་སྐྱེ་ཁམས་ཐོན་ཁུངས་གང་ལེགས་སྤྱོད་པ། ཡུལ་བབ་དང་བསྟུན་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གནས་འཕྲོད་དང་། ལས་འཚམ། མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས། དེ་རྗེས་ཝང་ཅུན་ཀྲེང་ཤང་གྲོང་འཕྲོད་བསྟེན་ཁང་དང་གྲོང་ཚོ་ཨུ་ལྷན་དུ་ཕེབས་ནས་དམངས་འཚོ་འགན་ལེན་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱིས་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་བྱས་ནས་ཐོན་ལས་འཕེལ་རྒྱས་དང་། སྤྱི་པའི་ཞབས་ཞུ། དམངས་འཚོ་འགན་ལེན་དང་ལེགས་གཏོང་སོགས་ལ་དམིགས་ཏེ་ཏང་འཛུགས་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཉམ་དུ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་གཏོང་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས། གཞི་རིམ་སྨན་ཁང་གི་མྱུར་སྐྱོབ་སྒྲིག་ཆས་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ་དང་། མྱུར་སྐྱོབ་དྲ་རྒྱ་གང་མགྱོགས་སྤྱོད་པ། མྱུར་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཀྱི་བདེ་ཐང་དང་འབྲེལ་བ་ཡོད་པའི་ལས་དོན་ཟམ་མི་ཆད་པར་ཡག་པོར་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

ཝང་ཅུན་ཀྲེང་གིས་སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་ཟྭ་ར་སྡེ་ཁུལ་དུ་སྡེ་ཁུལ་གྱི་ལས་བྱེད་པ་དང་སྤེལ་རེས་གཏིང་ཟབ་གནང་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཁྲོད་གནས་པའི་དཀའ་གནད་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། དམངས་ཕན་ལྟེ་གནས་ཀྱིས་ཕྱོགས་གསུམ་གཞི་གཅིག་སྒོ་ནས་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ་གཅིག་འཐུས་རྣམ་པའི་སྒོ་ནས་རྒན་གསོ་དང་། ཡིད་རྟོན་དངུལ་བུན། སྨན་བཅོས་འགན་བཅོལ། དམངས་སྲིད་སོགས་ཀྱི་ལས་སྒོ་གཉེར་ཏེ་ཏང་འཛུགས་སྐྱོང་དང་། དྲ་མིག གྲངས་འཛིན་བཅོས་སྐྱོང་བཅས་ཟུང་དུ་འབྲེལ་བའི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་ཞིག་གྲུབ་པར་ཝང་ཅུན་ཀྲེང་གིས་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་ཡུན་རིང་བདེ་འཁོད་མངོན་འགྱུར་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན་པས་ཚན་རིག་ལག་རྩལ་གང་མགྱོགས་བཀོལ་སྤྱོད་བྱེད་པ་དང་། གཞི་གཅིག་ཅན་གྱི་ཞབས་ཞུའི་ལས་སྟེགས་བསྐྲུན་པ། ཆ་འཕྲིན་གྱི་བཀག་རྒྱ་སེལ་བ། ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་མ་ལག་འཛུགས་པ། ཕན་ཚུན་འབྲེལ་མཐུད་ཐུབ་པ་བཅས་བྱས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་ཀྱིས་གྲངས་གཞི་འགུལ་རྣམ་གསར་སྒྱུར་ལ་ཤུགས་སྣོན་རྒྱག་པ་དང་གནད་སྨིན་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། གཞི་གྲངས་གསལ་པོ་དང་། གནས་ཚུལ་གསལ་པོ། གྲངས་གཞི་གནད་འཁེལ། བྱ་ཐབས་ཏན་ཏིག་བཅས་ཡོང་བར་བྱེད་དགོས།

བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་མཐའ་སྲུང་གི་འཐབ་ས་དང་པོར་ཕེབས་ནས་མཐའ་སྲུང་དཔོན་དམག་དང་། ལས་བྱེད་ཉེན་རྟོག་པ། མང་ཚོགས་བཅས་དང་སྤེལ་རེས་གཏིང་ཟབ་གནང་ནས་ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོའི་བཤམས་སྟོན་ཁང་སོགས་སུ་རྟོག་ཞིབ་ཀྱང་གནང་ཞིང་། ཁོང་གིས་ལམ་གཉིས་ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ལས་བྱེད་མང་ཚོགས་ལ་ཏང་གི་འོད་སྟོང་འཕྲོ་བའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུའི་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། མཐའ་སྐྱོང་བོད་བརྟན་གྱི་ལག་ལེན་རླབས་པོ་ཆེའི་ནང་ཧུར་ཐག་ཞུགས་ཏེ། གསར་བརྗེའི་སྙིང་སྟོབས་དང་གསར་བརྗེའི་མེ་སྟག་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་ལྷོ་ཁ་གྲོང་ཨུད་ཀྱི་ལས་དོན་སྙན་སེང་གསན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། ལས་བྱེད་པའི་བསམ་པའི་ཉམས་འགྱུར། ལས་སྒྲུབ་དང་ལས་གཏོད་ཀྱི་རྣམ་པ་སོགས་ཐད་ཐོབ་པའི་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་གསར་བརྗེ་བྱས་ཏེ་ལེགས་ཆ་འདོན་སྤེལ་བྱེད་རིང་འབྱུང་འགྱུར་འཆར་འགོད་བྱེད་པ་དང་། རྩེ་གྲར་དཔེ་བསྡུར་བྱེད་རིང་གསར་འབྱེད་མདུན་སྐྱོད་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ལྷོ་ཁའི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།

ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ནས་སྲུང་སྐྱོང་གཉིས་ཀྱི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ནས་བརྟག་ཞིབ་བྱེད་སྲོལ་ཤུགས་ཆེན་དར་བར་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གི་བརྒྱུད་རིམ་དེ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་གྲུབ་འབྲས་གསར་པ་ཐོབ་པའི་བརྒྱུད་རིམ་ལ་བསྒྱུར་བ་དང་། གཏན་འཁེལ་གཉིས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་ངོ་མར་བསྒྱུར་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་། མང་ཚོགས་ཀྱིས་གོ་བདེ་ཤེས་སླ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་སྤྱད་དེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་བོད་ཀྱི་དུས་རབས་གསར་པའི་ལོ་ངོ་བཅུའི་ནང་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གཞི་རིམ་དང་མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ་དང་། འདུ་ཤེས་གསུམ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས།

གྲུབ་འབྲས་ཕྱོགས་སྡོམ་དང་། ཡིད་ཆེས་ཆེར་གཏོང་། བསྡུར་བའི་ལེགས་ཆ་འདོན་སྤེལ་བཅས་བྱས་ནས་ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཆེ་རུ་གཏོང་བ་དང་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་བྱེད་རིང་འཐབ་ཇུས་ཀྱི་འགག་སྒྲོལ་ཡོང་བ་དང་། འཐབ་ཇུས་ཀྱི་ཁྱོན་ཡོངས་ཁོང་དུ་ཆུད་པར་བྱེད་རིང་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས། སྔོན་ཐོན་བརྩོན་ལེན་དང་རང་འགུལ་ངང་གསར་བསྒྱུར་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་འདུ་ཤེས་ལེགས་སུ་གཏོང་བ་དང་རང་འགུལ་ངང་དུས་བབ་ཀྱི་འགྱུར་ལྡོག་དང་འཚམ་པར་བྱས་ཏེ་ལྷོ་ཁའི་དོན་དངོས་དང་འཚམ་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ་མཐའ་འཁྱོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དམ་པོར་འཛིན་པ་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། དཔེ་མཚོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་རྒྱུ་དེ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱེད་པ། ལས་ཀ་བྱེད་སྟངས་དང་བྱ་ཐབས་ལ་དོ་སྣང་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱེད་པ་དང་རྒྱུན་མཐུད་ངང་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་བློ་དཀར་སེམས་དཀར་དང་། སྤྱོད་གཙང་། འགན་འཁྲི་འཁུར་བ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་ཧུར་ཐག་གཏོད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་བཞག་སྟེ་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་གནད་འཁེལ་བྱེད་པ་དང་། ཆབ་སྲིད་ཀྱི་རྩ་བ་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་གནད་སྨིན་ཡོང་བ་བྱེད་དགོས། མི་སྣ་འདེམས་སྤྱོད་ཀྱི་ཡང་དག་པའི་སྟོན་ཕྱོགས་བཙུགས་ཏེ་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་། ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་དགོས། ལས་བྱེད་པ་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་མི་སྣ་འདེམས་སྤྱོད་ཀྱི་ལས་ཀའི་ལམ་སྲོལ་ལེགས་སུ་བཏང་ནས་བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་ལས་བྱེད་པ་གདམ་གསེས་དང་བཀོལ་སྤྱོད་དངོས་འབྲེལ་བྱེད་དགོས། རྒྱུན་མཐུད་ངང་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། སྤྱོད་ཚུལ་བཞི་རྒྱུན་སྲིང་ལྷོད་མེད་ངང་ཡོ་བསྲང་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་གཏན་ནས་དམ་འཛིན་དང་། རྒྱུན་གཏན་དང་མཉམ་འདྲེས། རྒྱུན་གཏན་ནས་སྒྲུབ་པ་བཅས་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་བརྟག་ཞིབ་བྱེད་སྲོལ་ཤུགས་ཆེན་དར་བར་བྱས་ནས་མང་ཚོགས་ཁྲོད་དང་གཞི་རིམ་དུ་ཟབ་སྐྱོད་བྱས་ཏེ་འཐབ་ཕྱོགས་དང་པོ་ནས་གནས་ཚུལ་ཤེས་རྟོགས་དང་། གནད་དོན་ཤེས་རྟོགས། བསམ་ཕྱོགས་ཞིབ་འཇུག སྤྱོད་ཚུལ་སྒྱུར་བ་བཅས་དངོས་འབྲེལ་བྱེད་དགོས་ཤིང་། དཔོན་ཉམས་དོར་ནས་མང་ཚོགས་དང་འབྲེལ་འདྲིས་མང་ཙམ་བྱས་ཏེ་ལས་ཀའི་ཕན་འབྲས་དངོས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་དགོས།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་འཛམ་གླིང་གི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་ཚོགས་པའི་མཐུན་འབྲེལ་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིར་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་རྒྱུན་ལས་ཧྲུའུ་ཅི། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཧྲི་མེ་དང་མཇལ་འཛོམས་གནང་བ། ཝང་ཅུན་ཀྲེང་གིས་ལྷ་ས་དང་ཉིང་ཁྲིར་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ། ཝང་ཅུན་ཀྲེང་གིས་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་དང་མཉམ་སྡེབ་གླེང་མོལ་གནང་བ།