ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་དང་མཉམ་སྡེབ་གླེང་མོལ་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་རྒྱུད་ཞུན་བརྡར། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེར་གཏོང་བཅས་བྱས་ཏེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་རང་འགན་ནན་པོས་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།
འདི་ནི་མཉམ་སྡེབ་གླེང་མོལ་གནང་ཡུལ་ཡིན་པ།
ཝང་ཅུན་ཀྲེང་གིས་བསྟན་དོན།རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་དགོས་མཁོར་གཞིགས་ནས། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི་དམིགས་བསལ་བཞིའི་ཆབ་སྲིད་ཀྱི་ཚད་གཞི་ལྟར་འཇོན་ཐང་ལ་གཞིགས་ཏེ་ལས་བྱེད་པ་བཀོལ་སྤྱོད་དང་། ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ།ལག་ལེན་རིང་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་བཀོལ་སྤྱོད་བཅས་བྱས་ནས། མི་འདེམས་མི་སྤྱོད་ཀྱི་མངོན་གསལ་དོད་པའི་སྟོན་ཕྱོགས་བརྟན་པོ་འཛུགས་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་སྔར་བས་ཞུན་བརྡར་སྤྲོད་པ་དང་། མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བའི་རྒྱལ་གཅེས་ཁྱིམ་ཞེན་གྱི་བརྩེ་སེམས་ཟབ་མོ་འཆང་བ། ལས་འགན་ལྕི་པོ་ཕྲག་ཐོག་ཏུ་འཁུར་ཐུབ་པའི་འཇོན་ཐང་ཆེན་པོ་སྦྱོང་བ་བཅས་བྱས་ནས། བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་གདོང་ལེན་པ་དང་མིག་དཔེ་འདོན་མཁན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།
ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཚད་མཐོའི་རང་རྟོགས་ཀྱི་བསམ་པ་ཟབ་ཏུ་བཏང་སྟེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཟབ་སྦྱོང་མཐིལ་རྟོགས་བྱས་ནས་དད་སེམས་བརྟན་པོ་དང་ཆབ་སྲིད་ཐད་ལྷག་བསམ་རྣམ་དག་བྱེད་མཁན་གོ་ཤེས་ཅན་ཞིག་ཧུར་ཐག་བྱེད་དགོས།
ཚེ་གང་སློབ་སྦྱོང་འདུ་ཤེས་བརྟན་པོ་འཛུགས་པའི་ཚད་མཐོའི་རང་རྟོགས་ཀྱི་བསམ་པ་ཟབ་ཏུ་བཏང་སྟེ། ཁྱིམ་སྐྱོང་གི་ནུས་རྩལ་ཆེ་ཤོས་ཡིན་པའི་མར་ཁེ་སི་རིང་ལུགས་དངོས་སུ་ཤེས་པར་བྱས་ནས། ལས་དོན་ཏན་ཏིག་སྒྲུབ་པ་དང་། སློབ་སྦྱོང་ལ་དགའ་ཞེན། ཤེས་སྦྱོར་གཅིག་མཐུན་བཅས་ཀྱི་སྣེ་ཁྲིད་པ་ཞིག་ཧུར་ཐག་བྱེད་དགོས།
དངོས་སྒྲུབ་འགན་འཁུར་གྱི་ཚད་མཐོའི་རང་རྟོགས་ཀྱི་བསམ་པ་ཟབ་ཏུ་བཏང་སྟེ། དོན་ཆེན་བཞིར་དམིགས་པ་དང་འཛུགས་གཏོད་བཞིར་ཤུགས་བརྒྱབ་ནས་རང་འགན་ནན་སྒྲུབ་དང་རང་འགན་གཙང་སྒྲུབ་ཀྱི་དངོས་སྒྲུབ་པ་ཞིག་ཧུར་ཐག་བྱེད་དགོས།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པའི་ཚད་མཐོའི་རང་རྟོགས་ཀྱི་བསམ་པ་ཟབ་ཏུ་བཏང་སྟེ། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་བཙུགས་ནས་ཐོག་མའི་བསམ་འདུན་བརྟན་སྲུང་དང་མང་ཚོགས་ལ་ཞབས་འདེགས་ཞུ་མཁན་སྙིང་ཉེ་བ་ཞིག་ཧུར་ཐག་བྱེད་དགོས།
ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཚད་མཐོའི་རང་རྟོགས་ཀྱི་བསམ་པ་ཟབ་ཏུ་བཏང་སྟེ། རུལ་འགོག་འགྱུར་ཟོན་གྱི་འགོག་སྲུང་བརྟན་པོ་བསྲུངས་ནས་སྤྱོད་ཚུལ་ལེགས་པ་དང་དབང་ཆ་དྲང་གཞག་སྤྱོད་མཁན་གྱི་མི་དྲང་པོ་ཞིག་ཧུར་ཐག་བྱེད་དགོས།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་རྒྱུན་ལས་ཧྲུའུ་ཅི། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཧྲི་མེ་དང་མཇལ་འཛོམས་གནང་བ། ཞི་ཅིན་ཕིང་གིས་ཀ་པོན་གྱི་ཙུང་ཐུང་པང་ཀེ་དང་མཇལ་མོལ་གནང་བ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི༼རྒྱ་ཆེ༽ཚོགས་འདུ་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས༼ལྗོངས་སྲིད་འཛིན་སློབ་གླིང༽༢༠༢༣ལོའི་དཔྱིད་དུས་སློབ་འགོ་ཚུཌ་པའི་མཛད་སྒོ་འཚོཌ་པ། ཝང་ཅུན་ཀྲེང་གིས་ལྷ་ས་དང་ཉིང་ཁྲིར་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ།