ཟླ ༥ ཚེས ༣ ཉིན་དང་ཚེས ༤ ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་དང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་དུ་དུས་ཆེན་རིང་གི་ལས་རེས་དང་ལས་སྒྲུབ་གྲ་སྒྲིག་དང་། གྲོང་གསེབ་དར་རྒྱས། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་ལས་དོན་པར་གཟིགས་པ་རེད།འདི་ནི་ཝང་ཅུན་ཀྲེང་གིས་བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་གཞོན་ནུ་སློབ་མ་དང་དགེ་རྒན་ལ་གཟིགས་བཞིན་པ།
ཟླ ༥ ཚེས ༣ ཉིན་དང་ཚེས ༤ ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་དང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་དུ་དུས་ཆེན་རིང་གི་ལས་རེས་དང་ལས་སྒྲུབ་གྲ་སྒྲིག་དང་། གྲོང་གསེབ་དར་རྒྱས། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་ལས་དོན་པར་གཟིགས་པ་རེད།འདི་ནི་ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་དུ་བརྟག་ཞིབ་གནང་བཞིན་པ།
མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་དང་ལས་ཀ་བྱེད་སྟངས་དང་བྱེད་ཐབས་ལ་ཡིད་གཟབ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་ངང་སྤེལ་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས།
ཟླ ༥ ཚེས ༣ ཉིན་དང་ཚེས ༤ ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་དང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་དུ་དུས་ཆེན་རིང་གི་ལས་རེས་དང་ལས་སྒྲུབ་གྲ་སྒྲིག་དང་། གྲོང་གསེབ་དར་རྒྱས། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་ལས་དོན་པར་གཟིགས་པ་རེད། ཁོང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་དང་ལས་ཀ་བྱེད་སྟངས་དང་བྱེད་ཐབས་ལ་ཡིད་གཟབ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས།
ལྔ་གཅིག་གུང་གསེང་མཇུག་འགྲིལ་མོད། འོན་ཀྱང་ལས་རེས་གྲ་སྒྲིག་ལ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། ཚེས ༣ ཉིན། ཝང་ཅུན་ཀྲེང་གིས་འཁོར་ཉུང་སྟབས་བདེ་དང་སྟབས་བསྟུན་གྱིས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་དུ་ཕེབས་ཏེ་ལས་བྱེད་ལས་བཟོའི་ལས་རེས་ལྟ་སྲུང་གི་ལས་དོན་སྤེལ་ཚུལ་ལ་ལྐོག་བཤེར་དང་ལྟ་སྐུལ་ཞིབ་བཤེར་གནང་བ་རེད། རུ་ཐོག་ཤང་སྲིད་གཞུང་དུ་ཕེབས་སྐབས། ཝང་ཅུན་ཀྲེང་གིས་ལས་རེས་ལས་དོན་པ་དང་སྣེ་ཁྲིད་འགོ་ཁྲིད་ལ་བྱམས་བརྩེའི་ངང་གཟིགས་པ་དང་སྦྲགས། ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ཁོང་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་པར་བྱམས་བརྩེའི་འཚམས་འདྲི་ཡང་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། རྒྱ་ཆེའི་གཞི་རིམ་ལས་བྱེད་པས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་དང་ལས་ཀ་བྱེད་སྟངས་དང་བྱེད་ཐབས་ལ་ཡིད་གཟབ་བྱས་ཏེ་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་དང་། ཆ་འཕྲིན་འབྲེལ་མཐུད་ཐབས་ལམ་སྣ་ཚོགས་ཤར་གཏོང་བྱས་ནས་ཉེན་ཁ་འགོག་པ་དང་། བདེ་འཇགས་འགན་ལེན། འཕེལ་རྒྱས་ལ་སྐུལ་གཏོང་། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ལས་དོན་དེ་བས་ཏན་ཏིག་དང་དེ་བས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། མང་ཚོགས་ཀྱི་ལྟ་བ་བརྟན་པོ་བཙུགས་པ་དང་། མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཁྲོད་དུ་སྐྱོད་པ། མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་དམ་ཟབ་བཅས་བྱས་ནས་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་འཇོན་ཐང་སྔར་བས་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ནས་ལས་དོན་ཁག་གཞི་རིམ་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་གཉེར་སྐྱོང་གནས་ཚུལ་ལ་དོ་ཁུར་ཆེན་པོ་གནང་ཞིང་། ཞོག་ཁོག་ལ་གོང་ཚད་ཅི་འདྲ་རེད། གུང་གསེང་སྐབས་ཚོང་ཡག་པོ་འདུག་གམ་རུ་ཐོག་མྱུར་བགྲོད་ཞབས་ཞུ་ཁུལ་དུ་ཝང་ཅུན་ཀྲེང་གིས་ཚོང་དུད་དང་གླེང་མོལ་གནང་ནས་ཚོང་ཟོག་གི་རིན་གོང་དང་ཁྲོམ་རའི་དགོས་མཁོ་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཞབས་ཞུ་ཁུལ་གྱི་ཚོང་དུད་ཀྱི་གཉེར་སྐྱོང་གནས་ཚུལ་བརྟན་པོའི་ངང་ལེགས་སུ་ཕྱིན་ནས་ཉིན་རེར་ཆ་སྙོམས་སྒོར་ཆིག་སྟོང་ལྷག་ཙམ་ཡོད་པ་མཁྱེན་སྐབས་ཝང་ཅུན་ཀྲེང་དགྱེས་ཚོར་ཆེན་པོ་བྱུང་བ་དང་། ཁོང་ཚོར་ཡིད་ཆེས་སྔར་བས་ཆེ་རུ་བཏང་སྟེ་ཕྱིར་ཚོང་བྱེད་ཚད་མང་དུ་གཏོང་རྒྱུའི་ལྕག་སྐུལ་གནང་བ་རེད། ཞལ་གྱེས་ཁར་ཝང་ཅུན་ཀྲེང་གིས་ཚོང་དུད་ཀྲང་ཞའོ་ཀྲོའུ་ཡི་ཁྲོམ་བཀྱག་ནས་ཞོག་ཁོག་སོགས་ཁྱད་ལྡན་ཟས་རིགས་ཙག་ཙིག་གཟིགས་པ་མ་ཟད། ཁོང་ཚོའི་ཚོང་ཇེ་ཡག་ཏུ་འགྲོ་བའི་སྨོན་འདུན་ཡང་ཞུས་པ་རེད།
བོད་ལྗོངས་ཞིང་འབྲོག་སློབ་གླིང་ནི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལྡན་པའི་སློབ་ཆེན་ཞིག་ཡིན་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
ཟླ ༥ ཚེས ༤ ཉིན། ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་བའི་སྐབས་དེར་ཝང་ཅུན་ཀྲེང་བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་དཔེ་མཛོད་ཁང་དུ་ཕེབས་ནས་གཞོན་ནུ་སློབ་མར་གཟིགས་པ་དང་། སློབ་གླིང་གི་རིག་ཚན་འཛུགས་སྐྱོང་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་མཁྱེན་རྟོགས་ཞིབ་ཕྲ་གནང་བ། ཏང་འཛུགས་སྐྱོང་གི་བསམ་བློ་ཆབ་སྲིད་སོགས་ལས་དོན་གྱི་ངོ་སྤྲོད་གསན་པ་བཅས་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་དང་གཞོན་ནུའི་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཡང་གནང་བ་རེད། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཞིང་ལས་སློབ་ཆེན་ཚན་རྩལ་ཁང་གི་སློབ་གྲོགས་ཚོར་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ་དད་སེམས་ཡོད་པའི་གཞོན་ནུ་བྱེད་པ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་གཏོང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་དེའི་ཁྲོད་ཀྱི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པ་དང་མཐིལ་རྟོགས་ཀྱི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་། དེའི་ཁྲོད་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་མཐའ་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ནས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་གྱི་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་རང་རྟོགས་ངང་བྱེད་དགོས། ཕུགས་བསམ་ལྡན་པའི་གཞོན་ནུ་ཞིག་བྱས་ཏེ་བསམ་བློ་མཐོ་སར་བཞག་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ། དཀའ་སྤྱད་འབད་འཐབ་ཀྱི་དམ་བཅའ་བཞག་ནས་མི་སྒེར་གྱི་ཕུགས་བསམ་དོན་གཉེར་བྱ་རྒྱུ་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་རྒྱང་རིང་གི་ཕུགས་བསམ་ཡོད་དགོས་ལ། ཏན་ཏན་ཏིག་ཏིག་ངང་ལས་སྒྲུབ་ལས་གཏོད་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པར་ནུས་པ་ཡང་འདོན་དགོས། འཇོན་ཐང་ལྡན་པའི་གཞོན་ནུ་ཞིག་བྱས་ཏེ་ཤེས་བྱའི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་ཤེས་བྱ་གསོག་འཇོག་མང་པོ་བྱས་ཏེ་ཆེད་ལས་ཁྱབ་ཁོངས་སུ་ཡོན་ཚད་ཡོད་ཅིང་། གཞི་རིམ་གྱི་འཐབ་ས་དང་པོར་དཀའ་སྡུག་མྱོང་བ་དང་ཉམས་མྱོང་གསོག་འཇོག་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལག་ལེན་ཁྲོད་ཤེས་བྱ་སྦྱོང་བ། བདེན་དོན་རྟོགས་པར་བྱས་ནས་ཞིང་གཅེས་ཀྱི་འདུ་ཤེས་ཟབ་གཏོད་བྱེད་པ་དང་། ཞིང་ལས་དར་རྒྱས་གཏོང་བའི་འཇོན་ཐང་ཆེ་རུ་བཏང་སྟེ་ཆེད་ལས་ལ་བྱང་ཆུབ་པའི་དུས་རབས་གསར་པའི་སློབ་ཆེན་སློབ་མ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས། ཀུན་སྤྱོད་བཟང་བའི་གཞོན་ནུ་ཞིག་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བརྟན་པོ་འཛུགས་པ་དང་རང་རྟོགས་ངང་ལག་ལེན་བསྟར་ཏེ་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཁྲོད་ནས་ཀུན་སྤྱོད་ཀྱི་སྙིང་བཅུད་བསྡུ་ལེན་བྱེད་མཁས་པོ་དང་གསར་བརྗེའི་གཞི་རྒྱུའི་ཁྲོད་ནས་བསམ་པའི་སྟོབས་ཤུགས་ཐོབ་ཐབས་བྱས་ཏེ་རང་བརྟག་རང་སྐུལ་ནན་པོ་དང་ཤེས་དཔལ་གྱི་སྲོལ་གསར་དར་སྤེལ་བཏང་ནས། བསམ་པའི་འཁྱེར་སོ་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་བླ་ན་མེད་པའི་གཤིས་རྒྱུད་བཏོད་དེ་བཟང་བཀུར་རང་གཅུན་བྱེད་པའི་ཁྲོད་ནས་ལང་ཚོའི་ཉམས་འགྱུར་མངོན་པར་བྱས་ཐོག བློས་འཁེལ་བ་དང་། གཤམ་དུ་སྐྱོད་ཐུབ་པ། བེད་སྤྱོད་ཐུབ་པ། ལས་སྒོ་འཕེར་བ་བཅས་དངོས་སུ་ཐུབ་པར་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཕན་པའི་དུས་རབས་གསར་པའི་གཞོན་ནུ་ཞིག་ཏུ་འགྱུར་བ་ཧུར་ཐག་བྱེད་དགོས།
ཆར་པ་བབས་རྗེས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་གི་ཐག་རིང་རི་རྒྱུད་དང་ཉེ་འགྲམ་གྱི་ཞིང་ནང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། ཝང་ཅུན་ཀྲེང་འདི་གར་ཕེབས་ནས་གཞི་རིམ་ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་རྒྱས་ལ་ཁྲིད་སྟོན་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་ནན་ཏན་གནང་བ་དང་། བུ་ཆུ་ཤང་མང་ཚོགས་ཀྱི་གཉེར་སྐྱོང་ཡོང་འབབ་དང་ཁྱིམ་ཚང་གི་འཚོ་བ་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་གཏིང་ཟབ་གནང་བ་རེད། ཝང་ཅུན་ཀྲེང་ཡུལ་མིའི་ཁྲོད་དུ་ཕེབས་ཏེ་ཁོང་ཚོ་རེ་རེ་བཞིན་དང་ཕྱག་བཏང་གནང་བ་དང་། ཁོང་གིས། ལས་བྱེད་པ་དང་ཏང་ཡོན་གྱིས་སྣེ་ཁྲིད་དེ་མང་ཚོགས་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་བསྒྲུབས་པ་མ་ཟད། མང་ཚོགས་ཀྱི་སྣེ་ཁྲིད་དེ་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུའི་ཐོག་ཐུན་མོང་ཕྱུག་འགྱུར་ཡོང་བའང་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བསམ་བློར་སྔར་བས་བཅིངས་འགྲོལ་དང་འབད་འབུངས་ཡར་བརྩོན་བྱེད་པ་དང་། ས་གནས་དེ་གའི་དོན་དངོས་ལ་གཞི་ཚུགས་པ། སྒུལ་ཤུགས་ཀྱི་གསོན་ཤུགས་འཕེལ་བ། གྲོང་གསེབ་ཀྱི་དཔལ་འབྱོར་རྒྱུན་མཐུད་སྟོབས་ཆེར་གཏོང་བ་བཅས་བྱས་ནས། མིག་སྔར་དཔལ་འབྱོར་ལ་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་འཕེལ་རྒྱུའི་འགན་ལེན་བྱེད་དགོས་པ་དང་། ཐོན་ལས་དར་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་རྨང་གཞི་དང་འགག་རྩར་བརྩིས་ཏེ་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་འདེབས་གསོ་དང་། ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས། སྤྲོ་གསེང་ཞིང་ལས། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་སོགས་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་འཕེལ་རྒྱས་བཏང་ནས་ཐོན་ལས་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་གྲུབ་པ་དང་། གྲོང་གསེབ་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་སྐས་རིམ་གསར་པར་སླེབས་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་པ། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་རིམ་སྤོར་བྱེད་པ་དང་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་སྡོད་མལ་དང་བྱ་གཞག་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་མགྱོགས་མྱུར་བསྐྲུན་དགོས། བོད་ལྗོངས་ཐེན་ཧོ་སྦི་རག་ཚད་ཡོད་ཀུང་སིར་ཝང་ཅུན་ཀྲེང་གིས་ཐོན་རྫས་ཐོན་སྐྱེད་ཀྱི་ལས་རིམ་དང་བཟོ་རྩལ་ཁྱད་ཆོས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་སྟེ་ཁེ་ལས་ལ་ཁྲོམ་རའི་དགོས་མཁོ་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འདུ་ཤེས་གསར་པ་དང་། ལག་རྩལ་གསར་པ། བཟོ་རྩལ་གསར་པ་བཅས་ནང་འདྲེན་ཧུར་ཐག་བྱས་ནས་བོད་ཀྱི་སྤུས་རྟགས་རྒྱ་སྟོབས་ཆེ་རུ་བཏང་སྟེ་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གཏིང་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་རྒྱུན་ལས་ཧྲུའུ་ཅི། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཧྲི་མེ་དང་མཇལ་འཛོམས་གནང་བ། ཞི་ཅིན་ཕིང་གིས་ཀ་པོན་གྱི་ཙུང་ཐུང་པང་ཀེ་དང་མཇལ་མོལ་གནང་བ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི༼རྒྱ་ཆེ༽ཚོགས་འདུ་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས༼ལྗོངས་སྲིད་འཛིན་སློབ་གླིང༽༢༠༢༣ལོའི་དཔྱིད་དུས་སློབ་འགོ་ཚུཌ་པའི་མཛད་སྒོ་འཚོཌ་པ།