གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

དུས་རབས་གསར་པའི་གཞོན་ནུ་ཚོར་སྤྱི་ཁྱབ་ཧྲུའུ་ཅིས་བཀའ་སློབ་འདི་འདྲ་གནང་བ།

སྤེལ་དུས་: 2020ལོ་05ཟླ་06ཚེས་ 11:15 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་བའི་དུས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས། རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ཡོད།

ཞི་ཅིན་ཕིང་གིས། ཞུན་བརྡར་བྱས་པ་བརྒྱུད་ལང་ཚོའི་གཟི་མདངས་འཕྲོ་བ་དང་། འབད་འཐབ་བྱས་པ་བརྒྱུད་མི་ཚེའི་བཀྲག་མདངས་འཚེར་བ། གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུས་ཏང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་གྱི་དམག་འཐབ་བཅས་ལ་ཧུར་ཐག་ཞུགས་ནས་དཀའ་ཉེན་ལ་མི་སྐྲག་པ་དང་། འཐབ་ས་དང་པོར་སྐྱོད་པ། ཟོལ་མེད་ཀྱི་ལེགས་སྐྱེས་འབུལ་བ་བཅས་ཀྱིས་དེང་རབས་ཀྱི་ཀྲུང་གོའི་གཞོན་ནུའི་འགན་འཁུར་གྱི་སྙིང་སྟོབས་མཚོན་པར་བྱས་སྟབས། ཏང་དང་མི་དམངས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་པས། ཁྱེད་ཚོར་ང་སྤོབས་པ་སྐྱེ་ཡི་འདུག་གསུངས་པ་རེད།

ཞི་ཅིན་ཕིང་གིས། ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་གྲོལ་འགག་སྒྲོལ་གྱི་ཐག་གཅོད་དམག་འཐབ་ཀྱི་མཇུག་བསྡུའི་ལོ་རེད་ལ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་འབྲེལ་མཚམས་ཀྱི་ལོ་དེ་ཡང་རེད། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུས་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་བ་དང་། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལང་བ། འཇོན་ཐང་བྱང་ཆུབ་པོ་སྦྱོང་བ། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་རླབས་ཆེན་བྱ་གཞག་ལ་ཞུགས་པ་བཅས་བྱེད་པ་དང་། དཀའ་སྤྱད་འབད་འཐབ་ཀྱི་མདུན་སྐྱོད་བྱ་ཐབས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་དུང་ཕྱུར་དུ་མ་དང་མཉམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་རྒྱང་སྐྱོད་ལམ་བུ་གསར་པར་དཔའ་ངར་ཆེན་པོས་འབད་འབུངས་ལྷོད་མེད་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།

ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པ། དེ་བཞིན་སྤྱི་ཚོགས་ཡོངས་ཀྱིས་གཞོན་ནུའི་འཚར་ལོངས་ལ་སེམས་ཁུར་དང་རྒྱ་ཆེའི་གཞོན་ནུས་བྱས་རྗེས་འཇོག་པར་རྒྱབ་སྐྱོར་བྱེད་དགོས། གུང་གཞོན་སྡེ་ཚོགས་ཀྱིས་ཏང་གིས་དཀྲིས་པའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། རྒྱ་ཆེའི་ཚོགས་མིར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གྲོས་ཚོཊ་གལ་ཆེན་ཞིག་གཙོ་སྐྱོང་གནང་བ། ཞི་ཅིན་ཕིང་གིས་དབུལ་སྐྱོར་སྐོར་ལ་གནང་བའི་ལེགས་བཤད་ཁག་བཅུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲའན་ཞི་རུ་རྟོག་ཞིབ་གནང་བར་རྒྱ་ཆེའི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ། ཞི་ཅིན་ཕིང་གིས་ཧྲའན་ཞི་རུ་མུ་མཐུད་རྟོག་ཞིབ་གནང་བ།