གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་དྲུག་གཅིག་བྱིས་པའི་དུས་ཆེན་ལ་འཚམས་འདྲི་ཞུས་པ།

སྤེལ་དུས་: 2020ལོ་06ཟླ་02ཚེས་ 10:03 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་གིས། རྒྱ་ཆེའི་ལོ་ཆུང་བྱིས་པ་ཚོར་སློབ་སྦྱོང་ལ་སྦྱང་བརྩོན་དང་། ཕུགས་བསམ་དད་སེམས་བརྟན་གཏོང་། དཀའ་སྤྱད་སྙིང་རུས་སྦྱོང་བརྡར། གཟུགས་གཞི་བདེ་ཐང་སྦྱོང་བརྡར་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱེད་དགོས་ཞེས་ནན་སྟོན་གནང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་ལོ་ཆུང་བྱིས་པ་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུས་གནང་ཡོད།

རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས། རྒྱལ་ཡོངས་མི་རིགས་ཁག་གི་ལོ་ཆུང་བྱིས་པ་ཚོར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད།

ཞི་ཅིན་ཕིང་གིས། ད་ཐེངས་རྒྱལ་ཡོངས་གོང་འོག་ཚང་མས་ཀུན་སེམས་གཅིག་སྒྲིལ་གྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་དམག་འཐབ་ཁྲོད། རྒྱ་ཆེའི་ལོ་ཆུང་བྱིས་པ་ཚོས་ཀྱང་དམིགས་བསལ་གྱི་དུས་སྐབས་ཤིག་བརྒྱུད་ཡོད། ཁོ་ཚོས་ཀྲུང་གོའི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་བྱེད་པའི་རླབས་ཆེའི་བྱ་སྤྱོད་མིག་མཐོང་ལག་ཟིན་ཐུབ་ཡོད་པ་མ་ཟད། ཏང་དང་སྲིད་གཞུང་གི་འབོད་སྐུལ་ལ་ཉན་པ་དང་། བྱ་སྤྱོད་ངོ་མའི་ཐོག་ནས་རིམས་ནད་བཀག་འགོག་བྱེད་པའི་དམག་འཐབ་ལ་རྒྱབ་སྐྱོར་བྱས་ཏེ། རང་རྒྱལ་གྱི་ལོ་ཆུང་བྱིས་པའི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱས་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། གཞོན་ནུ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན། དེང་རབས་ཀྲུང་གོའི་ལོ་ཆུང་བྱིས་པ་རྣམས་ནི་ལོ་བརྒྱ་ཐམ་པ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཐུབ་རྒྱུ་བརྒྱུད་མྱོང་མཁན་དང་བདེན་དཔང་བྱེད་མཁན་ཡིན་ལ། དེ་བས་ཀྱང་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་མཁན་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་མཁན་གྱི་སྟོབས་ཤུགས་གསར་པ་ཡང་ཡིན་པས། རྒྱ་ཆེའི་ལོ་ཆུང་བྱིས་པ་ཚོས་སློབ་སྦྱོང་ལ་སྦྱང་བརྩོན་དང་། ཕུགས་བསམ་དད་སེམས་བརྟན་གཏོང་། དཀའ་སྤྱད་སྙིང་རུས་སྦྱོང་བརྡར། གཟུགས་གཞི་བདེ་ཐང་སྦྱོང་བརྡར་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ཆེད་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱ་རྒྱུའི་ཐུགས་རེ་གནང་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་། སྤྱི་ཚོགས་ཡོངས་བཅས་ཀྱིས་ལོ་ཆུང་བྱིས་པ་ཚོར་ཐུགས་ཁུར་དང་གཅེས་སྐྱོང་བྱས་ནས། ཁོ་ཚོ་བདེ་ཐང་ངང་འཚར་ལོངས་ཐུབ་རྒྱུར་མཐུན་རྐྱེན་བཟང་པོ་བསྐྲུན་དགོས། གུང་གཞོན་སྡེ་ཚོགས་དང་། ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་ཕྲག་སྟེང་དུ་འཁུར་ཐུབ་པའི་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བྱ་རྒྱུར་དམིགས་པ་དང་། དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་པ། བསྒྱུར་བཅོས་གསར་གཏོད་ཟམ་མི་ཆད་པར་བྱེད་པ། ལས་དོན་ཧུར་ཐག་སྤེལ་བ་བཅས་ཀྱིས། ཏང་གི་ལོ་ཆུང་བྱིས་པའི་བྱ་གཞག་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད། །

 


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

རྒྱལ་ཡོངས་སྲིད་གྲོས་སྐབས ༡༣ པའི་གྲོས་ཚོཊ་ཐེངས ༣ པ་མཇུག་སྒྲིལ་བ། ཞི་ཅིན་ཕིང་ནས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འགོ་ཚུགས།